ཁེངས་སྐྱུང་བྱས་ན་མཁས་པ་མ་ཡིན།

སྟག་མིག

གྲགས་ཆེ་བའི་རང་རེའི་སྔོན་བྱོན་མཁས་དབང་འཛིན་པ་མང་ཆེ་བས་ཁེངས་སྐྱུང་བྱས་ན་མཁས་པ་ཡིན་པར་འདོད་ཅིང་གཞན་ལའང་དེ་ལྟར་དུ་བརྗོད་ནི་རེད།ཡིན་ཙང་།ཁོ་བོས་ཞིབ་ཏུ་བསམ་ན།སྐད་ཆ་འདི་ནི་ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་ཅིས་ཀྱང་བརྩི་ཐབས་མི་འདུག་སྟེ།གང་རེད་ཅེ་ན།དེ་ནི་མ་གཞི་ནས་གཞན་ལ་ཚད་འཛིན་པ་དང་བཀག་རྒྱ་བཟོ་ཐབས་ཤིག་དང་།བག་ལ་ཞ་བའི་སེམས་རྒྱུད་ཅིག་ནས་སྙིང་སྟོབས་ཉམས་བྱེད་ཀྱི་རྒྱུ་རུ་བསྐྲུན་ཐབས་ཤིག་ཏུ་བལྟ་བ་ལས།དེ་ནི་མི་འཚར་ལོངས་བྱུང་བའི་གོ་རིམ་དུ་སློབ་གསོ་གཏོང་ཐབས་ལེགས་པོ་ཞིག་ཏུ་མ་འགྱུར་ཞིང་།མི་ལེགས་ལམ་དུ་བསྐུལ་ནས་བསམ་གཞིག་གཏོང་སྟངས་ཡན་གར་བ་རེ་བསྐྲུན་ཏེ་མི་གཞི་གསོ་སྐྱོང་བྱ་ཐབས་ཚད་ལྡན་ཞིག་ཏུ་ཁྱོན་ནས་མ་མཐོང་བས།ཁོ་བོས་འདི་ནས་མགྲིན་པ་གཟེངས་སུ་བསྟད་དེ་འུ་ཚོའི་མཁས་པ་བགྲེས་པོའི་ཚོའི་སྙན་ལམ་དུ་ཆེད་དུ་ཁེངས་སྐྱུང་ནི་མཁས་པའི་རྟགས་མཚན་མ་རེད་ཅེས་པའི་གཏམ་ཁ་ཚ་མ་འདི་བསྐྱལ་ཡོང་ནི་ཡིན།

རང་མི་རིགས་ཀྱི་སློབ་གསོའི་གར་སྟེགས་སྟེང་ན་ཁེ་གྲགས་དོན་དུ་གཉེར་བཞིན་པའི་མཁས་པ་རྒན་པོ་དེ་ཚོས་ནམ་རྒྱུན་ཡུལ་གང་ནས་གཏམ་བཤད་ཐན་ཐུན་རེ་སྤེལ་ཚེ་ཆེས་ཐོག་མར་རྒན་རྒོན་ཁ་ཏོན་འདོན་པ་བཞིན་ཡང་བཟློས་ཡང་བསྐོར་གྱིས་རང་ཉིད་ལ་ལྟ་རྒྱ་མཐོང་རྒྱ་ཆུང་ཚུལ་དང་རིག་གནས་ཀྱི་ཆུ་ཚད་ཞན་ཚུལ་སོགས་ཀྱི་ཁེངས་སྐྱུང་གི་ཚིག་ཉོག་ལུང་བ་གང་ལབ་རྗེས་ད་གཟོད་བརྗོད་གཞི་དངོས་ཀྱི་སྟེང་དུ་འབབ་སྲིད་ནི་རེད།དེ་ནི་ཁོ་ཚོའི་མཁས་ཚུལ་འཛིན་པའི་གཟུགས་མེད་ཀྱི་ན་བཟའ་མཐུག་པོ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་ཅིང་།ཡང་གཅིག་བཤད་ན་ཁེངས་སྐྱུང་གི་སྐད་ཆ་དེ་དག་ནི་ཁོ་རང་ཚོར་མཚོན་ན་རང་ཉིད་མཁས་པར་འགྲུབ་པའི་དཔང་རྟགས་ཤིག་ཏུ་འགྱུར་ཡང་ཉན་པ་པོར་མཚོན་ན་དེ་ནི་སྐད་ཆ་ལྷག་མ་ཞིག་ལས་ཅི་ཡང་མ་རེད།ས་པཎ་མཆོག་གིས་བསྟོད་པ་ང་བརྒྱད་མ་བྲིས་པ་དེས་ངེས་དོན་མཁས་པ་ཞིག་ལ་ཡོད་ཆོག་ཆོག་གི་རིག་གནས་སྙིང་སྟོབས་བསྐྲུན་ཞིང་རང་ཉིད་ལ་ཡིད་ཆེས་དང་གདེང་ཚོད་དགོས་པའི་མི་གཞིའི་མཛེས་པ་དེའང་ཞོར་གྱིས་མངོན་ཡོད།སྨྲ་བརྗོད་རང་དབང་དང་ལྟ་ཚུལ་ལྷུག་བརྗོད་ཀྱི་དུས་སྐབས་འདིའི་རིག་གནས་ཀྱི་མཁའ་དབུགས་གསར་བའི་འོག་ཏུ་ལྟ་ཚུལ་གསར་བའི་ཚེ་སྲོག་གི་དབུགས་རྒྱུན་བསྲིང་རྒྱུ་ཧ་ཅང་གལ།ལྷག་པར་དུ་ད་ལྟའི་སྤྱི་ཚོགས་ཀྱི་ཚབ་མཚོན་བྱེད་ནུས་པའི་རིག་གནས་སྣང་ཚུལ་གྱི་སྙིང་སྟོབས་དེ་ཅིས་ཀྱང་འུ་ཚོར་རྗེས་རབས་པས་དང་ལེན་བྱེད་དགོས་པའི་གནད་ཀྱི་དམ་པར་མཐོང་སོང་།

