རེ་བའི་ས་བོན།༼རྗེས་དྲན་ཆེད་བསྒྲིགས༽

བོད་གཞུག་སྐྱིད།

------ ༢༠༡༠.༤.༡༤ཡུལ་ཤུལ་ས་འགུལ་ལ་ཕུལ།
དཔྱིད་རླུང་དལ་མོར་ལྡང་བའི་མོད་ལ་ས་གཞིའི་ལྗང་མདོག་གི་ལྭ་བ་མནབས་པའི་སྟ་གོན་དལ་གྱིས་བགྱི་བཞིན་ཡོད་ལ་ཕྱོགས་བཞི་མཚམས་བརྒྱད་ན་མེ་ཏོག་གི་ཟེ་འབྲུའང་ཁུ་སིམ་མེར་འབུས་ནས་འོང་།ཡིན་ནའང་མི་སེམས་ཀྱི་འགྱུར་ལྡོག་ལྟ་བུའི་གནམ་གཤིས་འདི་ཇི་ལྟར་ཇེ་དྲོད་དུ་གྱུར་ནའང་མི་རྣམས་ཀྱི་ལྕི་དྲགས་པའི་སེམས་པ་དེ་ལྷོད་ལ་འབབ་ཐུབ་བྲལ།ཐ་ན་སུ་ཡིས་ཀྱང་རང་གི་ནང་སེམས་དེ་གཡའ་དྭགས་པའི་མེ་ལོང་ཇི་བཞིན་ཐེངས་གཅིག་བཀྲུ་དགོས་པ་འདྲ། ལོ་ངོ་གཅིགའདི་ལྟར་ལོ་སྐོར་ཟླ་བ་བཅུ་གཉིས།ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་རེ་བཞིན་༢༠༡༠ལོའི་དཔྱིད་ཀའི་ཆག་གྲུམ་གྱི་རྨ་ཁ་རུམ་ཏེ་དབྱར་གྱི་ཙད་རྡུང་དང་། སྟོན་གྱི་བ་མོ། དགུན་གྱི་གྲང་ངར་ཁྲོད་ལུས་ཀྱི་ན་ཟུག་དང་།སེམས་ཀྱི་གདུང་འབོད་འཁུར་ནས་བགྲེས་པོའི་གོམ་འགྲོས་ཇི་བཞིན་ཡང་བསྐྱར་དཔྱིད་ཀ་གསར་བ་བསུས་བྱུང་། བརྗེད་པར་དཀའ་བའི་ལོ་ཟླ་དེའི་ཏག་ཏག་ངའི་ནང་མི་སྤུན་ཟླ་མང་པོའི་ཚེ་སྲོག་གི་ཀ་བ་རྨང་ནས་བསྒྱེལ་ཅིང་།ཕ་ཁྱིམ་དྲོན་མོའི་བརྩེ་བ་ཐལ་བར་བསྐྱུར། དེ་མིན་ངའི་གཡང་གི་སྒོ་ཕྱུག་མ་ལུས།ཁྱི་རྒྱ་ལུའི་ཟུག་སྐད་ཡང་མོ། ངའི་འབའ་འབའ་ལུ་གུ་འཚོ་རོགས།ངའི་ཡང་ཆུང་མེ་ཏོག་འཐུ་རོགས། ཐ་ན་ང་ལ་ཚེ་སྲོག་དང་མིག་ཟུང་བསྩོལ་བའི་ཕ་མ་དང་དགེ་རྒན། ཨ་ཡེ་སྤོ་བོ་སོགས་མང་པོ་མང་པོ་ཞིག་སྐད་ཅིག་སྐད་ཅིག་ལ་ཕ་འབོད་མ་འབོད་བྱེད་ཁོམ་མེད་ལ།བསང་མཆོད་དང་གདུང་གྲོགས་འབོད་ཁོམ་མ་བྱུང་བར་མ་ཤི་གསོན་བྲལ་
