སྙན་ངག་ནི་གད་སྙིགས་སུ་དོར་ཆོག་ཆོག་རེད།

རྣོ་མིག

༼དམར་གསོད་ཐེབས་པའི་སྙན་ངག་བརྩམས་ཆོས་སྐོར་ཞིག་གི་ཆེད་དུ་སྐད་ཆ་བཤད་པ།༽

1.

ཡང་ན།ངས་འདི་ལྟར་སྐད་ཆ་བཤད་པ་ནི་ཕམ་ཁ་ཞིག་གི་ཁ་གཏད་དུ་བསྡད་དེ།ཨམ་གཙུགས་སྡམ་ཞོར་དུ་ཡང་ལངས་སྟངས་ཤིག་ཡིན།

2.

འདས་ཟིན་པའི་ལོ་རྒྱུས་ཁྲོད་ཀ་ཁའི་སློབ་ཆེན་ཞེས་པའི་མཚང་མིང་ཐོགས་མྱོང་བའི་སི་ཁྲོན་མི་རིགས་སློབ་གླིང་ནི།ད་ཆ་བྱིས་པ་གོག་རྒྱུགས་ཀྱི་ཚུལ་གྱིས་མདུན་དུ་ཡིན་མ་ཡིན་ཙམ་ཞིག་བསྐྱོད་ཀྱིན་པའི་སྒང་རེད།དེ་ནི་བོད་སྐད་ཡིག་སྡེ་ཁག་གི་འགོ་གཙོ་གཞོན་པ་དགེན་མུ་པོ་ལགས་དང་།ཡོང་ནས་ལོ་གཉིས་གསུམ་ཙམ་ལས་སོན་མེད་པའི་དགེན་ཨ་རིན་ལྕགས་རྒྱལ་འབུམ།གཞན་ད་དུང ་སློབ་མ་ན་ཟུག་ཅན་སྐོར་ཞིག་གིས་གྲུབ་པའི་ འབྲོང་རྭ་ཚོགས་པ་བཅས་ཀྱི་ཧུར་ཐག་གདོང་མཆོག་གི་གྲུབ་འབྲས་ཁོ་ན་ཡིན་པ་ནི་ང་ཚོ་སུ་ལའང་གསལ།

3.

ད་ཐེངས་ཡང་བོད་ཡིག་སྡེ་ཁག་ནང་ཁུལ་དུ༼དབྱངས་ཅན་མ༽ཞེས་པའི་བོད་རྒྱ་གཉིས་ཀྱི་ལམ་ནས་སྤེལ་བའི་རྩོམ་རིག་འགྲན་བསྡུར་ཞིག་བསྡུས་པ་རེད།འདི་དང་དེ་ལ་སོགས་གང་ཡིན་ཀྱང་སློབ་གྲྭ་འདིར་མཚོན་ན་འཕེལ་རྒྱས་ཤིག་ཡིན་པ་ནི་སྨོས་མ་དགོས་ལ།དེ་ནི་ད་སྔར་བྱུང་མ་མྱོང་བའི་གསར་གཏོད་ཅིག་ཀྱང་རེད་པས་ཧ་ཅང་དགའ་འོས་པ་ཞིག་རེད།

4.

རང་སློབ་གྲྭ་འདིའི་སྐད་ཡིག་དགེ་རྒན་རེ་འགའ་དང་སློབ་མ་རེ་འགས་སྒྲིག་འཛུགས་གཏན་འབེབ་གནང་བའི་འགྲན་བསྡུར་སྤེལ་སྟངས་ནི་འདི་ལྟར་ཡིན་ཏེ།འགྲན་རྩོམ་ཁྲོད་དཔྱད་རྩོམ་བྲིས་ཆོག་ཅིང་སྒྲུང་གཏམ་ཡང་བྲིས་ཆོག་པ། ལྷུག་རྩོམ་བྲིས་ཆོག་ལ་སྙན་ངག་ཀྱང་བྲིས་ཆོག་གི་ཡོད་པས།དངོས་གནས་རང་ཉིད་གང་ལ་འཇོན་ལ་དེ་ཉིད་བྲིས་ཆོག་པའི་གོ་སྐབས་ལེགས་པོ་ཞིག་རེད།མ་ཟད་ང་ཚོ་ཕྱོགས་གཞན་ཞིག་ནས་ཧ་ལས་ཤིང་ཧང་སངས་དགོས་པ་ནི།རྩོམ་ཡིག་དཔྱད་འདེམས་པ་དང་སྒྲིག་ལམ་འདི་གཏན་ཁེལ་གནང་མཁན་གྱི་དག་གི་གོ་རྟོགས་དང་འཇོན་ཐང་དེ་རེད།རྒྱུ་མཚན་ནི།ཁོ་རང་ཚོ་དཔྱད་རྩོམ་ལ་འབྱོང་བ་མ་ཟད་སྙན་ངག ་ལ་ཡང་བྱང་ཆུབ་པ།ལྷུག་རྩོམ་ལ་བློ་སྒམ་པ་མ་ཟད་སྒྲུང་གཏམ་ལ་ཡང་དཀྱེལ་ཡངས་པས་ཡིན་ཏེ།རྩོམ་ལུས་འདི་དག་ལ་རྨང་གཞི་མཐུག་པ་ཞིག་མེད་ཚེ་འདི་ལྟ་བུའི་རྩོམ་ལུས་ཡོད་ཆོག་པའི་རྒྱུ་མཚན་མེད་དགོས་པ་ཡིན།

