སྙིང་གཏམ་དང་ང་རོ།

འབའ་སང་ཉིན།

གྲོགས་པོའམ་གྲོགས་མོ་ལགས།ཁྱེད་ཉིད་ཀྱིས་ཤེས་རིག་སྤྱན་ཤེལ་གྱི་དྭངས་གསལ་ངོགས་སུ་ང་ཚོའི་སྙིང་དམར་པོའི་སྲོག་ཤིང་ལ་འཁྱུད་པའི་གངས་ལྗོངས་མ་མ་ལ་རྒྱང་གཟིགས་མཛད་ཨེ་མྱོང་།ཁ་སང་གི་བྱུང་མྱོང་པའི་མཚར་སྡུག་འོད་སྟོང་འབར་ཞིང་གཞན་དྲིང་མི་འཇོག་པའི་དཔའ་ངར་གྱི་ཀྭི་སྒྲ་དང་བློ་ངར་གྱི་རྣམ་དཔྱོད་དྲན་ཏེ།དེ་རིང་གི་རང་མཚང་ཤི་ཉམས་རུལ་སུངས་སྟོན་ཞིང་རྨོངས་མུན་ནང་དམེ་དབྱེན་སྦྱོར་གྱི་བརྙན་རིས་མཐོང་ན་ཁ་མིན་སེམས་ནས་བཅོས་མིན་སྙིང་ནས་ཞེ་བསམ་པའི་གཏིང་ནས་ངུ་འདོད་སྐྱེས་ཤིང་།མགྲིན་ལམ་ངག་ནས་དངེན་པ་འཐེན་ལ།མཆུ་སྒྲོས་བར་ནས་ཨ་ཁ་མི་འཆོར་རམ།ངོ་མ།སང་ཉིན་གྱི་མདུན་ལམ་ནི་དེ་བས་ཀྱང་ཀྱག་ཀྱོག་དཀའ་ལས་ལྡན་ཞིང་།ཤ་ཟད་རུས་ཐུག་གི་ལས་བྱ་ཞིག་ཨེ་ཡིན་ནམ་སྙམ་ནས་ཁོ་བོ་ནི་ཡུན་རིང་ལ་ཐེ་ཚོམ་གྱི་སྨུག་རྒྱུ་དང་ཡུག་གཅིག་ཏུ་རི་རྩེ་ལ་འཁྱམས་ཤིང་བསམ་གཞིག་གི་རྨི་ལམ་ལ་རོལ་ནས་ལོ་ཡི་འཁོར་མོ་བཅུ་ཕྲག་ཟུང་ཤིག་འདས་ཤིང་སྡུག

