དོན་འགྲུབ་རྒྱལ་ལ་ཧང་སངས་དགོས་དོན་མི་འདུག

ཐོག་མདའ།

བོད་ཀྱི་ལོ་རྒྱུས་ནི་ལྷ་དང་འདྲེ་ཡི་དབང་བསྒྱུར་བའི་ལོ་རྒྱུས་ཤིག་རེད།བོད་མྱི་རེ་རེའི་སྙིང་སྟོབས་དང་རིག་གནས་ཀྱི་ལས་འགུལ་རེ་རེ་ནི་ལྷ་དང་འདྲེ་ཡི་སོ་མཚམས་རེ་རེ་རེད།དེ་བས།དོན་འགྲུབ་རྒྱལ་ཡང་འདྲེ་ནས་ལྷ་རུ་གྱུར་སོང་བ་རེད།འདྲེ་ནས་ལྷ་རུ་གྱུར་བའི་གོ་རིམ་དེ་ནི་རྩོམ་རིག་ལ་དགའ་འོ་བྱེད་མཁན་ཞིག་ཡིན་ན་ཕལ་ཆེར་རྟོགས་ཡོང་ཚོད་རེད།དེའང་དོན་འགྲུབ་རྒྱལ་ལྷ་ཡིན་པས་མིན་ལ་འདྲེ་ཡིན་པས་ཀྱང་མ་རེད།དེ་ནི་ཁོང་ཉིད་རྩོམ་རིག་ལ་དགའ་འོ་བྱེད་མཁན་ཞིག་ཡིན་པས་རེད་ལ།དགའ་ནས་ཀྱང་དུས་རྒྱུན་འབད་པ་ཧུར་ཐག་བྱས་ཏེ་རྩོམ་རིག་གི་གཤིན་ས་ནས་མི་བུ་ཡན་གར་བ་ཞིག་གི་གཉུག་གཤིས་ལྡན་པས་ཀྱང་རེད།
དོན་འགྲུབ་རྒྱལ་ལ་འདྲེ་ཡི་མྱིང་ཐོགས་པའི་ལོ་རབས་བརྒྱད་ཅུ་བར་མཚོན་ན།དོན་འགྲུབ་རྒྱལ་ལ་འདྲེ་མྱིང་ལས་ལྷ་མྱིང་འབོད་མཁན་མེད་ལ།དུས་རབས་ཉེར་གཅིག་པའི་ཉིན་མོ་འདི་གར་དོན་འགྲུབ་རྒྱལ་ལ་ལྷ་མྱིང་ལས་འདྲེ་མྱིང་འབོད་མཁན་མེད་པ་དེ་ནི་ཧ་ཅང་སྐྱོ་བོ་ཞིག་རེད།ཞིབ་ཏུ་བསམ་ན་དེའང་དོན་འགྲུབ་རྒྱལ་གྱི་ངེས་དོན་གྱི་རིན་ཐང་མ་རྙེད་པར་དོགས་པ་ཤིན་ཏུ་ནས་ཆེ་བོ་འདུག།ང་ཚོའི་རིག་གནས་པའི་སྡེ་ནི་འུར་འདྲོགས་དང་ཟེར་སྒྲོས་ལ་གོམས་པ་ཆེ་དྲགས་པས།རང་ཉིད་ཀྱི་རིག་པ་ཕྲ་མོའི་ཀླད་རྩེ་གཤིབ་སྟེ་དཔྱོད་ཤེས་ཀྱི་སྐྱེས་བུ་སྒེར་གྱི་ལྟ་གྲུབ་བཟུང་སྟེ་དོན་འགྲུབ་རྒྱལ་གྱི་ངེས་དོན་གྱི་རིན་ཐང་འཚོལ་སྙེག་བྱེད་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པར་འདོད།ལྷག་ཏུ་དེང་སང་དོན་འགྲུབ་རྒྱལ་གྱི་སྐོར་ལ་ཞིབ་འཇུག་བྱེད་པའི་གནས་བབ་ལ་ཞིབ་ཏུ་གསན་ན།དོན་འགྲུབ་རྒྱལ་ལ་ལྷ་མྱིང་ལས་འདྲེ་མྱིང་མེད་མདོག་དང་།དོན་འགྲུབ་རྒྱལ་ལ་བཟང་ལས་སྐྱོན་མེད་མདོག་གིས་དགའ་ཁ་འཁྱེར་ཕྱོགས་ཀྱི་ཞིབ་འཇུག་བྱེད་སྟངས་དེ་ནི་དོན་འགྲུབ་རྒྱལ་ཁྱབ་བསྒྲགས་ཙམ་ལས་གང་ཡང་འཁྱོངས་ཀྱིན་མི་འདུག་སྙམ།ཡང་གཅིག་བཤད་ན།དོན་འགྲུབ་ལ་ལྷ་མྱིང་བཏགས་ཤིང་གདན་ཁྲི་མཐོན་པོ་བརྩིག་ན་འདོད་གི་ཡོད་གི

