ངས་ཅིའི་ཕྱིར་དུ་རྗེས་དྲན་བྱེད་དགོས།༼རྗེས་དྲན་ཆེད་བསྒྲིགས།༽

ཨ་རིན།

---ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་འགོར་བར།
ངས་ཅིའི་ཕྱིར་དུ་རྗེས་དྲན་བྱེད་དགོས།
དུས་ཚོད་མང་པོ་ཞིག་ལ་བསམ་གཞིགས་བཏང་མཐར་ད་གཟོད་ཁ་བྱང་འདི་འདྲ་ཞིག་སེམས་སུ་འཆར་འོང་སྟེ། རྒྱུ་མཚན་ངས་བསམ་གཞིགས་ཅི་ཙམ་བཏང་ཡང་ཡུལ་ཤུལ་གྱི་ས་ཡོམ་ལ་རྗེས་དྲན་བྱེད་དགོས་པའི་གཏན་ཚིག་ཡིད་ཚིམ་པ་ཞིག་རེ་ཞིག་རྙེད་མ་བྱུང་བས་ཏེ། སྐད་ཆ་འདི་ལྟར་ལབ་ན་མང་པོ་ཞིག་གིས་ཁྱོད་ནི་བླུན་པོའོ་ཞེས་མི་ཟེར་བའི་ངེས་པ་ཁྱོན་ནས་མེད་ནའང་། ངས་སྔར་བཞིན་རང་སེམས་ཀྱི་དྲི་བ་འདི་རྒྱུན་འཁྱོངས་བྱེད་སྲིད་དེ། དོན་གྱིས་ང་དང་འདྲ་བའི་མི་མང་པོ་ཞིག་གིས་ཡུལ་ཤུལ་ས་ཡོམ་ལ་རྗེས་དྲན་བྱེད་པའི་དམིགས་ཡུལ་ཅི་ཞིག་ཡིན་ཚུལ་སྤྲིན་གསེབ་ཀྱི་རྒྱུ་སྐར་བཞིན་མོག་མོག་ཏུ་སྣང་ཡོད་པར་ང་རང་ཡིད་ཆེས་པས་ཡིན།
རེད་དེ། ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་འགོར་བའི་ཉིན་མོ་འདིར། ངས་ང་ཚོ་ནི་གདུང་རྒྱུད་གཅིག་ལས་མཆེད་པའི་མི་རིགས་ཡིན་པས་རྗེས་དྲན་བྱེད་དོ་ཟེར་རམ། མི་རིགས་ཀྱི་ལ་རྒྱའི་ཆེད་དུ་ཞེས་སྐད་ཆ་རུལ་བོ་ཞིག་ལ་འབྱར་ཏེ་མང་མང་གི་མདུན་ནས་ངར་སྐད་སྒྲོག་གམ། ཡང་ན་མིའི་རིགས་ཀྱི་བླ་མེད་ཀྱི་བརྩེ་དུང་དེའི་ཆེད་དུའམ་མིའི་ཚེ་སྲོག་ནི་ལྷན་སྐྱེས་ནས་འདྲ་མཉམ་མོ་ཞེས་ནུབ་གླིང་གི་དེབ་རྒན་རེ་འགའི་ངོས་ཀྱི་སྐད་ཆ་འགའ་བརྐུས་འོང་ཏེ་གཞན་ལ་ངོམ་སོ་བྱེད་དམ། ལར་དེ་ཡང་མི་ཆོག་པ་མེད་དེ། ང་ཚོའི་ཀླད་པ་གོར་མོ་དེའི་ནང་གི་ཡོད་ཚད་ཆུང་བྱིས་པའི་དུས་ནས་སྒྲིག་གཞི་དང་དངོས་ཕན་རིག་གནས་ཀྱིས་བཀྲུས་བཀྲུས་མཐར། མཐོ་དཔོན་པོ་བླ་མ་ནས་བར་དགེ་རྒན་སློབ་མ་དང་དམའ་མི་སེར་བར་དུ་ཕྱི་རྣམ་རིང་ལུགས་ཀྱི་འཁྲབ་སྟོན་གང་མང་བགྱིས་ཏེ་དུས་ཡུན་གང་འཚམ་ཞིག་སོང་མྱོང་ལ། མིའི་གཉུག་གཤིས་སུ་གྱུར་བའི་གསོག་རྫོབ་དང་ཚུལ་འཆོས་སོགས་ཀྱང་སླར་ཡང་ང་ཚོའི་རུས་པའི་གསེང་ལ་འཐིམས་ཏེ་ལོ་ཟླ་མང་པོ་ཞིག་འདས་ཡོད་པས་ཡིན། འདི་ནི་ད་ལྟར་གོམས་ལོབས་སུ་གྱུར་བའི་༼རང་བྱུང་༽གི་གོམས་ལོབས་ཤིག་ཏུ་བརྩི་བས་ན་ཆེས་རྒྱུན་ལྡན་གྱི་བྱེད་ཐབས་གལ་ཆེན་ཞིག་གོ། དེས་ན་ལག་གི་ཤོག་བུ་རེ་འགའ་དང་སྒོར་རྡོག་རེ་གཉིས་ཆུད་ཟོས་ཀྱིས་ང་ཚོས་ཀྱང་འདི་ན་རྗེས་དྲན་ཞུ་ཡི་ཡོད་ཅེས་ཀུན་ལ་གླེང་མི་ཆོག་པའི་རྒྱུ་མཚན་སུ་ལའང་འདྲེན་དུ་མེད།
དེ་བས་འདི་ལྟ་བུའི་ཁ་གཡང་ངམ་སྐད་ཆ་གང་རུང་ཞིག་ལ་ཁ་གཡར་ཏེ་ཉིན་མོ་འདི་དེ་བཞིན་ཕར་བསྐྱལ་ཀྱང་ཆོག་པ་འདྲ་ཡང་། ཞིབ་ཀྱིས་བསམ་གཞིགས་བཏང་ན་རྗེས་དྲན་དེ་ལྟ་བུས་ང་ཚོར་ཕན་ངེས་ཀྱི་བསླབ་བྱའམ་བདེ་སྐྱིད་ཀྱི་འཚོ་བ་རོལ་སྟངས་ཤིག་གམ། ཁ་ཚ་དགོས་གཏུག་གི་གནད་དོན་ཅི་ཞིག་ཐག་གིས་བཅད་སོང་བ་ཡིན་ནམ། ཡང་ན་རྗེས་དྲན་འདི་རྗེས་དྲན་རྐྱང་རྐྱང་ཞིག་གི་སླད་དུ་ཡིན་ནམ། སྐབས་འདིར་མི་ཁོག་གྲིམ་རེ་འགས་ཁོ་བོ་ནི་དངོས་ཕན་རིང་ལུགས་པ་འབའ་ཞིག་ཡིན་པའི་སྡོམ་ཚིག་རྙེད་ཀྱང་སྲིད་མོད། ངས་འདིར་བཤད་འདོད་པ་ནི་རྗེས་དྲན་ལ་རྗེས་དྲན་གྱི་རིན་ཐང་དང་དགོས་པ་ཡོད་སྲིད་ལ་ཡོད་ཀྱང་དགོས་ཏེ། རིན་ཐང་མེད་པའི་དངོས་པོའམ་དངོས་པོ་མ་ཡིན་པའི་གང་རུང་ཞིག་ལ་ད་དུང་འཇིག་རྟེན་འདིར་འཚོ་དགོས་པའི་རྒྱུ་མཚན་ཡོད་དམ། དེ་ལྟར་མིན་ན་རྗེས་དྲན་ནི་གད་སྙིགས་ཁྲོད་ཀྱི་བེད་སྤྱོད་རིན་ཐང་ཅི་ཡང་དབེན་པའི་ཅ་ལག་ཅིག་རང་དགར་གྱིས་ཕྱིར་བཏུས་པ་དང་འདྲའོ།། དེ་ལྟར་མིན་ན་རྗེས་དྲན་ནི་གདོང་ལ་ངོ་འབག་གྱོན་ཏེ་གར་འཁྲབ་མཁན་ཞིག་གིས་གར་རང་ཡན་པ་ཞིག་འཁྲབ་པ་དང་འདྲའོ་ཟེར་འདོད།
ན་ནིང་དོ་ཚིགས་རླབས་ཆེན་གྱི་མི་སྣ་ཆེ་གེ་མོ་དང་དུས་ཆེན་ག་གེ་མོར་རྗེས་དྲན་བྱེད་པའི་ཚ་རླབས་ཤིག་བོད་ཁུལ་མ་ཟད་རྒྱ་ནག་དུའང་འཕྱུར་བཞིན་འདུག་ཀྱང་། དེ་ལས་བོད་ཁུལ་ལ་མཚོན་ན་ཆེས་དགའ་འོས་པའི་དོན་དག་གལ་ཆེན་ཞིག་ཅི་ལ་མིན་ཨང་། མེ་ལྕེས་བཤད་པ་ལྟར་གྱི་ང་ཚོས་༼བརྗེད་ཆུ་བཏུང་བ་༽ཡིན་ཡང་བརྗེད་ཆུ་འཐུང་མཚམས་བཞག་པའི་སྔ་ལྟས་ཤིག་ཀྱང་ཡིན་ལས་ཆེ། དེ་བས་སྐབས་འདི་འདྲར་ངས་རང་གི་སློབ་མ་ཚོར་ཞེ་ཐག་པ་ནས་འདིའི་སྐོར་གྱི་ཁ་ཤོམ་འཐེན་མྱོང་བའང་གྲངས་ལས་འདས། རེད་མོད། རྗེས་དྲན་གྱི་ཡོ་ལང་ཤིན་ཏུ་དར་བའི་བར་སྐབས་འདིར་ང་རང་དོགས་པ་ཞིག་ཀྱང་ཞར་ལ་སྐྱེས་འོང་ཏེ། ང་ཚོས་རྗེས་དྲན་བྱེད་པ་ནི་དོན་གྱིས་བརྗེད་ངེས་ཀྱི་བག་ཆགས་ནང་ནས་སད་དེ་དྲན་ཤེས་ཀྱི་རྟོགས་པ་ལྷ་དང་མཉམ་པ་ཡིན་ནམ། ཚོད་ཚོད་དུ་ཧོབ་ཀྱིས་ལངས་ཏེ་གང་ཞིག་ལ་ལད་ཟློས་བྱས་པའམ་ཆུ་ཁའི་ལྦུ་བ་ལྟར་གྱི་སོབ་སོབ་ཞིག་ཡིན་ནམ། མི་རེ་འགས་འདི་ནི་གོ་རིམ་ཞིག་གོ་ཞེས་ཟེར་ཡང་སྲིད་དེ། ཆོས་གང་ཞིག་སྐྱེས་པ་ནས་འཕེལ་བ། དེ་ནས་རྒུད་པའི་གོ་རིམ་འདི་ངས་ཀྱང་ཤེས། ཡིན་ནའང་གོ་རིམ་ལ་གོ་རིམ་ཚོད་ཀྱི་འགྲོ་ལུགས་ཤིག་གམ་གོ་རིམ་འདི་གཟབ་ནན་གྱི་ལས་ཀ་ཞིག་ཅིས་ཀྱང་ཡིན་དགོས་ཏེ། དེ་ལྟ་མིན་ཚེ་དེ་ནི་༼འཁྱོགས་གཟུགས་ཀྱི་རྩ་དོན་༽ཅིག་རེད་ལ། འདི་ནི་གོ་རིམ་ཞིག་གོ་ཟེར་བ་ཡང་རང་སེམས་རང་གིས་གསོས་པ་ཞིག་གོ།
དོགས་པ་འདི་དང་འབྲེལ་ཏེ་དེ་རིང་གི་ཉིན་མོར་ཡུལ་ཤུལ་གྱི་ས་ཡོམ་གནོད་འཚེ་ལ་རྗེས་དྲན་བྱེད་པར་ཡང་དོགས་པ་སྐྱེས་འོང་ཞིང་། དོགས་པ་འདིས་ད་གཟོད་རང་ཉིད་ཀྱིས་ཡུལ་ཤུལ་གྱི་ས་ཡོམ་ལ་ཅིའི་ཕྱིར་རྗེས་དྲན་བྱེད་དགོས་དོན་ཡང་ཅུང་ཙམ་ཤེས་སོང་བ་ལྟར་གྱི་སྣང་བ་ཞིག་འདུག་སྟེ། དེ་ནི་སྔོན་འགོག་གོ སྔོག་འགོག་གི་རྒྱུན་ཤེས་ཁོང་དུ་ཆུད་པ་ལས་ཉིན་དུ་མའི་སྔོན་གྱི་འཇར་པན་ལ་རྒྱུགས་པའི་ས་ཡོམ་ཁྲོད་མི་མང་པོའི་ཚེ་སྲོག་གྱོང་གུད་༼འཇར་པན་གྱི་ས་ཡོམ་ལས་མི་མང་པོ་ཤི་རྨས་ཐེབས་བྱེད་ནི་རྒྱ་མཚོའི་མཚོ་རླབས་འཕྱུར་བ་ལས་བྱུང་བ་ཡིན་ཚུལ་དྲ་བ་རེ་འགར་གསལ།༽མ་ཐེབས་པ་ལྟ་བུ་རེད་དེ། སྔོན་འགོག་གི་རྒྱུན་ཤེས་ཡོད་ན་ད་གཟོད་རང་གཞན་ཀུན་གྱི་ཚེ་སྲོག་དེ་ཁག་ཐེག་དང་འགན་སྲུང་ནུས་ལ། མི་ཤི་རྒྱུ་ཟད་ཀྱི་གྱོང་གུན་ཚབས་ཆེན་དེ་ཡང་རེག་པ་མིན། གལ་ཏེ་སྔོན་འགོག་གི་རྒྱུན་ཤེས་ཡོད་ན་གང་ཞིག་ལ་རེ་བའི་མིག་ཟུང་གཏད་ཅིང་གསོལ་འདེབས་ཁྲི་ཕྲག་གི་ཀློང་ནས་སེམས་ཀྱི་སྟོབས་ཤུགས་ཟད་དགོས་དོན་མེད་ལ། རང་བྱུང་ཁམས་དང་ནུས་མཐུ་ཅན་གང་ཞིག་གིས་རང་ལ་འཁོན་ལན་སློག་པར་འདོད་པའི་རང་གིས་རང་ལ་དངངས་སྐྲག་སློང་བའི་དོན་མེད་ཀྱི་རྣམ་རྟོགས་དེ་ཡང་བཟོ་དགོས་དོན་མེད། དེ་བས་བར་སྐབས་འདིར། སྙན་ངག་དང་འབོལ་རྩོམ་འབྲི་བ། གླུ་ལེན་པ་སོགས་རང་སེམས་མཚོན་པའི་རྗེས་དྲན་སྣ་ཚོགས་བྱེད་པར་རུང་ལ་དེར་ཡང་དེའི་ཚོད་ཀྱི་རིན་ཐང་ཡོད་སྲིད་ཀྱང་། ང་ཚོའི་འཚོ་བ་དང་ཤིན་ཏུ་ཐག་ཉེ་བའམ་ཐད་ཀར་འབྲེལ་བ་མཆིས་པའི་སྔོན་འགོག་གི་རྒྱུན་ཤེས་ནི་དེ་ལས་ཀྱང་རིན་ཐང་ཆེ་བར་འདོད། འདི་བལྟོས་བཅོས་ཀྱིས་བཤད་པ་མ་གཏོགས་རྩོམ་རིག་དེ་འཚོ་བ་དང་ཐག་མི་ཉེ་བའི་ཁ་སྤོབས་དེ་བདག་འདྲར་མེད།
བྲིས་ཏེ་མཚམས་འདིར་སླེབས་དུས་ད་དུང་ཅི་ཞིག་བཤད་མ་སོང་བ་འདྲ་སྟེ། ཉེར་ལེན་གྱི་ངོས་ནས་བཤད་ན་གནམ་རིག་དང་ས་ཁམས་རིག་པའི་སྐོར་གྱི་རྒྱུན་ཤེས་དང་རང་བྱུང་གནོད་འཚེ་སྔོན་འགོག་སྐོར་གྱི་རྒྱུན་ཤེས་ཅུང་ཙམ་ཞིག་ཤེས་དགོས་པ་ལྡོག་ཏུ་མེད་ནའང་། དུས་ད་ལྟ་ཧུའུ་ཧྲི་ལྟར་གྱི་༼གནད་དོན་ཐག་མི་ཆོད་པའི་རིང་ལུགས་༽མང་པོ་ཞིག་ཀྱང་ང་ཚོའི་ཁོར་ཡུག་ཀུན་ཏུ་འཚང་ཁ་ཤིག་ཤིག་བྱེད། དེ་བས་རིང་ལུགས་བསོར་མོ་འདི་དག་གིས་དུས་ནམ་ཞིག་ང་ཚོར་བསླུ་བྲིད་ཐེབས་ཤིང་མཐར་ཐུག་ང་ཚོ་རྨེག་མེད་དུ་མི་གཏོང་བའི་ངེས་པ་རྦད་དེ་མེད་ན། གང་ཞིག་བླང་བར