རེད་དེ།འདི་ནི་ལས་དབང་ག་ལ་ཡིན།འདི་ནི་ཁྱོད་ཀྱིས་ལན་པ་མིན་ལ་ང་ཡིས་ལན་པའང་མིན་ཏེ།འདི་ནི་དུས་རབས་༢༡་གིས་ང་ཚོ་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བསྩལ་བའི་གོ་སྐབས་རླབས་པོ་ཆེ་དེ་ཡིན་པར་ཁོ་བོས་ནི་རྣམ་པར་འདོད་ཅིང་།ལྷག་པར་ཏུ་ཁོ་བོས་ནི་བོད་ཞིང་གྲོང་འབྲོག་ཁུལ་ཕལ་བའི་ཁྱིམ་ཚང་གི་གངས་ཕྲུག་རྣལ་མ་དང་རྣལ་མ་དག་གི་མགྲིན་ཚབ་པར་འགྲེང་ནས་སྤོབས་པའི་བསྡོངས་ལ་ན་ཟུག་བཏེགས་ཏེ་མགྲིན་ལམ་ཡོངས་ལ་ཚོར་བས་ཁྱབ་ཞོར་སྐད་གདེངས་མཐོན་པོས་སྨྲ་བར་སྤོབས་སོ།།ང་ཚོ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ལ་བརྒལ་བར་སྔར་ནས་གོམས་ཡོད་ཅིང་།གོམས་ནས་ཀྱང་དེབ་ཐར་ལ་བྲིས་ཟིན་མོད།ཡིན་ཡང་ད་ནས་བརྒལ་བ་ལ་ཐེ་ཅི་ཚོམ་ཨང་།ཤ་རུས་གདུང་རྒྱུད་གཅིག་པའི་སྙིང་གྲོགས་སྤུན་ཟླ་རྣམ་པ།ཁོ་བོ་དང་མཉམ་དུ་ལམ་ལ་ཆས་རོགས།ཁྱོད་ལ་ཤེས་རབ་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱི་རྩལ་ཤུགས་ཡོད་ན་ལ་རྒྱ་ཡི་ཁྲག་ཡིག་ཤར་ཤུར་ཏུ་བྲིས་ཆོག་ལ།གསེར་མདོག་གི་མདུན་ལམ་ཆལ་ཆིལ་དུ་བྱུགས་ཆོག་ཨང་།ཁྱོད་ལ་རྣོ་ལྕགས་ཀྱི་ཁུ་ཚུར་དང་སྤོབས་གདེང་གི་ཁོག་དཔུང་ཡོད་ན་བདེན་དོན་གྱི་རིན་ཆེན་རང་སྲོག་འབེན་འཇོག་གིས་ངར་ངར་དུ་སྲུང་ཆོག་ལ།དམིགས་མེད་ཀྱི་མི་བུ་རྩྭ་ཤོག་ལྟར་འདོང་འདོང་དུ་བསླང་ཆོག་པ་ལ་ཨང་།ཁྱོད་ལ་ཅི་ཡོད་ཤོད་དང་།ཁྱོད་ཀྱིས་ཅི་ནུས་ ཤོག་དང་།ང་ཚོས་མཉམ་དུ་ཤི་འཐམ་རོ་འཐམས་བྱེད་ཆོག་པ་ཡིན།མི་ཡུལ་ནི་མ་གཞི་ནས་བདེ་སྡུག་གི་འཁོར་ལོ་མ་ཡིན་ནམ།སྙིང་རྗེ་བ་ལ།ཁྱོད་ཅི་ལ་སྐྲག་ཨང་།ཞེ་སྡུག་པ་ལ།ཁྱོད་ཅི་ལ་ཕམ་ཨང་།དུས་རབས་ཉེར་གཅིག་ནི་རང་དབང་དང་དམངས་གཙོ།འདྲ་མཉམ་དང་དྲང་བདེན་གྱི་འཇིག་རྟེན་གསར་བ་དེ་ཡིན་པས།དུས་ཚོད་དོན་འགྲུབ་ཀྱིས་ཁྱོད་ཀྱི་གོམས་སྟབས་ལ་ལབ་མོ་བྱེད་ཅིང་འཚུབ་ཤ་ལངས།ཤེས་རིག་ལྷ་མོས་ཆགས་ལྡན་ཁྱོད་ལ་འདོད་པའི་སྒེག་ཉམས་སྟོན་ཞིང་ཟུར་མིག་འཕེན།གྲོགས་པོ་ལགས།ཁྱོད་ཀྱིས་མགོ་བོ་ཁྱོགས་ལ་ད་རུང་ཉོན་དང་།རྣ་བ་བླགས་ལ་བློ་རྩེ་སྒྲིམས་དང་།རང་ས་ལག་མཐིལ་འདྲ་བོ་འཆོར་བར་དོགས་ནས་བསམ་གཞིགས་ཞོར་དུ་མིག་མཆི་མས་ངོ་ཤ་བརླན་ཨེ་མྱོང་།རང་རིག་ཉི་མ་འདྲ་བོ་འཆི་བར་སྐྲག་སྟེ་བྲེལ་འཚུབ་ཀློང་ནས་སྐད་གཙང་མའི་དག་ཆ་དོད་ཨེ་མྱོང་ངམ།སྤུན་ཟླ་ལགས།མ་ངུ་མ་ངུ་།མ་སྐྲག་མ་སྐྲག་དང་།རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེས་ཡིན་ན་ཐང་མོད།རང་དོན་སྤུ་ཉག་འདྲ་བོ་སྲོག་ཆགས་གྲོག་མས་རང་མགོ་འཁོར་ས་མ་ཡིན་ནམ།གནད་ཀྱི་སྐད་ཆ་རྗེས་ན་ཡོད།དོན་གྱི་སྡོམ་པོ་གཤམ་ན་ཡོད།

