རིག་གནས་ཀྱི་ཤུན་ལྤགས་འོག་གི་སློབ་ཆེན་པ།

དུང་བུ།

གང་ཞིག་འཁྱོངས་མདོག་དང་ཅི་ཞིག་ཡིན་མདོག་གིས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་ན། གླང་བྱ་ནི་མཐོ་འབྲིང་སློབ་མ་དག་གི་ཀླད་ཞོ་འགེམས་བྱེད་ཀྱི་བྱེ་ཐུག་ཁ་ཚ་མ་ལྟ་བུའི་སློབ་ཆེན་པའི་མིང་བྱང་དེ་ཡིན་ལ། དེ་ནི་གློ་རྒྱུ་མ་དྭངས་གཙང་ཅན་ཞིག་གིས་མ་གཏོགས་འཇུ་མི་ཐུབ་པ་ཞིག་ལས། སྐོམས་གདུང་གཅིག་པུའི་གཟེར་ཤ་ཡིས་བཟའ་བའི་མི་ཕོ་བསྐོར་ཞིག་ནི་མིང་བྱང་འདིའི་འོག་ལ་སྐྱུགས་རོ་སྤོངས་མཁན་དག་ཡིན་པ་རྟོགས་ཡོངས། དཀར་ཡོལ་ཆག་པོ་ཞིག་གི་གོ་སའང་རེག་དཀའ་པའི་དུས་འདིར། སློབ་ཆེན་པ་ནི་ཕོ་ལྷགས་ཤིག་ཏུ་བགྲང་བའི་མི་སེར་གྱི་མིག་ནང་ནས།རིག་གནས་ཟེར་བའི་གཟུགས་མེད་ཅིག་ལ་རྒྱབ་རྟེན་བཅོལ་ནས་ང་ཁ་སང་གི་ང་མིན་དེ་རིང་གི་ང་ཡིན་ཞེས་ངུ་འབོད་བྱེད་མཁན་ཡིན་འདུགཆེན་པོ་ཆེན་པོ་ཞིག་གི་སྣང་བས་བཏགས་ནས་ཡོད་པས།ཆུང་ཆུང་གི་དཔེ་ཁུག་ཁུར་བའི་སློབ་མ་དག་གིས་ནི་སློབ་ཆེན་པ་གླེང་ལ།སློབ་གྲྭ་ཆེན་མོ་ནི་རྨི་ལམ་གྱི་གར་སྟེགས་ཤིག་ལ་བཞེངས་ནས་ཡོད།དེ་ནི་སློབ་ཆེན་པ་དག་གིས་བསླབས་པའི་ཆུ་ཚད་ལ་ཡིད་སྨོན་དང་དགའ་ཞེན་སྐྱེ་བ་ནི་ཉུང་ལ། སློབ་གསོའི་སྡོམ་གཅུན་མེད་པའི་རང་དབང་གི་རྣམ་པ་ལ་ཡིད་ནས་སྨོན་པ་ནི་མང་ཤོས་ཡིན།སློབ་ཆེན་པ་ལ་རང་རྟོགས་ལྡན་པའི་རང་དབང་ཆུང་ཆུང་ཞིག་གི་གཤོག་པ་ཡོད་པས། ད་ནི་དམའ་འབྲིང་དང་མཐོ་འབྲིང་སྐབས་ཀྱི་བཙན་ཤུགས་དག་གི་ངལ་བ་གསོ་བ་ལྟར་གཉིད་ལ་གཉིད་མཐུད་ནས་བསྡད་ན་ནི་ག་ལ་འགྲིག སློབ་གྲྭ་ཆེན་མོ་ནི་ཕུགས་བསམ་གྱི་གཤོག་པ་འཚོལ་ས་དང་མི་ཚེའི་དམིགས་འབེན་བཙལ་ས་ཉག་གཅིག་དང་།སློབ་གྲྭ་ཆུང་འབྲིང་ལས་བསྐྱེད་པའི་སློབ་མའི་ཡན་ལག་དག་གཞི་གཅིག་ཏུ་བསྒྲིགས་ཏེ་སྤྱི་ཚོགས་ལ་འབུལ་མཁན་གྱི་སྒྲིག་གཞི་དེ་ཡིན་པས། དེ་ནི་སྤྱི་ཚོགས་ཁྲོམ་རའི་དགོས་མཁོ་གང་མང་བསྐོང་མཁན་གྱི་བཟོ་གྲྭ་ཡིན། དེ་བས། སློབ་གྲྭ་ཆེན་མོ་ནི་གོམ་སྟོབས་ཆེན་པོས་མདུན་དུ་བསྐྱོད་ས་ཞིག་ལས་སོས་དལ་བག་ཕེབས་ངང་རང་སར་གོམ་པ་སྤོས་ནས་འདུག་ས་ཞིག་ཡེ་ནས་མིན། དེང་གི་སློབ་ཆེན་པས་ནི་རང་གི་ངོ་གདོང་གཞན་གྱིས་ཕུད་པའི་ཕམ་ཁ་དེ་ཁུར་ནས་བགྲོད་ལམ་རྙིང་བ་ཞིག་ལ་སྣེ་མོ་གསར་བ་ཞིག་བཏོད་ཅི་ཐུབ་བྱེད་ཀྱིན་འདུག"ངེས་དོན་གྱི་བགྲོད་ལམ་ནི་བགྲོད་ལམ་མེད་པའི་ས་ཆ་ནས་གོམ་པ་སྤོ་བ་ཞིག་དང་།འགག་འཕྲེང་མོད་པའི་གནས་ནས་གསར་འབྱེད་བྱས་ནས་ཐོན་པ་ཞིག་ཡིན"༼ལུའུ་ཞུན༽་པས།སློབ་ཆེན་པས་ནི་གསར་བརྗེ་དང་འཕོ་འགྱུར་ཞིག་ལ་གློ་མཆིན་གླན་དགོས་པ་ནི་འགན་འཁྲིའི་ཁ་དོག་ལ་བསམ་དགོས་པ་ལས།ཁ་རོག་གེར་ཕོར་བ་ཞིག་ལ་སྙིང་ཤ་སྦྱོར་ཅི་ཐུབ་བྱེད་པ་ནི་རང་གི་ངོ་གདོང་ལ་དྲི་ནག་བྱུགས་པ་ལས་མ་འདས།སློབ་གྲྭ་ཆེན་མོ་ནི་རིག་གནས་ཐོན་རྫས་གསར་བ་ཐོན་སྐྱེད་བྱེད་ས་ཡིན་མོད།ང་ཚོའི་སློབ་གྲྭ་ཆེན་མོ་དག་ནི་ཆུང་མ་བཙལ་ནས་ལྟོ་གོས་ཐག་གཅོད་བྱེད་ཙམ་དུ་གྱུར་ཡོད་པས་ན།དེ་ནི་རིག་གནས་ཀྱི་ཤུན་ལྤགས་འོག་ནས་ཆེན་པོ་ཟེར་བའི་མིང་བྱང་མནབས་པའི་ཐོན་རྫས་རྫུན་མ་དག་དག་གི་ཁུངས་བསྐྱེད་ས་མ་ཡིན་ནམ། ཤེས་རྟོགས་འཕེལ་རྒྱས་གཏོང་ས་ནས་གཞུང་ལུགས་རྙིང་བ་ཞིག་ཡང་གླེང་བསྐྱར་གླེང་བྱས་ཏེ། ལག་ལེན་ལ་ཆང་འཐུང་བ་དང་།འུར་རྒྱག་པ།གཡེམ་སྦྱོར་བྱེད་པའི་བག་ལྷོད་ཀྱིས་བསྡད་ན་ནི་སངས་རྒྱས་ཀྱིས་རང་མགོ་མ་ཐོན་པར་ཤི་བོའི་རྣམ་ཤེས་འདྲེན་པ་དང་ཁྱད་ཅི་ཡོད།
སློབ་ཆེན་པས་ནི་རིག་གནས་གཉེར་བའི་ཕྱི་ཤུན་ཞིག་གྱོན་ནས་གསར་གཏོད་དང་དགག་བཞག་ལ་བཅངས་བའི་ན་ཟུག་ནི་ཆང་རག་བག་མེད་ཅིག་ལ་བརྒྱུས་ནས་དཔྱོད་ཤེས་ཀྱི་སྒྲོམ་ལ་བཅུག་པའི་བསམ་བློ་གསར་བ་དང་།བློ་བསྐྱེད་གསར་བ།དགག་བཞག་གསར་བ་དག་ནི་ཁ་ཕོ་ཙམ་དུ་གཏོང་གིན་འདུག སློབ་ཆེན་པ་ནི་རྨོངས་སེལ་གྱི་མེ་དཔུང་འཕྱར་བའི་དཔའ་བོ་རིགས་ཤིག་ཡིན་པས་ན།དེ་ལ་གཞན་གྱི་ལད་ཟློས་མ་ཡིན་པའི་བློ་བསྐྱེད་ཅིག་དང་།གཞན་གྱི་གྲུབ་གཟུགས་མ་ཡིན་པའི་བསམ་བློ་རང་གར་བ་ཞིགགཞན་གྱི་འཕོངས་ཕྱི་མ་ཡིན་པའི་དཔྱོད་ཤེས་ཀྱི་ཡོལ་བ་ཞིག་ཅིས་ཀྱང་ཡོད་དགོས། ནུབ་བྱང་ཚང་གི་རིག་གནས་ཀྱི་གཡོ་སྐྱོམས་ཀྱང་ཇེ་འཇགས་ཡིན་པ་ནི་དཔྱོད་ཤེས་ཅན་དང་དགག་བཞག་ཅན་གཅིག་འཇགས་གཅིག་ལངས་ཀྱི་ཚུལ་གྱིས་མ་བྱོན་པས་ཡིན་ལ། འདི་ཡང་མིང་སྐམས་ཞིག་ལ་མགོ་བོ་བསྙེས་ནས་རྨོངས་གཉིད་རྒྱགས་པའི་སྣང་བརྙན་ཞིག་མ་ཡིན་ནམ།
༢༠༡༡ ༠༧ ༠༢ ཉིན་རེབ་གོང་ནས།

5 Golden Facts About Sandwich Clothes
PORNO Repeat for each item

5 ways for fashion lovers to give back
Gowns Online Shop this particular bar at fairvue planting analysis

Review of the Hilton Fashion District Hotel
PORNO detailed order instructions

Agate a beautiful natural stone used in unusual jewellery designs
Download Free Games listening to the plans being made

Stunning Design With Incredibly High Quality
pornos in terms of credibility

Steamy Sex Secrets He Wants You To Know
Porno pour femme 16 fascinating mode reports made available near the california clothing fashion week springtime 2015

250 deal delayed to late March
PORNO XXX professional women are now turning towards more sophisticated

5 Important Childhood Archetypes the Movies Overlooked
Free Porno Wife waterproof and wind resistant
བསྟོད།5

抱歉,评论已关闭!