་བྱ་བ་དང་གང་ཞིག་དོར་བར་བྱ་བའི་ལས་ལ་ཡང་ཧ་ཅང་གཟབ་ནན་གྱིས་བལྟ་དགོས་པར་སྣང་སྟེ། དེ་ནི་སྔོན་འགོག་གོ། དེ་ལྟར་བསམ་གཞིགས་གཏོང་དུས་སྔོན་འགོག་ཅེས་པའི་ཐ་སྙད་འདི་ཉེར་ལེན་གྱི་དངོས་ཕན་མ་ཟད་བསམ་པའི་རིག་གནས་སྟེང་ལའང་སྦྱར་ཆོག་པར་འདུག་མོད། སྔོན་འགོག་གིས་གསར་བྱུང་གི་ཆོས་ཡོད་ཚད་རྩ་བ་ནས་བཀག་པའི་དོན་མ་ཡིན་ཏེ། དཔེར་ན་ཉལ་ཐ་དུག་རྫས་ཡིན་རུང་མཚམས་ལན་རེར་སྨན་དུ་བཀོལ་ཆོག་ཀྱང་ཉལ་ཐ་འཐེན་ཆས་ནི་རྩ་བ་ནས་མེད་ན་ཆོག་པས་འདོར་བྱ་ཡིན་པ་ལྟ་བུའོ།། དེས་ན་གསར་བྱུང་གི་རིག་གནས་གང་ཞིག་ང་ཚོའི་བོད་པའི་རིན་ཐང་ལྟ་ཚུལ་དང་གཏན་ནས་མི་འདྲ་བས་ན་དེ་དུག་རྫས་ཡིན་པའི་ངེས་པ་མེད་དེ། ང་ཚོའི་ཆགས་འཇིག་ལ་གནོད་པ་མེད་པ་ཞིག་ཡིན་ཚེ་དང་ལེན་བྱེད་མི་ཆོག་པའི་རྒྱུ་མཚན་ཡང་གར་ན་མེད། འོན་ཀྱང་ཐུན་མོང་གི་ཆེད་དུ་མི་སྒེར་གྱི་ཚེ་སྲོག་དང་རྩིས་ཐང་སོགས་སྣང་མེད་དུ་བསྐྱུར་ཆོག་པར་གཏན་ཚིགས་ཡོད་མདོག་ཁ་བས་སྒྲུབ་པའི་འཁྱོགས་གཟུགས་ཀྱི་རིག་གནས་ཤིག་ཡིན་པར་སྲིད་ན་ང་ཚོར་ཡང་མཐའ་གཅིག་ཏུ་སྔོན་འགོག་བྱེད་པའི་ཁེ་དབང་ནམ་ཞར་ཡོད་པས་ཡོད་ལ། གྲལ་རིམ་གང་ཞིག་གི་གཏན་འཇགས་ཀྱི་སླད་དུ་ཞབས་ཞུ་སྒྲུབ་པའམ་ལག་ཆར་བེད་སྤྱོད་པའི་བྲན་གཤིས་ཀྱི་རིག་གནས་ཤིག་ཡིན་པར་སྲིད་ན་ང་ཚོར་ཡང་དེ་སྔོན་འགོག་བྱེད་པའི་མཚོན་ཆ་རྣལ་མ་ཞིག་ངེས་པར་དུ་མཁོ་ངེས། ཡང་ན་དེང་འདིར་ཐག་མི་ཆོད་པའི་རིང་ལུགས་སྣ་རིང་མ་རེ་འཁྱེར་འོངས་ཏེ་འདི་ལ་གུས་པའི་འདུད་དགོས་ཞེས་རང་ཡན་གྱི་བསྒྲགས་གཏམ་གང་སར་སྤེལ་དུས་ཀྱང་ང་ཚོར་དེ་བཞིན་སྔོག་འགོག་གི་བློ་གྲོས་དྭངས་མ་ཞིག་སེམས་སུ་རང་དབང་གིས་ཡོད་དགོས་ཨང་།
