ནག་ཉེས་འདི་དག་སུ་ཡིས་བཟོས་པ་རེད་དམ།

རྫས་ལུང་ཚེ་དར།

སློབ་གསོའི་སྐོར་གྱི་ཟིན་ཐོ་ཤྭ་བོ་རྭ་བཅུ།
དང་པོ།
རྫོང་ཁག་ཀ་བའི་ལོ་མཇུག་གི་སློབ་གསོ་བྱ་བའི་ཕྱོགས་སྡོམ་སྐབས།སློབ་གྲྭ་སོ་སོས་རང་གི་རྒྱུ་འབྲས་ལྡན་པའི་རྒྱུགས་འབྲས་དྲོན་མོ་རེ་ཡར་སྤྲོད་བྱས་ཤིང༌།རང་གི་རྣམ་པར་དག་པའི་གྲུབ་འབྲས་ལ་ཡིད་ཚིམ་པར་བསྡད།འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ།སློབ་གྲྭ་འགའ་རེས་ངལ་རྩོལ་རྫུན་མ་ལ་འབྲས་བུ་རྫུན་མའི་དར་ལུང་རིང་བོ་རེ་བཏགས་ཏེ་ཡར་སྤྲོད་བྱས་པས་མཐར་སློབ་གསོའི་རྒྱུ་སྤུས་སྔོན་ཐོན་ཅན་གྱི་བྱ་དགའ་དེ་སློབ་གྲྭ་དེ་ལ་ཐོབ་པ་རེད། གནས་ཚུལ་དེ་འདྲ་ཐོས་རྗེས་སློབ་གྲྭ་སོ་སོ་དང་དགེ་རྒན་སོ་སོས་སློབ་གསོའི་རྒྱུགས་འབྲས་ནི་སྐར་གྲངས་ཀྱིས་མཚོན་ཞིང༌།སྐར་གྲངས་ཚང་མ་རྫུན་བཟོ་ཡིས་མཚོན་པའི་གླེང་ཕྱོགས་མང་པོ་ཞིག་བསླང་ཞིང༌།དྲི་མེད་དྭངས་གཙང་གི་སློབ་གསོའི་མཁའ་དབུགས་དེར་འབག་བཙོག་ཆེན་པོ་ཞིག་བཟོས་སོང་བ་རེད།