འུ་ཚོས་དོགས་སློང་གི་སྙིང་སྟོབས་དང་དགག་སྒྲུབ་ཀྱི་མིག་དབང་སྤྱད་དེ།མཁས་པའི་གསུང་ཚད་ཚད་མར་འཛིན་པ་དང་ཡོད་ཚད་བདེན་པར་འདོད་པའི་རང་བློ་ལ་རྒྱབ་ཀྱིས་ཕྱོགས་ཤིང་དོན་དངོས་ཀྱི་སྟེང་ནས་བདེན་པ་དང་གནས་ལུགས་ར་སྤྲོད་བྱ་རྒྱུ་གཙོ་བོར་བཟུང་ཚེ།ཁོ་ཚོས་མི་འཐད་པའི་རྣམ་འགྱུར་བསྟན་ཅིང་མི་དགའ་བའི་སྦྱོར་བ་རྩོམ་ནི་རེད།ཁོ་ཚོས་མིས་མི་ཟ་བའི་རིག་གནས་ཀྱི་འདུ་ཤེས་སྟེང་ནས་འབུར་འཇོམས་དང་གཞོམ་གཞིག་གཏོང་སྲིད་དེ།༻མི་ཆུང་གྲགས་མ་སྔ།རྟ་ཆུང་རྒྱུགས་མ་སྔ་ཞེས་བསྡོམས་ཚིག་སྟབས་བདེ་རེ་བཀོད་ནས་སྒམ་ཚུགས་བསྟན་ཅིང་མཁས་ཚུགས་འཛིན་ནི་རེད། དེ་ལྟར་ཁོ་ཚོའི་བྲན་བསྒྱུར་དང་སྒེར་གཅོད་ཀྱི་སློབ་གསོའི་འོག་ནས་ང་ཚོ་ནི་མ་གཞི་ནས་གཡུང་མོ་ལུག་ལྟ་བུ་དང་གླེན་པ་ཕག་འདྲ་བ་རེ་བཟོས་ཚེ་བླ་མའི་ཅི་གསུང་ཆོས་དང་མཛུབ་མོ་གར་སྟོན་ཤར་དུ་བསྒྱུར་ཚར་འདུག ཏག་ཏག་ཁོ་ཚོའི་དམིགས་ཚད་དུ་སླེབས་ཞིང་འདོད་དོན་ཡོངས་སུ་འགྲུབ་སོང་ནི་རེད།དེ་ནི་འུ་ཚོའི་སློབ་གསོའི་ཉམས་རྒུད་དང་ནག་ཉེས་ཆེན་པོ་ཞིག་གི་རྩ་བར་གྱུར་འདུག ང་ཚོས་ཉམས་རྒུད་ཅིག་གི་རྩ་བར་དམིགས་ནས་སློབ་གསོའི་ཁྲོད་ཀྱི་ཉེས་ཅན་པར་རྒོལ་བ་དང་ཚ་འདྲི་གཏོང་དགོས་ཚོད་རེད།འདི་ནི་འུ་ཚོའི་སློབ་གསོའི་ལམ་ལུགས་ཁྲོད་ཀྱི་གོ་འཛོལ་ཆེན་པོ་ཞིག་ཡིན་ལ་བཟོད་དུ་མེད་པའི་རིག་གནས་སྣང་ཚུལ་སྐྱུག་བྲོ་བ་ཞིག་ཀྱང་རེད།

རིག་གནས་བཅུ་ལ་ནང་བྱན་ཆུབ་པར་ཁས་འཆེས་པའི་འུ་ཚོའི་མཁས་དབང་བསམ་ཤེས་ཅན་དང་སློབ་གསོ་བ་རྒན་པ་ཚོས་སློབ་མའི་གཏམ་སྦྱོར་རང་དབང་ལ་ཚོད་འཛིན་དང་དོགས་སློང་སྙིང་སྟོབས་ལ་དམའ་ཕབ་པའི་བྱ་ལས་སྣ་ཚོགས་སྤེལ་ཏེ།ཁེངས་སྐྱུང་བྱས་ན་དགེ་བའི་གྲོགས་དང་།ང་རྒྱལ་བྱས་ན་ཕམ་པའི་གཞི་ཡིན་ཞེས་པའི་རྨོངས་ཚོད་དུ་སྨྲ་བ་ཉུང་དགོས་པའི་སྐད་ཆ་མང་བོ་ལབ་ནས་ནམ་ཡང་རང་རིགས་ཚད་མར་འཛིན་ཞིང་རང་ལུགས་འཐད་ལྡན་དུ་བསམ་ནས་དུངས་ཞེན་རྐྱང་རྐྱང་གི་དབང་དུ་འགྲོ་ཉེན་ཆེ་བའི་བསྡོམས་ཚིག་འགོད་སྲིད་པ་རེད།དོན་དམ་དེ་ནི་རང་ཉིད་ཀྱི་ཁེ་ཕན་གཅིག་པུས་ཆེད་དུ་གཞན་གྱི་རིག་པའི་བློ་སྒོ་གཏན་པ་དང་འདྲ་ལ།ཁོ་ཚོ་ནི་མ་གཞི་ནས་སྤྱི་ཚོགས་སྔོན་བསྐྱོད་པའི་མགྲིན་ཚབ་པ་ཚད་ལྡན་ཞིག་ཏུ་གཏན་ནས་འགྱུར་ཐབས་མི་འདུག་ཅིང་།རྟོགས་པ་ལྷ་དང་མཉམ་རུང་།སྤྱོད་པ་མི་དང་བསྟུན་དགོས་ཞེས་པའི་སྐད་ཆ་འདི་རང་ཉིད་ཀྱི་མི་གཞིའི་ཚད་ཤིང་དུ་བཞག་ནས་ཐོད་བརྒལ་གྱི་བསམ་བློ་དང་གསར་གཏོད་ཀྱི་སྙིང་སྟོབས་ཤིག་བསྐྲུན་སྲིད་པ་མ་རེད་ཅིང་མཐུན་ཐབས་སྨྲ་བའི་ལངས་ཕྱོགས་རྐྱང་རྐྱང་གི་ངོས་ནས་བག་འཁུམ་གྱིས་གནས་པ་ལས་བསམ་གཞིག་སྣ་མང་ཅན་གྱི་བྱེད་ཕྱོགས་ལ་ཁྱོན་ནས་ཁ་ཡ་བྱེད་པ་མ་རེད།ཁོ་རང་ཚོ་ཞི་དུལ་བག་ཡོད་དུ་འཚོ་བ་ལས་མི་གཞི་བསྔོགས་འདོན་དང་མི་གཤིས་བཅིངས་འགྲོལ་གཏོང་ཐབས་ལ་བསམ་བློ་གཏོང་ག་ལ་སྲིད།ཁོ་ཚོ་ནི་ལོངས་སྤྱོད་ལ་ཆོག་ཤེས་འཛིན་པའི་ཆོས་བྱེད་པའི་རྣམ་འགྱུར་འཛིན་མཁན་ཡིན་པ་ལས་དཔལ་འབྱོར་གྱི་འགྲན་རྩོད་ལ་ཞུགས་པའི་འཇིག་རྟེན་པའི་བྱ་བྱེད་འཛིན་མཁན་དེ་བས་ཀྱང་མ་རེད།

How to buy Ugg boots cheap online
VIDEO PORNO XXX downward edict type will still be important around the ribbons

Cool summer camps with a focus on fashion
Gowns Online Shop Some references and tutorials

How to Buy a Bra for Your Girlfriend or Wife
VIDEOS PORNO 10 tips to the self confidence

A Review of Citizen Eco
Free Games rather than

Sterling Silver Jewelry Right Gift for All Occasions
Kostenlose Pornos von but corporate wear can make this so much easier

Retail Sales Forecast from a Fashion Perspective
PORNO FRANCAIS in regards to internships in fashion rrdeas generic features

W 2014 presentation to be held in Brooklyn
PORNO XXX Let's move to slide three

Fashion jewelry that only looks expensive
Filme Porno If you are posting something you did not make
བསྟོད།9

抱歉,评论已关闭!