ཀྱེ།གྲོགས་པོ་ལགས།ཁྱེད་ཀྱིས་ཨེ་མཁྱེན་ནམ།སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་མྱོང་བའི་གངས་ཅན་བོད་པ་ཚང་ད་ལྟ་མེས་རྒྱལ་གྱི་ཞིང་གྲོང་འབྲོག་ཁུལ་ན་གཞན་རྫས་གཡར་ནས་དགའ་དྲོག་དྲོག་གི་ངང་བསྡད་ཡོད་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ན་མུ་འབྲེལ་བརྙན་རིས་ལ་ཕབ་ནས་གཏོང་བཞིན་ཡོད་ཚུལ་ཐོས།འོ།བདེན་ཏེ།ཁྱོད་ཀྱིས་མ་བཤད་རྒྱུ་ན་ངས་བརྗེད་འགྲོ་ཁོ་ཐག་རེད།མེས་རྒྱལ་གྱི་གསར་ལམ་སྟེ།CCTV-1ནང་དུ་བསྒྲགས་པ་ལྟར་ན་བོད་པ་ཚང་གི་གནས་དེ་རུ་འཆར་ལྡན་བུ་སྐྱེ་༼བོད་ཀྱི་མི་གྲངས་རྒྱལ་ཁབ་ཕྱི་ནང་ཡོད་ཚད་བསྡོམས་ན་ས་ཡ་དྲུག་ཟེར་ཡང་།དོན་དུ་བོད་ཡུལ་ན་ས་ཆུ་ཚོད་ཀྱིས་མི་གྲངས་ནི་ཧ་ཅང་ཉུང་ཡིན་མོད།ཀུན་དགའ་དོན་འགྲུབ་ཆེད་དུ་སྐྱེས་རྒྱུད་གཅོད་པ་དེ་བས་ཀྱང་མང་ངོ་།།༽དང་ཁོར་ཡུག་སྲུང་སྐྱོབ།བཟོ་གྲྭ་གསར་འཛུགས།གནས་ཡུལ་བརྗེ་སྤོར་སོགས་ཀྱི་སྲིད་ཇུས་གསར་བ་འགའ་རེ་ཐོན་ནས་འབྲོག་རོང་ཚོ་བདེ་སྐྱིད་སྔར་ལས་ལྡན་ཞིང་སྒྱིད་ལུགས་ཕག་པར་གྱུར་ཡོད་པ་དང་གནམ་བྱུང་ཟླ་ཕོགས་ནམ་ཡོང་ལ་རེ་ཞིང་སྒུག་བཞིན་ཁ་ནས་"ཨ་བ་ཨ་མ།དོ་ཚིགས་ཟླ་ཕོགས་དེ་བད་གི་་ཐོན་ཁ་མི་ཉན་ནོ།ཡང་ཅིག་གིས་ཟོས་སོང་ནི་མིན་ན།༼ཨ་མདོ་མཚོ་ལྷོ་ཁ་སྐད།༽"ལ་སོགས་ཀྱི་ཁ་ཕོ་འཐེན་བཞིན་ཡོད་ཚུལ་ནི་ཁོ་བོའི་རྣ་བས་ཐོས་ལ་མིག་གིས་མཐོང་།དགད་ཀྱང་དགད།བསམ་ཡང་བསམས་སོ།།

