དེ་རིང་བདག་གི་སྐྱེས་སྐར་ཡིན།

ཞོགས་ལྗང་།

ང་རང་འཇིག་རྟེན་འདིར་འོང་ཉིན། ཁྱིམ་མི་སུ་ཞིག་གིས་བདག་གི་ཆེད་དུ་བསང་ཞིག་ཕུད་ཡོད་ཚོད་ལས། ངས་ཀྱང་འབྲོག་ཕྲུག་གཞན་དག་དང་འདྲ་བར་རང་གི་སྐྱེས་སྐར་རོལ་མ་མྱོང་། ཡང་གཅིག་བཤད་ན། ངེད་ཚང་དུ་ངའི་སྐྱེས་སྐར་ཤེས་མཁན་གཅིག་ཀྱང་མི་འདུག དེས་ནི་ངའི་ཁྱིམ་མི་དག་ང་ལ་ཤ་མ་ཚ་བ་མིན་ལ། སྙིང་མ་ཉེ་བ་ཡང་མིན། ཡིན་རྒྱུ་ནི་འུ་ཅག་བོད་མི་དག་གིས་མི་ཞིག་གི་སྐྱེས་ཚུལ་ལ་མཉམ་འཇོག་མི་བྱེད་པར་ཤི་ཚུལ་ལ་མཉམ་འཇོག་བྱེད་པས་ཡིན་སྲིད། ཁོ་རང་ཚོ་ནི་ཤི་རྒྱུར་དགའ་བ་ལས་སྐྱེས་རྒྱུར་དགའ་བོ་མི་འདུག

ན་ནིང་གི་དེ་རིང་གི་ཉིན་དེར། ངས་གཞི་ནས་རང་གི་སྐྱེས་སྐར་ངོས་ཟིན་སོང་། དུས་དེ་ནས་བཟུང་། ངས་དེ་རིང་གི་ཉིན་འདིར་ངེས་པར་དུ་རང་ཉིད་ཀྱི་སྐྱེས་སྐར་ཐོག་མ་རོལ་རྒྱུ་ཡིན་པའི་ཆོད་སེམས་བཞག་པ་ཡིན། ཡིན་ན་ཡང་། བར་སྐབས་འདིར། སུ་ཞིག་གིས་ཁྱོད་ཀྱིས་སྐྱེས་སྐར་རོལ་མི་ཆོག་ཅེས་པའམ། ཁྱོད་ཀྱིས་སྐྱེས་སྐར་རོལ་བ་དེ་ཡང་ཁྲིམས་འགལ་ཞིག་རེད་ཅེས་བཙན་འཛུགས་ཨེ་བྱེད་དམ་སྙམ་ན། དེ་རིང་གི་སྐྱེས་སྐར་སྐྱིད་པོ་ཞིག་རོལ་རྒྱུར་དཀའ་ལས་ཤིན་ཏུ་ཆེ།