5.

གལ་ཏེ་མི་བུ་དཀྱུས་མ་ཞིག་གིས་ལས་འགན་འདི་སྒྲུབ་པའི་དབང་དུ་བཏང་ན།རྩོམ་ལུས་སྣ་གཅིག་གཏན་ཁེལ་བགྱིས་ཏེ་དཔྱད་འདེམས་བྱེད་པ་ལས་འཇོན་མི་སྲིད།ང་ཡིན་ན་ཡང་མི་དཀྱུས་མ་དེའི་རིགས་ཡིན།འོན་ཀྱང་ངེས་དོན་གྱི་མཛད་པ་ཉམས་སུ་ལེན་པའི་ངེད་ཚོའི་སློབ་དཔོན་དག་ནི་ཤེས་རྒྱ་ཇི་འདྲ་ཆེ་བ་བཞིན་སྤྱང་གྲུང་ཡང་དེ་བཞིན་ལྡན་ཏེ།སྙན་ངག་ལ་མཁས་མཁན་དེ་ཚོར་སྙན་ངག་ལ ་དཔྱད་དུ་བཅུག་ཅིང་།དཔྱད་རྩོམ་ལ་མིག་རྣོ་མཁན་ཚོར་ཡང་དེ་དང་དེ་འཚམ་གྱི་ལས་བགོས་བགྱིས་ནས་བརྟག་པ་རེད་སྐད།ཡིན་ན་ཡང་དེ་ནི་ལྷག་དུ་མཚར་སྣང་འཛིན་དགོས་པ་ཞིག་མ་རེད་དམ།དཔེར་ན།མི་ཞིག་གིས་ཁྱོད་རང“ཅི་ཞིག་འཐུང་བར་དགའ ” ཞེས་དྲིས་ཚེ། “ང་རང་ག་གེ་མོ་དེ་འཐུང་བར་དགའ”ཞེས་ལྡོན་སྲིད་པ་ལས།“ང་རང་ག་གེ་མོ་ཞིག་ཟ་བར་དགའ”ཞེས་བཤད་པ་ནི་གླེན་རྟགས་མ་རེད་དམ།ཡང་མི་དེས།“ཁྱོད་ཅི་ཞིག་བཟའ་བར་དགའ”ཞེས་དྲིས་ཚེ།“ང་རང་ག་གེ་མོ་དེ་བཟའ་བར་དགའ”ཞེས་ལྡོན་སྲིད་པ་ལས།“ང་རང་ག་གེ་མོ་དེ་འཐུང་བར་དགའ”ཞེས་བཤད་པ་ནི་གླེན་རྟགས་མ་རེད་དམ། དེ་བཞིན་གོང་གི་འགྲན་བསྡུར་དེ་ཡང་དེ་ལྟ་བུའི་སྣང་ཚུལ་ཞིག་ཨེ་རེད།བདག་གི་གཟུར་འཐབ་པ་རྣམ་པ།ཤོད་དང་ཤོད་དང་།

6.