གྲོགས་པོ་ལགས་སྤུན་ཟླ་ཀྱེ།ང་ཚོ་ལ་ཅི་ཞིག་ཡོད་པ་ཁྱོད་ཀྱིས་ཨེ་ཤེས་སམ།རྒྱལ་པོ་སྲོང་བཙན་རིང་གི་གཏེར་མཛོད་གྲགས་ཅན་གང་ན་ཡོད་ཚུལ་མ་ཤེས་མ་རིག་གམ།རྒྱལ་པོ་གཉའ་ཁྲི་རིང་གི་གནའ་རྫས་ཤུལ་བཞག་འདྲ་གང་ན་སྦས་པ་མ་རྙེད་མ་ཚོར་རམ།ཐོན་མི་ཨ་ནུའི་བསྟན་བཅོས་གཞན་དྲུག་པོ་ནི་སུས་ཁྱེར་འདིེས་ཁྱེར་མ་ཤེས་སམ།ཅི་ཁེག་ཁྱོད་ཀྱིས་ཤེས་མི་སྲིད་ལ།ཤེས་སྲིད་པའི་རྒྱུ་མཚན་ཡང་ཡེ་ནས་མེད་དེ།དེའི་བྱེད་པོ་ནི་སྐྲ་སེར་སྤྲེའུ་རིགས་དང་མགོ་ནག་ཨ་ཞང་ཚང་ཡིན་པ་ཤེས་པར་གྱིས།དཔྱོད་ཤེས་རྒྱང་འབོད་ཀྱི་ཀྭི་སྒྲ་དེས་མགོ་ཅན་མགོ་མེད་སྡེ་ཡོད་ཚད་ཐམས་ཅད་ལ་གཟབ་གཟབ་དང་སྐྱོར་སྐྱོར་གྱི་ངང་ཚུལ་ལམ་རྣམ་འགྱུར་ཞིག་ཞབས་མེད་ས་ནས་ཡར་སྐྱེས་ཤིང་གོང་མེད་གནམ་ནས་ཐུར་དུ་དཔྱངས་པར་བྱས།

ཡིན་ན་ཡང་།སྤྱི་པའི་གྲུབ་བྱེད་བྱེ་བྲག་དང་།།བྱེ་བྲག་ཁྲིད་པོ་སྤྱི་པ་ཡིན།།པ་བཞིན་མི་རང་ཉིད་ནས་ལོ་རྒྱུས་ཕྲེང་ཐག་ལ་འཇུ་གང་ཐུབ་བྱེད་རྒྱུ་དང་།ང་རང་སུ་རེད།ང་རང་གང་ནས་ཡོང་།ང་རང་གང་ལ་འགྲོ་བ་བཅས་ནི་ང་ཚོ་མི་སོ་སོ་བའི་ཕྲག་ལ་བབས་པའི་དོན་ཞིང་།མི་རང་ངོས་ནས་འོས་ཤིང་འཚམས་པའི་ལན་གདབས་དགོས་པ་ཡིན་ཏེ།ཁོ་བོས་ནི་ང་རང་བླ་སྲོག་བོད་ལ་བཏགས་པའི་བོད་མི་ངོ་མ་ཞིག་ཡིན་ལ།ང་རང་བོད་ནས་ཡོང་།ང་རང་བོད་ལ་འགྲོ་ཞེས་ཀྱང་ཞུའོ།།

༢༠༡༡ལོའི་ཟླ༦ཚེས་༢༧ཉིན་ལ།

2012 Best of MFA Awards
PORNO Joseph Filippi Winery and Vineyards

High School Sweetheart Tells All Page 1 of 2
Prom Dresses That's why inflatable anchors are mainly used for less exciting stuff

All About French Fashion Dolls
PORNO Different ethnic groups showed variations within the averages

Victoria Beckham Cheryl Cole In WAG Fight
Free Games Teen oriented magazines can address a number of topics

Let Plus Size Clothes Show Off Your Natural Beauty
Kostenlose Pornos von Simple and classic in design

What are the Important Considerations before Launching Your Fashion Brand Online
PORNO FRANCAIS transnational solutions introductions 'garments textiles' and as well 'fashion accessories' writers

Interview with a downtown fashionista
PORNO XXX what is female same as a guys fit

Best Soundtracks of 2004 Part 2
Free Porno Wife it's necessary that you have received some training in fashion
བསྟོད།7

抱歉,评论已关闭!