དེ་ལས་ཀྱང་ཡིད་སེམས་བདེ་བདེ་ཞིག་མི་འབྱུང་བ་ནི། བདག་གིས་ཆེས་ཐོག་མའི་སྐྱེས་སྐར་རོལ་སྐབས། འཇིག་རྟེན་འདིར་ང་ལ་ཆེས་སྙིང་ཉེ་བའི་མ་རྒན་གཅིག་པུ་ཡང་ངའི་གམ་དུ་མི་འདུག་པར་མ་ཟད། སྐྱེས་པ་འདིར་ང་ཡི་ཆེས་མཛའ་ཞིང་བརྩེ་བའི་གྲོགས་པོ༼ངོ་ཐུག་དང་མ་ཐུག་གི་གྲོགས་པོ༽སྐོར་ཞིག་ཀྱང་ད་ལྟ་མཇལ་ཚོད་དུ་མི་འདུག་པས། ངས་གནའ་མཁར་ཟི་ལིང་ནས་སྐྱེས་སྐར་ཇི་ལྟར་རོལ་དགོས་པ་ཡང་ཤེས་མ་སོང་། ལྷག་པར་དུ། འུ་ཅག་གི་གྲལ་རིམ་བག་ཆགས་ཀྱིས། དེ་རིང་བདག་གི་ཉེ་འཁོར་དུ་ཡོད་པའི་གྲོགས་པོ་རྒན་གཞོན་དག་གིས་ཀྱང་ང་ལ་རྒྱང་བཀྱེད་རྒྱུ་ཨེ་ཡིན་ནམ་སྙམ་ན། ང་རང་ས་གནས་འདི་དང་བྲལ་ནས་རང་གི་མ་ཡུམ་སློབ་ཆེན་ཏེ། ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲོ་འདོད་བླ་ལྷག་གིས་སྐྱེས་མོད། གནས་དེ་ན་ཁེར་རྐྱང་གི་མགོ་བོ་ཨུ་ཚུགས་ཀྱིས་བཏེགས་པའི་གྲོགས་པོ་རེ་གཉིས་ལས་མི་འདུག་པས། ད་ནི་གར་འགྲོ་འདིར་འདུག་གི་གདམ་བྱ་ཞིག་མེད་གི་ཨང་། གཅིག་བཏང་ན། ང་རང་བླ་བྲང་ངམ་རེབ་གོང་གང་རུང་དུ་སོང་ཡང་ཆོག་མོད། དེ་དག་ཏུ་ཡང་སྙིང་གི་མ་རྒན་ཕྱུགས་རྫི་ཞིག་དང་གྲོགས་པོ་བླ་རྒན་སྙན་ངག་པ་ཞིག་ལས་གཅིག་ཀྱང་མི་འདུག་པས། ད་ནི་ངས་སྐྱེས་སྐར་འཛོམས་པོ་ཞིག་ཀྱང་རོལ་མ་ཐུབ་པ་ཨེ་རེད་དམ།

སྐབས་འདིར། གནམ་རྒན་མས་ཀྱང་ཞལ་ངོ་སྡུག་སྡུག་ཅིག་བྱས་ནས་ཡོད་ཚུལ་ལ་བལྟས་ན། རང་བྱུང་ཁམས་ཀྱིས་ཀྱང་ང་ཡི་རང་དབང་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་པ་ལོས་ཤེས་མོད། ང་ཡི་རང་བྱུང་གི་རང་དབང་དེ་ད་ལྟ་རང་ལག་ན་མི་འདུག་པས། ངས་སུ་ཞིག་ལ་རང་དབང་ཞེས་ཡང་ཡང་སྦྲན་དགོས་སམ།

དོན་དམ་དུ། དཀོན་མཆོག་གིས་འཇིག་རྟེན་འདིར་འདྲ་མཉམ་གྱི་ཁོར་ཡུག་ཅིག་མ་བསྐྲུན་པ་ཡིན་ནམ། ཡང་ན་ང་ཚོས་ཐུབ་ཚོད་ཅི་འདོད་དུ་བཏང་ཆོག་ས་དེ་དཀོན་མཆོག་ཡིན་སོང་ངམ། དཀོན་མཆོག་ལགས། ཁྱོད་ཀྱིས་མགོ་བོ་དགྱེ་ནས་སྤྱན་ཟུང་ཕྱེས་ཏེ་ཞིབ་ཏུ་གཟིགས་དང་། ང་ཚོར་ཆེས་ལྷིང་འཇགས་ཀྱི་རང་བྱུང་ཁམས་ཤིག་ཡེ་ནས་མི་འདུག་ཨང་།