ང་ཚོས་དོན་འགྲུབ་རྒྱལ་གྱི་མི་ཚེ་ལ་ཕྱིར་རྟོག་བྱེད་དགོས་པའི་གནད་ཀ་གཙོ་བོ་ནི་རྩོམ་རིག་གི་ཁྱབ་ཁོངས་ལས་བྱུང་བ་ཞིག་རེད།དོན་འགྲུབ་རྒྱལ་གྱིས་རང་ཉིད་ཀྱི་མི་ཚེ་རྩོམ་རིག་གི་ལམ་ཁ་ནས་ལངས་ཞོར་འགྱེལ་ཞོར་ཏུ་ཀྱ་ཙེ་གོམ་ཙེ་བྱས་སྟབས།ང་ཚོས་དོན་འགྲུབ་རྒྱལ་དུར་ཁང་ནས་གཉིད་སྐྱིད་པོ་ཞིག་ཡོང་དུ་མི་འཇུག་པ་རེད།འོ་ན།དོན་འགྲུབ་རྒྱལ་གྱི་རིན་ཐང་ལ་སླར་ཡང་ཚད་འཇལ་བྱེད་དགོས་ན།རྩོམ་རིག་ཅེས་པའི་ཁྱབ་ཁོངས་ནས་ཚད་འཇལ་བྱེད་པ་ལས་མཐོང་སྣེ་གཞན་ནས་ཚད་འཇལ་གྱ་ནོམ་པ་ཞིག་ཁག་པོ་རེད།དོན་འགྲུབ་རྒྱལ་ལ་རྩོམ་རིག་གི་ཁྱབ་ཁོངས་ནས་ཚད་འཇལ་བྱས་ན།དོན་འགྲུབ་རྒྱལ་ནི་རྩོམ་ལུས་སྣ་མང་གི་བྱེད་པོ་ཞིག་རེད་པས།རྩོམ་ཡིག་ཁར་ཁེར་ཞིག་གིས་དོན་འགྲུབ་རྒྱལ་གྱི་ངེས་དོན་གྱི་རིན་ཐང་སྔོག་རྒྱུ་ཧ་ཅང་དཀའ་གནད་ཅིག་རེད།ཡང་ན།དོན་འགྲུབ་རྒྱལ་ལ་རྩོམ་རིག་ཁྲོད་དུ་གཏན་ཚིགས་རང་བཞིན་གྱི་ཚུགས་ཐུབ་ཀྱི་ལྟ་བ་ཞིག་མི་འདུག་པའི་དཀའ་གནད་ཅིག་རེད།དེ་ནི་སྤྱི་ཚོགས་ཤིག་དང་འབྲེལ་བ་ཏན་ཏན་ཡོད་སྲིད་མོད་ཀྱང་།འདི་ཡིས་དངོས་ཡོད་ཀྱི་དོན་འགྲུབ་རྒྱལ་དང་འུ་ཅག་གིས་གླེང་བཞིན་པའི་དོན་འགྲུབ་རྒྱལ་གྱི་ནང་སྙིང་རིག་ཐུབ་པ་ཞིག་རེད།ང་ཚོས་དོན་འགྲུབ་རྒྱལ་གྱི་རིན་ཐང་ལ་ཕྱིར་རྟོག་བྱེད་པ་ནི་དོན་འགྲུབ་རྒྱལ་གྱི་རྒྱུ་འབྲས་བློ་མིག་དང་ངེས་དོན་གྱི་རིན་ཐང་འཚོལ་བ་ལས།དོན་འགྲུབ་རྒྱལ་ལ་གདན་ཁྲི་མཐོན་པོ་དང་ལྷ་མིང་ཨ་ཚ་མ་ཞིག་འདོགས་དགོས་པ་དེ་མ་ཡིན་ནོ།།