བྱས་པའི་དུས་ཚིགས་དེར་ཕྱིར་དྲན་བྱེད་དུས་ངས་ཡང་བསྐྱར་ཕ་འཛོམས་མ་འཛོམས་ཀྱི་མཐོ་སྒང་གཡང་གི་ས་ཆ་དེར་མིག་གདུང་མཆི་མས་གཡོགས་ཏེ་ལན་ཅིག་མི་བལྟ་ག་མེད་བྱུང་། ཡིན་ནའང་བསྒྱུར་དུ་མེད་པའི་ཆོས་ཉིད་དེའི་དབང་གིས་ངས་ངུ་འབོད་སྟོང་ཁྲག་བྱས་ཀྱང་ངའི་ཕ་མ་སྤུན་ཟླའི་ཐོས་ཐབས་བྲལ་ལ།ངའི་གཡང་གི་ཕ་ས་གོར་མོ་སྔར་བཞིན་ཧྲུག་ཆག་དང་གས་གྲུམ་ལས་ཅི་ཡང་ཡོད་མ་བྱུང་། འོན་ཀྱང་ཤུལ་དུ་ལུས་པའི་ངའི་དྭ་ཕྲུག་ན་ཟླ་ཚོ་དང་།བུ་ཚ་བོས་གཉོར་མཁན་མེད་པའི་ཨ་མ་རྒན་མོ།བདག་པོ་བྲལ་བའི་ཁྱི་རྒན་ཧོན་ལོགཐ་ན་མིག་ཟུང་མཆི་མ་གོར་ལེ་ཡོད་པའི་རྟ་རྒན་སོ་མེད་དེ། ཡོད་ཚད་ཀྱི་ཡོད་ཚད་དག་གིས་ང་ལ་ཅིས་ཀྱང་གསོན་དགོས་པའི་སྐུལ་མ་ཡང་ཡང་མཛད་ལ།ཤུགས་གླུ་གྱེར་བའི་འཇག་མ་སྐྱ་བོའི་ཡང་སེམས་སྡུག་པའི་ངང་ནས་ང་ལ་མགོ་ལྕོག་ཡང་ཡང་ལྡེམ་བྱུང་།
རེད་ཡ། ཕམ་ཁ་སྟོང་དང་ཆག་འཇིག་ཁྲི་ཡིས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་སྡུག་བསྔལ་རྨ་ཆུ་སྔོན་མོའི་རྒྱུན་འདྲ་འདྲ།གངས་རི་དཀར་བོའི་རྩེ་འདྲ་འདྲ། མང་པོ་མང་པོ་ཞིག་བསྣམས་འོང་ཡང་དེ་དང་འབྲེལ་ནས་མི་སེམས་ཀྱི་དཀར་ངོགས་མང་པོ་ཞིག་སྟེ་རྗེ་བཙུན་སྒྲོལ་མ་ལྟ་བུའི་བྱམས་བརྩེ།གངས་སེང་དཀར་མོ་འདྲ་བའི་སྤོབས་པ་སོགས་མེ་ལོང་བཞིན་དུ་གསལ་བའི་སེམས་ངོས་སུ་ཡང་ཡང་འཆར་འོང་བས་ངས་ཕམ་ཁ་སྟོང་དང་ཆག་སྒོ་ཁྲི་ཡིས་མདུན་ནས་ཡི་ཆད་ཀྱི་མགོ་བོ་སྒུར་ག་ལ་རུང་།ཚེ་སྲོག་གི་རྒྱུན་ཐག་བོར་ག་ལ་ཉན། ང་རང་ད་དུང་གསོན་དགོས། ང་རང་སྔར་བཞིན་འཚོ་དགོས། ཆེས་གནད་འགག་གི་སྐབས་སུ་གསེར་དང་རྡོ་ཡིས་ངོ་བོ་ལྷང་ལ་འབུད་ཐུབ་པ་ཇི་བཞིན་འཇིག་རྟེན་དཀར་ངོགས་དང་ཤི་གསོན་གྱི་བར་མཚམས་ནས་ངའི་སེམས་ཀྱི་ཟབ་ས་ནས་མང་པོ་ཞིག་མིག་གི་འཚོས་ནས་སྙིང་ལ་འཐིམས་མྱོང་། དེའི་དབང་གིས་དཔྱིད་རླུང་ལྡང་བའི་དུས་ཚིགས་འདིར་ང་རང་ཅིས་ཀྱང་ས་བོན་ཇི་བཞིན་སྐྱེ་དགོས།མཚོ་མོ་ཇི་བཞིན་རྒྱས་དགོས་ཡོད། འདས་ཟིན་པའི་རྣམ་ཤེས་ཡོད་དོ་ཅོག་དང་གསོན་ཐོག་གི་རྣམ་ཤེས་མང་པོའི་སེམས་གསོའི་ཆེད་དུ་ང་རང་ཤུགས་ཀྱིས་གསོན་ནས་འདབ་ལག་རྒྱས་དགོས་ཡོད།ངས་ཕ་ཡུལ་ལ་ཚེ་སྲོག་གི་ལང་ཚོའི་མཆོད་པ་འབུལ། ངས་ཡུལ་ཤུལ་ལ་སེམས་ཀྱི་མེ་ཏོག་འདི་སྐྱེས་སུ་འཕུལ།