གཉིས་པ།
སློབ་གྲྭ་ཁ་བའི་དགེ་རྒན་ཚོས་ཕྱི་དྲོའི་ལས་ཞུགས་ཀྱི་འགོ་བརྩམ་ཚེ།རང་གིས་སྔ་དྲོར་ཇི་འདྲའི་ལས་འགན་ཆེན་པོ་ཞིག་འགྲུབ་སོང་བའི་རྣམ་འགྱུར་གྱིས་ཕྱི་དྲོའི་དུས་ཚོད་ཚང་མ་རྒྱན་འཇོག་ཤོ་རྒྱག་ལ་བྲེལ་ཞིང༌།རང་ལ་སློབ་ཁྲིད་རེ་ཡོད་ཀྱང་“ཁོམ་འདུག་པའི་”དགེ་རྒན་གཞན་པ་རེར་བཅོལ་གདམ་བྱེད་པའམ་ཡང་ན་གཏན་ནས་མཉམ་འཇོག་མི་བྱེད། དེ་ལྟར་སློབ་གྲྭ་དང་གཞུང་སྒྲུབ་ཁང་དེ་མདོ་མེད་རོལ་རྩེད་ཁང་ལྟ་བུ་ཞིག་ཏུ་བཏང་བས་སེམས་ཤུགས་དང་དུངས་ཞེན་ལྕི་བའི་དགེ་རྒན་“གསོན་པོ”་མང་པོ་ཞིག་རྨས་འགྲོ་བ་རེད།
གསུམ་པ།
སློབ་གྲྭ་ག་བའི་སློབ་གཙོ་ཆང་རྐྱལ་དེར་ཉིན་རྒྱུན་ཆང་འཐུང་དགོས་བའི་“བྱ་བ”་རླབས་ཆེན་ཞིག་ཡོད་ལ།ད་དུང་ཆང་ཤེད་བཟང་བའི་དགེ་རྒན་འགའ་རེས་རླབས་ཆེན་གྱི་བྱ་བཞག་དེ་བསྒྲུབ་རོགས་བྱེད་དགོས།དེ་ལྟར་བྱས་ན་ད་གཟོད་དགེ་རྒན་དེ་དག་ནི་ཁོའི་ཐུགས་སྲས་ཡིན་ལ།སློབ་གྲྭའི་དཀོར་ཟས་སམ་སློབ་མའི་ཟ་སྐལ་གྱིས་གསོས་པའི་འཆལ་བོ་དེ་དག་ལ་ལོ་མཇུག་གི་བྱ་དགའ་དང་ཁེ་སྤོགས་སོགས་ལའང་འདང་རྒྱག་ཅི་ཡང་མེད་པ་རེད། དེ་བཞིན་ཇག་པ་རྐུན་ལ་ལམ་ནས་མཐུན་པས་ཇག་དང་རྐུན་ལ་མ་བྱང་བའི་དགེ་རྒན་“གླེན་པ”་འགའ་རེས་ངོ་མ་གླེན་པའི་ཕམ་ཁ་ཁུར་འགྲོ་བ་རེད།
བཞི་བ།
ལོ་ཞིག་རྫོང་ཁག་ང་བའི་རྒྱ་ཡིག་གཙོ་བོ་ཡིན་པའི་སློབ་གྲྭ་ཞིག་གིས་བསམ་འཆར་བསྡུ་ལེན་གྱིས་ཁྱོད་ཚོས་བོད་ཡིག་ཁྲིད་འདོད་དམ་ཞེས་པར་ཚང་མས་མགྲིན་གཅིག་ཏུ་“དེ་ནི་རང་གི་འགན་ཁུར་ཇེ་ཡང་དུ་བཏང་བ་ཡིན་པས།ང་ཚོར་བསླབ་ཚན་གཅིག་ཁྲིད་པའི་ཁུར་པོ་ཡང་དུ་བཏང་ན་དགའ་བ་ལ་”ཞེས་བོད་ཡིག་གི་སློབ་ཁྲིད་དེ་མཁོ་མེད་དུ་བཏང་བ་རེད།དེ་ལྟར་སྤྱིར་ན་ཉག་ཕྲ་བའི་བོད་ཡིག་གི་ཚེ་སྲོག་གཉོམ་པོ་དེ་ཐགས་སེ་བཅད་པ་རེད།
ལྔ་བ།
རྫོང་ཁག་ཅ་བའི་ལོ་མཇུག་གི་སློབ་ཆུང་མཐར་ཕྱིན་རྒྱུགས་ལེན་སྐབས་རྫོང་ཡོངས་སུ་རྒྱ་ཡིག་གི་རྒྱུགས་འཕྲོད་མཁན་ལྔ་ལས་མེད་པས།དེའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱུགས་ལེན་ལས་བྱེད་མི་སྣ་ཚོར་སྐྱོན་འཛུགས་བྱེད་བཞིན་“དེ་ག་ལ་ཆོགའདི་ལྟར་བྱས་ན་འགན་བབས་དམིགས་འབེན་དུ་མི་ཞོག་པས་ངེས་པར་དུ་སྐར་གྲངས་སྣོན་དགོས་”ཞེས་རྒྱུགས་འཕྲོད་པའི་མི་གྲངས་བཅུ་ཕྲག་ལ་འཕེལ་ཞིང་དེ་དང་དེ་བསྟུན་དུ་བསྣོག་རྒྱག་པའི་མི་གྲངས་ཀྱང་ལྡབ་འགྱུར་གྱིས་འཕེལ་སོང་བ་རེད།
དྲུག་པ།
སློབ་གྲྭ་ཆ་བའི་དགེ་རྒན་ཚེ་རིང་གིས་ཉིན་ཞིག་སློབ་མ་ཞིག་གིས་ལས་བྱ་མ་བྲིས་པས་ཁོས་དགེ་སློབ་ཚང་མ་འཚོགས་ས་ནས་སློབ་མ་དེ་གཅེར་བུར་ཕུད་དེ་གཅར་རྡུང་བྱས་པས།སློབ་མ་དེ་ཧ་ཅང་ངོ་ཚ་ནས་སྨྲེ་ངག་ཆེན་པོ་བཏབ་ཅིང་ཉིན་དེ་ནས་བཟུང་སློབ་གྲྭ་དེ་ནས་སློབ་མ་དེའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར་ཅིང༌། སློབ་མ་དེའི་ཤེས་རིག་གི་སློབ་གླིང་འགྲིམ་པའི་མདུན་ལམ་དེ་དུས་གཏན་དུ་བཀག་སོང་བ་རེད།