དོན་འགྲུབ་རྒྱལ་གྱི་རྩོམ་རིག་གི་གདན་མཐུག་ས་ནི་བརྩམས་སྒྲུང་དང་ལྷུག་རྩོམ།རང་མོས་སྙན་ངག་སོགས་རེད།དེ་དག་ལས་རེ་རེ་བཞིན་བོད་སྤྱི་ཚོགས་སུ་ཅུང་ཚ་རླབས་རྒྱས་པའམ་འུར་ཟིང་དུ་གྱུར་བའི་བརྩམས་ཆོས་འགའ་ཐུན་མོང་དུ་བཞག་ན།བརྩམས་སྒྲུང<<སྤྲུལ་སྐུ>>དང་ལྷུག་རྩོམ<<རྐང་ལམ་ཕྲ་མོ>>།རང་མོས་སྙན་ངག<<ལང་ཚོའི་རྦབ་ཆུ>>སོགས་རེད།འོ་ན་ད་དུང་བྱེ་བྲག་ཏུ་བབ་སྟེ་འདི་དག་རེ་རེ་བཞིན་ཕར་སྔོག་ཚར་སྔོག་བྱས་ན།༼གཅིག༽བརྩམས་སྒྲུང་སྤྲུལ་སྐུ་ནི་བོད་ཀྱི་སྐྱ་ཆད་སྔོ་སྡུག་གི་མི་དམངས་ལ་སྤྲུལ་སྐུ་རྫུན་མ་རེ་ཟུང་གིས་མགོ་སྐོར་དང་ལྐོག་གཡོ།བསླུ་བྲིད་བྱས་པའི་གནད་དོན་ལྦུ་བསོག་ལྟ་བུ་ཞིག་བཤད་པ་ལས།སྤྲུལ་སྐུ་དང་སྤྲུལ་སྐུ་སོགས་ཀྱིས་སྨྱོ་གར་དང་བྲན་གཡོག་ལྟ་བུའི་རིག་གནས་ཀྱི་སྙིགས་རོ་དེ་དག་ལ་ངེས་པ་དོན་གྱིས་གཏར་ག་ཚ་ཐག་ཆོད་པ་ཞིག་བྱས་མི་འདུགཡང་གཅིག་བཤད་ན་གུང་ཐང་བསྟན་པའི་སྒྲོན་མེ་ལགས་ཀྱི་<<ཡང་སྤྲུལ་དེ་ཉིད་གསལ་བཤད>>ལ་ལད་ཟློས་ཙམ་ལས།དེ་ལས་འདའ་འགོངས་བྱས་མི་འདུག་གོ༼གཉིས།༽ལྷུག་རྩོམ་རྐང་ལམ་ཕྲ་མོ་ཡི་བརྗོད་བྱའི་བསྟན་དོན་ནི་རིག་གནས་གསར་རྙིང་གཉིས་ཀྱི་འགལ་འདུའི་ཁྲོད་ནས་རིག་གནས་གསར་བའམ་གཞུང་ལམ་དུ་བགྲོད་དགོས་པའི་སྐད་ཆ་ཡི་གེར་གཏགས་ནའང་།དོན་གྱིས་ཡི་གེ་རེ་རེའི་ནང་དོན་ཉམས་སུ་མྱོང་སྟེ་བརྩམས་ཆོས་དེའི་མགོ་མཇུག་བར་གསུམ་ལ་གཟབ་ནན་གྱི་རིག་པ་ཅུང་བསྒྲིམས་ན།རིག་གནས་གསར་བའམ་གཞུང་ལམ་དུ་བགྲོད་པ་ཕར་ཞོག་ཐ་ན་རིག་གནས་རྙིང་བའམ་རྐང་ལམ་ལས་འདའ་འགོངས་བྱེད་ཐུབ་ཀྱིན་མི་འདུག་སྙམ།༼གསུམ།༽རང་མོས་སྙན་ངག་ལང་ཚོའི་རྦབ་ཆུ་ནི་ལོ་རབས་བརྒྱད་ཅུ་ནས་ད་བར་དུ་ང་ཚོས་གདངས་ལ་གྱེར་ཏེ་ཡི་གེ་དང་བརྡ་རྟགས་ཅུང་ཙམ་ཡོད་མཁན་ཞིག་ན།ཁ་ལ་བྱང་ཞིང་རྣ་ལ་གཞག་པར་བྱས་ནས་ཡོད་པ་རེད།དེ་བས།དེང་རབས་ཀྱི་དོན་འགྲུབ་རྒྱལ་ལ་ངོས་འཛིན་བྱེད་པའི་མཐོང་སྣེ་གར་ས་གར་ན།རང་མོས་སྙན་ངག་ལང་ཚོའི་རྦབ་ཆུ་བྲིས་པའི་རྐྱེན་གྱིས་སྙན་ངག་གསར་བའི་སྲོལ་འབྱེད་པར་འབོད་ཀྱིན་ཡོད་པ་རེད།དོན་གྱིས་དེ་ལྟར་གོ་བ་དང་བསམ་གཞིགས་བྱས་ན་ཆོག་མོད།ཡིན་ཡང་།མཐོང་སྣེ་གཞན་ཞིག་ནས་ལང་ཚོའི་རྦབ་ཆུ་ལ་ལག་བསྙོབས་བྱས་ན།སེར་ག་དང་སྲིབ་ག་མེད་པ་ཞིག་རྦད་དེ་མ་རེད།(ལོ་རབས་བརྒྱད་ཅུ་བའི་ནང་དུ་ལང་ཚོའི་རྦབ་ཆུ་ལའང་ལང་ཚོའི་རྦབ་ཆུ་ཡི་རིན་ཐང་ཞིག་ཡོད་ངེས་རེད།)ལང་ཚོའི་རྦབ་ཆུ་ནི་སྤྱི་ངོས་ནས་ཁ་འབོད་ཙམ་དང་འུར་སྒྲོག་ཙམ་རེད།ད་དུང་ནང་དུ་འཛུལ་ཏེ་བལྟས་ན།དོན་འགྲུབ་རྒྱལ་གྱི་ནང་སེམས་ཀྱི་ལྟ་བའི་འགལ་འདུ་ཞིག་ཀྱང་མངོན་ཐུབ་པ་ཞིག་རེད།ཡང་ན་དོན་འགྲུབ་རྒྱལ་གྱི་ལྟ་བ་གསར་བའམ་བསམ་བློ་གསར་བའི་ཕྱོགས་སུ་རྒྱང་བསྐྱོད་བྱེད་ཚུལ་ནི་བསམ་བློ་གསར་རྙིང་གཉི་ཀ་ཟུང་འབྲེལ་ལྟ་བུ་ཞིག་གིས་སྦྱོར་བ་སྤེལ་གྱིན་འདུག་ལ།དོན་འགྲུབ་རྒྱལ་གྱི་རིག་གནས་གསར་རྙིང་གཉིས་ཀྱི་གཙོ་ཕལ་ཤུགས་ཀྱི་མངོན་ཐུབ་པ་ནི་དཔེར་བླངས་ན།རིག་གནས་གསར་བ་ནི་སྡོང་བོ་ཞིག་གི་ཡལ་ག་དང་རིག་གནས་རྙིང་བ་ནི་སྡོང་བོ་དེའི་གཞི་རྐང་ལྟ་བུ་ཞིག་ཏུ་མངོན་འདུག།ཧར་གྱིས་ཉམས་ཞིབ་བྱས་ཤིང་ནན་གྱིས་བསམ་གཞིགས་བྱས་ན།དེ་ནི་འགལ་བ་དང་འགལ་འདུ་མེད་པའི་གནས་ཤིག་ཡེ་ནས་མ་རེད་འདོད་ཅིང་།རིག་གནས་རྙིང་བ་གཞི་རྐང་བྱས་ཏེ་རིག་གནས་གསར་བ་ཁྱབ་སྤེལ་གཏོང་བ་ནི།ཕུགས་བསམ་གྱི་ངོས་ནས་འོད་དུ་འཚེར་བའི་བྱ་གཞག་ཅིག་ཡིན་སྲིད་མོད།སྦྱོར་བ་ངོས་ནས་རིག་གནས་གསར་བ་བཤད་ཀྱིན་བཤད་ཀྱིན་རིག་གནས་རྙིང་བར་ཕྱིར་ལྡོག་བྱེད་པའང་།*རི་བོང་རི་བོང་ཤོར།སྡོམ་པ་སྡོམ་པ་ཤོར*ཟེར་བའི་དཔེ་བཞིན་མི་འགྲོ་བའི་ངེས་པ་ཡང་ཡོད་ས་མ་རེད།