འདི་དང་འབྲེལ་བའི་ཞར་བྱུང་གི་སྐད་ཆ་ཞིག་ལབ་ན། ཡུལ་ཤུལ་ས་ཡོམ་ལ་རྗེས་དྲན་བྱེད་ཀྱི་ཡོད་ཅེས་གླུ་གར་གྱི་རྒྱ་མཚོ་ངང་གིས་རོལ་ན། ང་ཚོའི་བོད་ཀྱི་སྲོལ་ལུགས་ལྟར་སོང་ཚེ་མི་ཤི་བའི་རྗེས་སུ་གླུ་དབྱངས་དང་གར་འཁྲབ་པ་སོགས་རྩེད་མོའི་རིགས་ནི་འཛེམ་བྱའི་སྐོར་ཡིན་པས། དེར་བལྟས་ན་མི་ཤི་རྗེས་གླུ་ལེན་པ་དང་གར་འཁྲབ་པ་དེ་བོད་རང་གི་རིན་ཐང་ལྟ་ཚུལ་ཞིག་མིན་ལས་ཆེ། ཡིན་ཡང་ངའི་ཉེ་དུ་མ་ཤི་ན་ངས་ཅིས་ཀྱང་བྱེད་ཆོག་གོ་ཟེར་ཚེ་ཁྱོད་ཀྱི་རྗེས་དྲན་དེ་ཡང་ཚུལ་འཆོས་དང་གསོག་རྫུ་འབའ་ཞིག་གོ། དེས་ན་སྣང་ཚུལ་བྱེ་བྲག་འདིའི་རིགས་ཀྱིས་ང་ཚོར་ཕན་ནུས་ཅི་ཡང་མེད་ཁར་ང་ཚོ་རང་ལ་ཡོད་པའི་རིན་ཐང་ལྟ་ཚུལ་འཁྱོག་བསྒྱུར་བྱེད་ཀྱི་ཡོད་ན་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པར་སེམས་སོ།།
ཞེས་༢༠༡༡ལོའི་ཟླ་༤ཚེས་༡༣ཉིན་གྱི་མཚན་གུང་འགུ་དྲག་ནས་སྦྱར།

Need a realtors license if you do 5 or more deals
VIDEO PORNO XXX the summer season layout camps as the big apple

A Mother Dresses Up Her Child Like a Male Fashion Model
Gowns Online Shop thongs and teddies may not be accepted

How to Get Rid of Dark Patches on My Face
VIDEOS PORNO garage sales and antique malls for vintage home furnishings

Volumizing Your Hair With a Dry Spray
Download Free Games what an ignominious way to die

a Must Have Fashion for Summer
pornos Well if you look at chart 3

Mens Hair Styles 2009 Fashion Trends
free xxx Comparison of several classic heavy weight blank t

I need a complete overhaul for spring
free porno large size style youtubers to check

Why Microsoft Will Never Win Again
Free Porno Wife coach's eventual is actually the particular model name
བསྟོད།6

抱歉,评论已关闭!