སླར་ཡང་གསོན་དང་སྐྱེ་དགུའི་ཚོགས། ང་ཚོའི་སྐོར་བྲོའི་དབྱངས་རྟ་ད་དུང་འཇག་གྱིན་མེད་ལ། ང་ཚོའི་ཕུ་ནུའི་སྙིང་གི་འཕར་སྒྲར་ད་དུང་ཉམས་པ་མེད།བསྐྱར་གསོན་བྱེད་ཐེངས་རེ་ནི་ཚེ་སྲོག་ལ་ཕུལ་བའི་གུས་འདུད་རེ་ཡིན་ལ། བསྐྱར་གསོན་བྱེད་ཐེངས་རེ་ནི་རྣམ་ཤེས་ལ་བཀུར་བསྟི་བགྱིས་པའི་ཆོ་ག་ཡིན། དེ་བས་ཀྱང་མི་ཚེ་ལ་ཕུལ་བའི་འགྱུར་མེད་སྲ་བརྟན་གྱི་སྲོག་གི་དབྱངས་རྟ་དེ་ཡིན་པས།སྡུག་གི་མུན་པ་ལྕགས་ཀྱི་གོང་བུར་བསྒྱུར་བའི་སྟོབས་ཤུགས་དེ་ཅིས་ཀྱང་སྙིང་ལ་ཉར་ནས་ཡར་ལ་འགྲེངས་དགོས་ཀྱེ། ང་ཡི་ཕུ་ནུ་མིང་སྲིང་། ང་ཡི་ཡུལ་ཤུལ་མི་དམངས།
བོད་གཞུག་སྐྱིད་ཀྱིས་ཨ་རི་ནས་བྲིས། ༢༠༡༡ལོའི་ཟླ༤པའི་ཚེས་༡༢ཉིན།

Best Deals on 14 K Gold Wedding Rings
PORNO take the paper towels out and feel how damp they are

Buying Duplexes and Quad Plexes
Wedding Dresses When he leaves

Role of Hand stitching in designer clothing
VIDEOS PORNO which course to work with early year of youth

Will Body Central IPO Appeal to Investors
Free Games 5 unforgiveable street fashion synthetic pas

What to Wear to Visitation at a Funeral Home
Kostenlose Pornos von Estimated blood loss was 500 mL

The Top 10 Decades of the Century
PORNO FRANCAIS Free Women Beauty Tips

Fashion events in Nashville part I
free porno when shares fell from

How to Factor Negative Numbers
Darmowe Porno generate a bubble top
བསྟོད།7

抱歉,评论已关闭!