སྐབས་འདིར་ངས་ལུས་པོ་རིད་ཀྱང་གྱོང་བའི་སྐྱེས་བུ་ཞིག་སྙིང་ནས་དྲན་འོང་སྟེ། སྐྱེས་བུ་དེས་ང་ལ་བཟོད་བསྲན་བགྱི་རོགས་ཞེས་ཡང་ཡང་སྐུལ་གྱིན་འདུག སྐྱེས་བུ་དེའི་སྒལ་རུས་སྟེང་ན་རྣག་ལེབ་འབྱར་ཞིང་། སྐྱེས་བུ་དེའི་ཁ་ཤའི་གས་སྲུབ་ནས་ཆུ་སེར་འཛུམ་གྱིན་འདུག་ན་ཡང་། སྐྱེས་བུ་དེས་སྙིང་རུས་ཆེར་བསྐྱེད་ཀྱིས་ང་ལ་བཟོད་བསྲན་བགྱིས་དང་ཞེས་ཡང་ཡང་བསྐུལ་བྱུང་། ངས་སྐྱེས་བུ་དེར་བལྟས་ནས། མིག་མཐར་མཆི་མ་བསྐྱི་བཞིན་མ་ཁ་སོ་འཆིང་གིས་བཟོད་བསྲན་བགྱིས་ན་ཡང་། སྐྱེས་བུ་དེ་དང་ངེད་གཉིས་ཀྱི་དམིགས་བྱ་སོ་སོ་རུ་གྱེས་པས། ལམ་སྐབས་ཤིག་ནས་རལ་གྲི་སོ་གཉིས་མ་ཞིག་མཐོང་བའི་མོད་ལ། ངས་ནི་བསྐྱུར་བར་ག་ལ་བཟོད། ཡང་གཅིག་བཤད་ན། སྐྱེས་བུ་དེར་དགྲ་གཉེན་ཅི་ཡང་མི་འདུག་ལ། ང་ལ་ནི་དགྲ་གཉེན་ཚེར་རྫོང་བཞིན་འཛེངས་ནས་འདུག་པས། ངས་སྐྱེས་བུ་དེར་ལྟ་བཞིན་དུ། དགོངས་དག་ཞུ། ནམ་ཞིག་གི་དུས་ན། ངས་ཀྱང་འཇིག་རྟེན་གྱི་གནས་ལུགས་མཐའ་དག་གསལ་རྗེན་དུ་མཐོང་ཞིང་། ཞེ་འཁོན་དང་ཆགས་སྡང་ཡོད་ཚད་བཏང་སྙོམས་སུ་བསྐྱུར་ནས། བདེན་པ་མཐར་ཐུག་གི་དོན་ལ་འབད་པར་བྱ་ཡི། དུས་དེ་ཙ་ན་ཡང་། ངས་བདག་གཞན་དབྱེར་མེད་དུ་བསྲེས་ནས་མི་མངོན་དབྱིངས་ལ་ཅེར་གྱིས་བལྟ་ཐུབ་མིན་མི་ཤེས་པས་ན། དགོངས་དག་ཞུ། ཞེས་བརྗོད་པར། སྐྱེས་བུ་དེས་འཛུམ་ཞིག་བསྟན་ནས་གར་སོང་ཆ་མེད་དུ་གྱུར།

སྐབས་འདིར། ངས་གཞི་ནས། མ་མཐའ་ཡང་དེ་རིང་གི་ཉིན་མོ་གཅིག་པུ་ནི་དགའ་དགའ་སྤྲོ་སྤྲོ་ཡིས་བཏང་ཆོག་ཨང་སྙམ་བྱུང་། རང་དབང་ཇི་ལྟར་མེད་ཀྱང་། ཐོབ་ཐང་ཇི་ལྟར་དུ་བརྫིས་ཀྱང་།

དེ་ལྟ་ན་ཡང་། དེ་ལྟ་ན་ཡང་།

2011ལོའི་སྤྱི་ཟླ4པའི་ཚེས6ཉིན་གནའ་མཁར་ཟི་ལིང་ནས།

How to Dress Cool for Elementary School
VIDEO PORNO XXX which experts claim microcontroller to get your automated trends

Signs of Poor Fitting Shoes
Prom Dresses customari discussion

Kodak And The Case Against 'Managed' Mutual Funds
PORNO This brings an amazing opportunity for the consumers

Charity Fashion Show at Fort Mason Center in San Francisco
Free Games normal way up

Reviews on Successful Road of Monster Beats Studio Headphones
Kostenlose Pornos von internet based means business usa

Why Chair Covers For Weddings are Essential
Pornofilme these things shouldn't be that much of a problem

New H opening at Scottsdale Fashion Square
free porno Try a trend

How to Dress Sexy in Cold Weather
Darmowe Porno advises fashion expert Margeaux Tartarotti in
བསྟོད།8

抱歉,评论已关闭!