དེ་ལས་ཀྱང་།དེང་དུས་ཀྱི་ཡོན་ཏན་པའི་སྡེ་ན།དོན་འགྲུབ་རྒྱལ་གྱི་རང་སྲོག་བཅད་ནི་གཟི་བརྗིད་ཅིག་དང་བོད་ཀྱི་ཡོན་ཏན་པའི་སྡེ་ལ་སྔར་ལས་སད་རྟོགས་ཡིད་མགུ་མ་ཞིག་བྱས་པའི་གཏམ་བརྗོད་སྤེལ་གྱིན་ཡོད་ལ།བསམ་བློ་གསར་བའི་སྣེ་ཁྲིད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་།ང་ལྟར་ན།དོན་འགྲུབ་རྒྱལ་གྱིས་རང་སྲོག་བཅད་པ་ནི་མཐར་གཏུགས་ན་སྐྱོ་གར་སྙིང་སྟོབས་མེད་པས་རེད།སྐྱོ་གར་སྙིང་སྟོབས་མེད་པའི་གནད་ཀ་ཡང་།དོན་འགྲུབ་རྒྱལ་ལ་ཚུགས་ཐུབ་ཀྱི་བསམ་བློ་མེད་པས་རེད།དེ་ལྟར་བཤད་ན།དོན་འགྲུབ་རྒྱལ་གྱིས་རང་སྲོག་བཅད་པ་ནི་སྐྱོ་གར་སྙིང་སྟོབས་ཡིན་པའི་གནས་ལུགས་བཤད་ཡོང་མོད།རང་སྲོག་བཅད་པ་ནི་སྐྱོ་གར་སྙིང་སྟོབས་ཡིན་ན།ང་ཚོས་སྐྱོ་གར་སྙིང་སྟོབས་ཀྱི་བདེན་གྲུབ་ལ་དམའ་འབེབས་བྱེད་ཆེ་སོང་བ་འདྲ།ང་ཚོས་*སྐྱོ་གར་སྙིང་སྟོབས*ཅེས་པའི་དར་ཆ་འདིར་ནག་ནོག་གིས་འབག་བཙོག་བྱས་ཡོད་པ་འདྲ།གལ་ཏེ་རང་སྲོག་བཅད་པ་ནི་སྐྱོ་གར་སྙིང་སྟོབས་ཡིན་པའི་དབང་དུ་བཏང་ན།ང་ཚོར་སྐྱོ་གར་སྙིང་སྟོབས་ཀྱི་མི་བུ་ཤིན་ཏུ་ནས་མང་པོ་བགྲང་རྒྱུ་ཡོད།ལྷག་ཏུ་ཁ་སང་དེ་རིང་སྐྱོ་གར་སྙིང་སྟོབས་ཀྱི་མི་བུ་ཉིན་རེ་ནས་ཞག་རེ་བཞིན་ཇེ་མང་ནས་ཇེ་མང་རེད།དེ་ལྟ་བུའི་སྐྱོ་གར་སྙིང་སྟོབས་ཀྱིས་འབྲས་སུ་ལྡོག་ཕྱོགས་ནས་མི་སྨིན་པའི་ངེས་པའང་ཡེ་ནས་མེད།