བདུན་པ།
སློབ་གྲྭ་ཇ་བ་ཚང་གི་དགེ་རྒན་འབྱོར་ལྡན་ནི་ངོ་མ་འབྱོར་ལྡན་ཞིག་ཡིན་ཏེ། འགྲོ་སྤྱད་རླངས་འཁོར་དང་ཟ་རྒྱུ་ཤ་ཆང་ཡིན་ལ།གོན་རྒྱུ་ཚོང་རྟགས་ཅན་སོགས་ཡིན་པ་རེད།དེ་བས་དུས་ཀུན་ཁོ་རང་རྒྱས་སྤྲས་བག་མེད་ཀྱིས་ཉི་མ་གཏོང་ཞིང་དེས་ཞོར་དུ་དགེ་གྲོགས་ཚོར་མཐོང་ཆུང་སྣང་ཆུང་བྱེད་ཅིང་ལྷག་པར་དུ་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ཡང་མཐོང་ཆུང་གི་ལྟ་ཚུལ་འཛིན་པ་རེད། ཁོ་དང་འདྲ་བའི་དགེ་རྒན་འགའ་རེ་ཞིག་གིས་འགྲན་རྩོད་ཀྱི་རྣམ་པས་རྒྱས་སྤྲས་བྱས་པས།སློབ་མ་ཚོའི་རྒྱུད་ལའང་ཤོམ་རྒྱག་པ་དང་ལབ་རྒྱག་པའི་གཉུག་མའི་ཀུན་སྤྱོད་ཅིག་གི་དཔེ་གསོན་པོ་ཞིག་སྟོན་བཞིན་ཡོད་པ་རེད།
བརྒྱད་པ།
སློབ་གྲྭ་ཉ་བ་ཚང་གི་དགེ་རྒན་ཁོམ་མེད་ནི་དུས་ཀུན་རང་གི་ཁྱིམ་ཚང་གི་འཁོར་བར་མགོ་འཁོར་ཏེ་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་མགོ་ན་ཞིང་ལོགས་སུ་གཡུག་མཁན་ཞིག་ཡིན་འདུགད་དུང་ཁྱིམ་དོན་གྱི་དགའ་སྡུག་དག་ཁྱེར་ནས་སློབ་མ་ཚོའི་སྟེང་ལ་ཁོང་ཁྲོ་འཕོ་བ་རེད།ཁོས་དུས་ཀུན་སློབ་མ་ཚོའི་གསེར་ལས་ལྷག་པའི་དུས་ཚོད་ཆུད་ཟོས་སུ་གཏོང་ཞིང་ཁོའི་སྣང་ངོར་ཁོ་ལས་གཞན་པར་ཁྱིམ་ཚང་མེད་ཅིང་གཞུང་གི་དུས་ཚོད་དེ་རང་སྒེར་ལ་བཀོད་སྒྲིག་བྱས་པར་འདོད་པ་རེད།
དགུ་བ།
སློབ་གྲྭ་ཏ་བའི་དགེ་རྒན་རྩོམ་མཁན་པ་དེས་ཉིན་རྒྱུན་ཁ་ནས་སྐད་ཆ་བརྗིད་པོ་རེ་བཤད་བཞིན་ཆང་དང་བུད་མེད་ཀྱིས་ཉིན་མཚན་དུས་དྲུག་མདའ་བར་བྱེད་ཅིང༌།སློབ་ཁང་དང་སློབ་མའི་སྣ་ལམ་དུ་ཆང་དྲིའི་དུག་མཚོ་བསྐྱིལ་ཞིང་སློབ་མ་ཚོའི་ཕུགས་བསམ་དུ་ཆང་འཐུང་སྨྱོན་པ་ཞིག་གི་དཔེ་གཞི་ཞིག་བསྐྲུན་སོང་ལ།ཁོ་རང་དཔེ་ཀློག་ལ་ཅུང་དགའ་བར་བཤད་ཀྱང་སྨན་ཡིག་ཙམ་ཀློག་པ་ཙམ་གྱིས་ནད་པར་ཕན་ཅི་ཡང་མི་ཐོགས་པ་བཞིན་སློབ་ཕྲུག་ཚོའི་རིག་པའི་ཞིང་ས་ལ་ནམ་ཡང་ཐན་པས་གཙེས་ཤིང་ཡོད་པ་རེད།
བཅུ་བ།
སློབ་གྲྭ་ཐ་བའི་དགེ་རྒན་ཆེན་མོ་ཞིག་གིས་ཁུག་རྟ་ཞེས་པ་ནི་ལུང་ཁུག་ཅིག་ན་རྟ་ཞིག་བཏགས་ཡོད་པ་ལ་ཟེར་ཞེས་སློབ་ཁྲིད་གནང་ཞིང༌། དཔྱད་རྩོམ་དང་བྱ་བའི་ཕྱོགས་སྡོམ། ཐ་ན་སློབ་མའི་ལས་བྱ་ཞུ་དག་ནའང་ནོར་སྐྱོན་ལྡུམ་བུ་འཐུ་འཐུ་བྱེད་རྒྱུ་ཡོད་པར་གྲགས་པས།ཁོས་སྐྱོང་བཞིན་པའི་སློབ་མ་ཚོ་ནི་བལྟས་བལྟས་རིག་རིག་ལ་གཡང་གཟར་དུ་འཕེན་བཞིན་ཡོད་པ་རེད།
མཇུག་ཏུ་བསྙད་པ་བསེ་རུ་རྭ་གཅིག