འགྲན་རྩོམ་ཕལ་ཆེ་བ་བཅད་རྩོམ་དང་རང་མོས་སྙན་ངག་རེད་ལ།སྒྲུང་གཏམ་གསུམ་དང་།རྩོམ་རིག་དཔྱད་བརྗོད་གཅིག དཔྱད་རྩོམ་དང་ལྷུག་རྩོམ་འགའ་མཆིས།དེའི་ནང་ནས་མི་མགོ་བཅུ་དྲུག་ལ་བྱ་དགའ་ཐོབ་པའི་གནས་ཚུལ་ནི་འདི་ལྟ་སྟེ།ཨང་དང་པོ་གཅིག༼སྒྲུང་གཏམ།༽ཨང་གཉིས་པ་གཉིས༼གཉིས་ཀ་སྒྲུང་གཏམ།༽ཨང་གསུམ་པ་གསུམ༼དཔྱད་རྩོམ།རྩོམ་རིག་དཔྱད་བརྗོད།སྙན་ངག༽ཕུལ་བྱུང་ལྔ༼གཅིག་མ་གཏོགས་ཚང་མ་སྙན་ངག ངའི་སྙན་ངག་འདུ༽རྟིང་སྐུལ་ལྔ༼ཚང་མ་སྙན་ངག༽ གཞན་ཁོ་ཚོའི་བྱ་དགའ་སྟེར་སྟངས་ལ་བལྟས་ན།ནང་དུ་མ་ཐེ་བ་ཚང་མ་སྙན་ངག་ཤ་སྟག་རེད་ཅེས་ཁ་ཚོན་གཅོད་ཐུབ།(བར་བཅུག་ཏུ་བཤད་རྒྱུ་ཞིག་ལ།སློབ་མ་ཞིག་གིས་འགྲན་རྩོམ་ཁྲོད་དུ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཅིག་སྤྲད་པར།འབོལ་རྩོམ་བསྡུ་ཡི་མིན།འབོལ་རྩོམ་བསྡུས་ནས་དཔྱད་བསྡུར་བྱེད་ཐབས་མེད་ཅེས་ཐལ་སྐད།སྐབས་འདིར་ངས་དཔྱད་འདེམས་པ་དང་རྩ་འཛུགས་པ་ཚོར་དྲི་བ་གཉིས་འཕེན་འདོད་དེ།རྩོམ་རིག་དཔྱད་བརྗོད་ཡོད་ཆོག་ས་ན་སྤྱི་ཚོགས་དཔྱད་བརྗོད་ཡོད་མི་ཆོག་དོན་ ཅི་ཡིན་པ་རེད།སྤྱི་ཚོགས་དང་ཁ་བྲལ་བའི་རྩོམ་ཡིག་ཅིག་ཡིན་ན།གཞན་པས་དེར་གདེང་འཇོག་ཆེན་པོས་དཔྱད་བརྗོད་བྱེད་དོན་མེད་དགོས་པ་འདྲ།མ་ཟད་དེ་ནི་ང་ཅག་ཚང་མར་ཆ་རྒྱུས་ཡོད་ཅིང་སྤྱི་ཚོགས་འཚོ་བ་དངོས་མཚོན་ཡོད་པའི་སྟག་འབུམ་རྒྱལ་གྱི་སྡུག་གི་ལོ་མ་ཆང་གིས་སྦང་བ་མིན་ཞེས་པའི་སྒྲུང་འབྲིང་དེ་རེད། གཞན་རྩོམ་ལུས་དེ་དག་ཚང་མ་ཕན་ཚུན་བར་ལྟོས་འཇོག་གིས་བསྡུར་འདེམས་བྱེད་སར་འགྲོ་ན།འབོལ་རྩོམ་གཅིག་པུ་བསྡུར་ཐབས་མེད་དགོས་དོན་ཅིའི་ཕྱིར་དུ་རེད།ཁྱོད་རང་ཚོས་བྱ་ཐབས་དེར་བལྟས་ན་འབོལ་རྩོམ་བསྡུར་རྒྱུ་ནི་གཞན་པ་ལས་ཀྱང་བསྡུར་དུ་རུང་ཞིང་སླ་བོ་མ་རེད་དམ།)ང་ཚོ་རང་ངོས་ནས་ཀྱང་སྙན་ངག་ཅེས་མིང་ཆེན་རི་འདྲ་བ་ཞིག་བཏགས་ཏེ་འབྲི་བའི་ཁུལ་བྱེད་ཀྱིན་ཡོད་པ་མ་གཏོགས་ལེགས་པོ་ཞིག་ནི་འཁྱོང་གི་མེད་པ་ཁས་ལེན་གྱི་ཡོད།འོན་ཀྱང་ཁོ་ཚོས་རང་གི་འདོད་ཕྱོགས་ཤིག་གཙུག་ཏུ་བཟུང་སྟེ་སྙན་ངག་ཡོད་དོ་ཅོག་ཅི་ཞིག་ལ་བརྩིས་ཏེ་མར་ཞད་ཅིག་ལ་བཅད་འདུག་པར་བལྟས་ན། ཁོ་ཚོས་བསམ་གཟས་ནས་སྙན་ངག་དམར་གསོད་བཏང་བ་མ་རེད་དམ།ཡང་ན་ཁོ་ཚོར་སྔོན་ཞིག་ནས་འདི་ལྟ་བུའི་བསམ་བློ་ཞིག་སྐྱེས་འདུག་ཚོད་རེད།ང་རང་ཚོའི་སྙན་ངག་འདྲ་ཆགས་དེ་ཚོ་ནི་ཁྱེད་རྣམ་པས་ཁྲག་དྲི་བྲོ་བའི༼དམྱལ་ཁམས༽སུ་གཡུགས་པར་ང་ལ་བསམ་འཆར་ཅི་ཡང་མེད།འོན་ཀྱང་སྤྱིར་སྙན་ངག་ཅིག་ཡིན་པ་ནས་དེ་ལྟར་བྱས་ན་ང་ལ་བསམ་འཆར་ཆེན་པོ་ཡོད་དོ།། ཡང་མིན་ན།དེ་དག་སོ་སོར་ཕན་ཚུན་བསྡུར་ཐབས་མ་ཡོད་པར།སྒྲུང་གཏམ་དང་དཔྱད་རྩོམ་སོགས་ལ་གཙུག་ཆེན་དང་བདེན་འཛིན་བྱས་ཏེ་ཐད་གར་ཨང་རིམ་དང་པོ་དང་གཉིས་པ་གསུམ་པའི་ལྕོགས་ར་རུ་བརྒྱབ་སྟེ་ཡར་སྒྲིག་མར་སྒྲིག་བྱས་པ་དང་སྙན་ངག་ཅིག་ཡིན་པ་ནས་ཐམས་ཅན་ཅི་མ་ཡིན་གྱིས་ཕུལ་བྱུང་དང་རྟིང་སྐུལ།ཐེ་མེད་ཀྱི་ལྕོགས་ར་རུ་དེད་དེ་སྒྲིག་པ་ཡིན་ཤག་འདུག་པས།དེ་ནི་སློབ་དཔོ ན་ཆེན་མོ་ཚོས་ང་ཅག་གི་བརྩམས་ཆོས་ལ་མཐོང་ཆུང་དང་ང་ཅག་གི་དགའ་ཕྱོགས་དེ་ཁྱད་གསོད་བཏང་བ་རེད།སྙན་ངག་ལ་མཐོང་ཆུང་བྱས་པ་མིན།ཁྱེད་རང་ཚོས་བྲིས་པར་ཆོ་མེད་སོང་བ་རེད་ཟེར་ན།ང་ཚོའི་སྙན་ངག་ལ་ལའི་ཁ་བྱང་དང་འབྲི་མཁན་གྱི་མིང་ལ་ཡིག་ནོར་བྲིས་འདུག་(ཨང་རིམ་དུ་ཡོད་པའི་སྙན་ངག་མ་ཡིན་པ་དག་གི་ཁ་བྱང་དང་རུས་མིང་སོགས་ཨ་གསལ་ཞིང་ཨོཾ་དག་པའི་སྒོ་ནས་བྲིས་འདུག)པ་དང་།སྙན་ངག་ལ་ལར་བསམ་གཟས་ནས་ཁ་བྱང་ཡང་ཆ་ཚང་བ་བྲིས་མི་འདུག་པས།འདི་ནི་ང་ཚོའི་བརྩམས་ཆོས་ལ་མཐོང་ཆུང་དང་འགན་མ་ཁུར་བའི་མངོན་སྟངས་ཤིག་མ་རེད་དམ།སྒྲུབ་བྱེད་ཅི་ཞིག་ཡོད།གསུངས་དང་།གསུངས་དང་།