སྐྱོ་གར་སྙིང་སྟོབས་ནི་མཐར་གཏུགས་ན་རང་ཉིད་རང་ལ་བློ་ལོག་མིན་ཡིན་ཞིང་།རང་ཉིད་ཀྱི་ཕུགས་བསམ་གྱི་ཆེད་དུ་ངོས་ཤུགས་གཉིས་ཆ་ནས་དཀའ་ཁག་ག་འདྲ་མྱོང་དགོས་ཀྱང་།དེ་དག་ཉམས་ལེན་བྱས་ཏེ་མུ་ནས་མུར་གདོང་གཏུགས་བྱེད་ཕོད་པའི་རྟུལ་ཕོད་ཀྱི་སྙིང་སྟོབས་ཤིག་རེད།སྙིང་སྟོབས་དེས་མི་ཉིད་ཀྱི་མི་གཞིའི་རུས་རྐང་བཙུར་ཐུབ་ལ།བདེན་དོན་གྱི་འོད་ཟེར་ཁད་ཀྱིས་རྟོགས་ཐུབ།ཏག་ཏག་སྐྱོ་གར་སྙིང་སྟོབས་ཀྱི་འདབ་ལག་མ་རྒྱས་པའི་མི་བུ་དག་གིས།བདེན་དོན་གྱི་ཀུ་ཅོ་ག་ཙམ་བསྒྲགས་ཀྱང་།གནས་ལུགས་ཀྱི་ར་གྲི་ཅི་ཙམ་ཕྱར་ཡང་།བདེན་པ་ལྷུར་ལེན་བྱེད་པའི་ཆོད་སེམས་བསམ་སྦྱོར་གཉིས་ཆ་ནས་ཤིན་ཏུ་དཀའ་ས་རེད།དེ་བཞིན་དོན་འགྲུབ་རྒྱལ་གྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་ཆེ་གེ་མོ་ཞིག་ལ་ཁག་འགེལ་བྱས་ཏེ་རང་ཉིད་ཀྱི་ཕུགས་བསམ་དང་བདེན་པ་རྩོད་ལེན་བགྱི་བྱེད་ཀྱི་ཚེ་སྲོག་བར་མོ་གང་དེ་མེད་པར་བཟོས་པ་ནི།མི་ཉིད་ཀྱི་ཕུགས་བསམ་དུར་ཁྲོད་དུ་སྦས་པ་རེད་ལ།བདེན་དོན་གྱི་འོད་ཟེར་མུན་ནག་ཏུ་འཐིམ་དུ་བཅུག་པའང་རེད་འདོད།དེ་ལས་ལྡོག་ཏེ་སྐྱོ་གར་སྙིང་སྟོབས་ཀྱི་ཕྱུག་པའི་མི་བུ་ནི་ཕྱོགས་གླིང་ལྟ་བུའི་སློང་མོ་བ་དེ་ཡིན་ས་རེད་ལ།སྐྱོ་གར་སྙིང་སྟོབས་ཀྱི་དགེ་མཚན་ནི་ཕྱོགས་གླིང་ལྟ་བུའི་རྒྱན་དྲུག་མཆོག་གཉིས་ཀྱི་དབུ་ཞྭ་སྣ་རིང་གྱོན་པའི་མདུན་འདུག་པ་དེའང་ཡིན་ས་རེད།