སྤྱིར་རྒྱལ་ཁབ་དང་མི་རིགས་ཤིག་སྟོབས་འབྱོར་ལྡན་མིན་ནི་གང་དེའི་མི་རེའི་ཡོང་སྒོ་ཆེ་མིན་དང་མཁར་རྫོང་བརྟན་མིན་དེ་མ་ཡིན་པར། ཁོ་ཚོ་མི་རེས་སློབ་གསོ་མྱོང་བའི་སྤུས་ཚད་ལ་རག་ལས་པར་བཤད་ཀྱང༌།ང་ཚོའི་སློབ་གསོའི་སྟེགས་བུ་ཆེན་པོ་འདིའི་སྟེང་ན་མི་རིགས་ཀྱི་མར་མེ་ཚེ་འབར་དང་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བསྐྲུན་མཁན་པོ་ཞེས་པའི་མིང་བརྗིད་པོ་དེ་འཁུར་མཁན་དག་གིས་ཇི་ལྟར་རླབས་ཆེ་མདོག་གིས་ཉམ་ཆུང་སློབ་མ་ཚོའི་སྔོན་དུ་འགྱིང་ནས་ཡོད་ཅིང༌།དོན་དུ་ང་ཚོ་ནི་མི་རིགས་དང་ལོ་རྒྱུས་ཀྱི་ཉེས་ཅན་ཡིན་འདུག་སྟེ།ཁོ་ཚོས་དྲི་མེད་དྭངས་གཙང་གི་སློབ་ཕྲུག་ཚོའི་མི་ཚེའི་ཕུགས་མདུན་ལོག་ལམ་དུ་དེད་ཅིང་མི་གཤིས་ཀུན་སྤྱོད་དང་རིགས་ཞེན་གྱི་འདུ་ཤེས་རྨང་ནས་ཟད་པའི་མི་རབས་ཤིག་བསྐྱེད་བསྲིང་བྱས་སོང་བས། ནམ་ཞིག་མིའི་རིགས་ཀྱི་རྟོགས་པའི་ཡང་རྩལ་མཁའ་རུ་འཕགས་ཚེ་མི་རིགས་ཀྱི་ལས་དབང་རྩྭ་བཞིན་དོར་ཞིང་རིག་གནས་རྐང་འཛིན་གྱི་བྱ་བཞག་གྲོག་རོང་དུ་འཕེན་པའི་འགན་འཁྲིས་དབུལ་བའི་གཏེ་བོ་ང་ཚོའི་གདོང་འབག་བཤུ་ངེས་ཤིང་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་འཐབ་རྩོད་ཀྱང་ཡོད་པར་ངེས།དེས་ན།ད་ལྟ་བྱུང་དང་འབྱུང་བཞིན་པའི་བླ་སྒུལ་བླ་འཚོང་གི་སྐྱུག་བྲོ་བའི་ནག་ཉེས་འདི་དག་སུ་ཡིས་བཟོས་པ་ཡིན་ནམ། སྨྱོས་སོང་བ་རེད་དམ་བཟི་སོང་བ་རེད།རང་ཉིད་ལན་པ་རེད་དམ་ཁོར་ཡུག་ལན་པ་རེད། ཡང་ན་བཞུགས་ཁྲིའི་སྟེང་གི་རྒྱུ་འབྲས་བློ་མིག་ལྡོང་ཞིང་བློ་གྲོས་རྩལ་གྱིས་དབུལ་བའི་བུམ་པ་ལྟ་བུའི་མི་ཕོ་དག་ལན་པ་རེད།ལུག་ལྷས་ལ་རྩྭ་སྐྱེས་ཤིང་ནོར་ལྷས་ལ་ཤྭ་མོ་སྐྱེས་པ་འདི་རྫི་བོ་ལན་པས་རེད་དམ་སྤྱང་ཀི་ལན་པས་རེད། ཡང་ན་་་་་་་་་་་་་་

Latest Trends in Ultra Thin High Heel Shoes
PORNO With fashion ads in leading magazines selling at

How to Draw Fashion Clothes
Prom Dresses tendencies in fashion associated with the teenagers

Romancing Philippine Women With Classy Love Letter
VIDEOS PORNO When the show goes to the beauty pageant angle

The Popular Mother of the Bride Dresses
Free Games skirts for girls at a specific length

top fashion trends for spring 2011
pornos Aarn starts playing a video game on his phone

Naked with Grey Flowing Hair her New Look
Porno pour femme Once the shirt is on

How to Choose the Perfect Handbag
free porno for prices that are a fraction of the fashion design labels

A Window into the Personality of a Person
Darmowe Porno For very formal evening events
བསྟོད།7

抱歉,评论已关闭!