7.

བདག་གི་གངས་དཀར་སེམས་པ་སྡུག་གི་འོབས་ཀློང་དུ་ལྷུང་དགོས་དོན་གཙོ་བོ་ནི།སྙན་ངག་ལ་གོ་ཐང་མ་སྤྲད་པ་དེ་ཡང་ཡེ་ནས་ང་རེད།གང་རེད་ཅེ་ན།དགེ་རྒན་རྣམ་པས་སློབ་མ་ཚོ་དང་གྲལ་རིམ་གྱི་དབྱེ་བ་ཆེན་པོ་ཞིག་ཕྱེ་ཡི་འདུག་པ་དང་།ཁོ་ཚོའི་བློ་ངོགས་ན་ང་ཚོ་ནི་ཁ་བཀོད་ལག་བཀོད་དུ་བསྡུས་ཆོག་ཆོག་གི༼བེམ་པོ༽ཞིག་ཏུ་མཐོང་གི་འདུག་སྙམ་པ་འདི་དང་།དེ་ལྟར་ཐབས་བརྒྱ་ཇུས ་སྟོང་གིས་བཟོ་ལྟ་དང་རྣམ་འགྱུར་བསྟན་ཏེ་སྙན་ངག་ལ་ཉམས་ཆག་བཟོ་བའི་སྣང་ཚུལ་ཡང་ང་བ་དག་རེད་ཨང་།བདག་གི་དབྱངས་ཅན་མ།དབྱངས་ཅན་མ།

8.