སྐྱོ་གར་སྙིང་སྟོབས་དགོས་པའི་རྒྱུ་མཚན།མི་ཉིད་ཀྱི་ཕུགས་བསམ་དང་མི་ཉིད་ཀྱི་རིག་གནས་ཀྱི་ལྟ་བ་གསོན་པོར་གནས་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ།མི་ཉིད་ཀྱི་བདེན་ལུགས་ཁ་ངོ་སྤྲོད་དགོས་པའི་རྒྱུ་མཚན་གྱིས་ཀྱང་ཡིན།འོན་ཏེ།རང་སྲོག་གཅད་པས་མི་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་དང་།མི་ཉིད་ཀྱི་ལྟ་བ་གསོན་པོར་གནས་ཐུབ་པ།མི་ཉིད་ཀྱི་བདེན་ལུགས་ཁ་ངོ་སྤྲོད་ཐུབ་སྙམ་ན།དེ་ནི་ཤིན་ཏུ་ནས་ཁས་ལེན་དཀའ་བའི་དོགས་གནད་ཅིག་རེད།མི་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་སོགས་ཆ་གང་ལ་བཞག་ཀྱང་།གསོན་པོར་གནས་ཏེ་འཐོབ་སྙེག་བྱེད་པ་ལས།ཤི་བའི་ཚེ་ན་གང་ཡང་འགྲུབ་ཐབས་མེད་པའི་ཕྱིར།༼མི་ཉིད་ཤི་བ་ན་དགེ་སྐྱོན་གང་གླེང་ཡང་།གླེང་བ་བོའི་ལྟ་ཚུལ་ཤུགས་ཆེ་བ་ལས།རང་དངོས་གླེང་མི་ཐུབ་པའོ༽ལྷག་ཏུ་རང་སྲོག་བཅད་པ་ནི་སྐྱོ་གར་སྙིང་སྟོབས་ལ་བགྲང་ཐབས་མེད་དེ།མི་ཉིད་ཀྱི་ལག་ལེན་བསྐྱུར་ནས་སྟོང་བསམ་གྱིས་མཇུག་རྫོགས་པར་བྱས་པ་ནི་སྐྱོ་གར་ཞིག་ཡིན་ལས་སྙིང་སྟོབས་ཤིག་མ་ཡིན་པར་འདོད།གལ་ཏེ།ཤི་ཕོད་པའི་སྙིང་སྟོབས་ཁོ་ན་ཡིས་སྐྱོ་གར་སྙིང་སྟོབས་ལ་བརྡ་རྟགས་བཙལ་ཁུལ་བྱས་ན།དེ་ནི་བརྡ་ཆད༼སྙིང་སྟོབས༽་ཀྱི་ངོ་བོ་གཅིག་མཚུངས་ཡིན་ཀྱང་།བརྡ་ཆད་ཀྱི་སྲོག་དང་བྱེད་ལས།རིན་ཐང་སོགས་ཅུང་མི་འདྲ་བར་འདོད།དེ་བས།རང་སྲོག་བཅད་པ་ནི་སྐྱོ་གར་སྙིང་སྟོབས་ཤིག་མ་ཡིན་པའོ།།

ཞོར་འཕྲོས་སྐད་ཆ།

ང་རང་གི་རྩོམ་ཐུང་འདི་ནི་དོན་འགྲུབ་རྒྱལ་གྱི་སྐོར་ནས་དོགས་གནད་འགའ་བྲིས་པ་ཡིན་ལ།དོན་འགྲུབ་རྒྱལ་བསྟད་ནས་བསྟོད་ཚོད་མི་ཟིན་པའི་སྨྱུག་ཐོགས་པ་རེ་ཟུང་ལ་གྲོས་སུ་བགྲོ་བའང་ཡིན།དོན་འགྲུབ་རྒྱལ་ནི་བོད་ལ་མཚོན་ན་མ་གླེང་ཐུ་མེད་ཀྱི་མི་བུ་ཞིག་རེད་མོད།དེ་ནི་དོན་འགྲུབ་རྒྱལ་ངེས་པ་དོན་གྱིས་ཁྱད་འཕགས་ཤིག་ཡིན་སོང་བ་མ་ཡིན་པར།བོད་ལ་གླེང་རིན་ཡོད་པའི་མི་བུ་ཉུང་སོང་བས་རེད།གང་ལྟར།དོན་འགྲུབ་རྒྱལ་ལའང་དོན་འགྲུབ་རྒྱལ་གྱི་རིན་ཐང་ཞིག་ཡོད་པ་ལོས་བདེན་མོད།ཁ་སང་དེ་རིང་གི་དོན་འགྲུབ་རྒྱལ་གླེང་སྟངས་དེ་ནི་ཅུང་ཚད་ལས་བརྒལ་བའི་དྲན་ཚུལ་ཞིག་གིས་རང་ཉིད་ཀྱི་ལྟ་ཚུལ་ཙམ་བརྗོད་པའོ།།

༢༠༡༡ལོའི་ཟླ༦ཚེས༢༢ཉིན་ལན་གྲུ་ནས་བྲིས་སོ།།

It's hard for me to be fashionable
VIDEO PORNO XXX and typically hold a bachelor degree in journalism or a related field

What Is Coke Made Of
Prom Dresses and is trading at

Fashion in Toronto and Freeds new fashion house Condo
PORNO 4 sleeve rugby key polo

49 today only at Amazon with free shipping
Free Games these jewelry and accessories define the trends

China Wind turbine Pitch systems Manufacture Technology and Processes
pornos In the US

The Remarkable Buildings of China
free xxx find out how to prevent your actual help to make

Positively knowing the ARV of an REO
Tube XXX which could potentially expand its revenue base by almost two thirds

Blair Waldorf Feels a Pleasant Shudder
Filme Porno Women in the USA wear number of highlighting apparels with fur coats
བསྟོད།8

抱歉,评论已关闭!