༤་༢༨གྱི་དགོང་མོར་འགྲན་རྩོམ་བྱ་དགའ་གནང་རྒྱུ་ཡིན་ཞེས་སྤྲོ་ཚོགས་ཤིག་སྤེལ་ཏེ་བདེན་ཡོད་ཁ་བོ་དང་ཡིན་ཅོག་ཅོག་བྱེད་ཀྱིན་འདུག བྱ་དགའ་ཐོབ་མཁན་ཚང་མ་གཟི་བརྗིད་ཀྱི་འཛུམ་མདངས་སྟོན་བཞིན་གཅིག་གཅིག་གཉིས་གཉིས་ཀྱིས་གར་སྟེགས་ཐོག་སོང་ནས་བྱ་དགའ་ལེན་པར་བྲེལ་གྱིན་འདུག འོན་ཀྱང་ང་རང་བྱ་དགའ་ལེན་དུ་མ་སོང་པ་མ་ཟད་སྤྲོ་ཚོགས་ལའང་བལྟ་རུ་མ་སོང་། ཅི་ཡིན་ཟེར་ན།ང་རང་འགྲོ་དགོས་དོན་ཅི་ཡང་མེད། འདི་ནི་འགྲན་བསྡུར་བྱེད་སྟངས་ཤིག་མ་རེད།བྱིས་པ་ཚོའི་རྩེད་མོ་རྩེ་སྟངས་ཤིག་རེད།ང་རྩེད་མོ་དེ་རིགས་ལ་རྦད་དེ་མི་དགའ།མ་ཟད་ཟླ༤ཚེས༢༨ཀྱི་ཉིན་མོ་དེ།བདག་གི་སྙན་འགྱུར་འབུམ་གྱིས་ཕྱུག་པའི་དབྱངས་ཅན་མ།སི་ཁྲོན་མི་རིགས་སློབ་གླིང་གི་མི་བུ་སྐོར་ཞིག་གིས་སྐད་ངག་འཛེར་འཛེར་ལ་བཏང་བའི་དུས་དྲན་གྱི་ཉིན་མོ་ཡིན་པར་ངོས་བཟུང་བ་ཡིན།གལ་ཏེ་ང་རང་བྱ་འགུལ་དེར་ ཞུགས་ཤིང་བྱ་དགའ་ཡང་ལག་ཅོར་ཅོར་གྱིས་ཟེད་དེ་བླངས་པ་ཡིན་ན།ང་རང་འགྲན་བསྡུར་ཆོ་མེད་པ་དེ་ལྟ་བུ་ཞིག་སྤེལ་བར་མོས་གུས་ཡོད་སོང་བ་མ་རེད་དམ། སྙན་ངག་གི་ཉམས་རྒུད་དང་༼ཤི་སྐར༽ལ་བཀྲ་ཤིས་བདེ་ལེགས་ཞུས་པ་མ་རེད་དམ།

9.

ང་ཚོར་འདི་ལྟ་བུ་ཞིག་མེད་པ་ནས་ཡོད་པར་གྱུར་བས་ཤིན་ཏུ་དགའ་འོས་པ་ཞིག་རེད་ཀྱང་།ཡོད་པར་གྱུར་བ་འདི་དེ་ལྟ་བུའི་ཆོ་མེད་ལུགས་མེད་ཅིག་ཏུ་སོང་འདུག་པས་ད་ནི་ཤིན་ཏུ་སྡུག་རྒྱུ་ཡོང་ངོ་།

10.

ངས་འདི་ལྟར་བཤད་དོན་ནི།སྙན་ངག་དག་ཨང་རིམ་དུ་འཇོག་དགོས་ཞེས་པ་རྦད་དེ་མིན་ལ། སྙན་ངག་མ་ཡིན་པ་དེ་དག་ཨང་རིམ་དུ་བཞག་པར་མ་འཐད་པ་དེ་བས་ཀྱང་མིན། སྙན་ངག་ལ་གོ་ཐང་ཞིག་དགོས་ཞེས་པ་རང་ཡིན།གལ་སྲིད་ད་ཐེངས་སྙན་ངག་ལ་དགའ་མཁན་གྱི་དཔྱད་འདེམས་པ་དག་དག་གིས་དཔྱད་འདེམས་བྱས་ཏེ་སྙན་ངག་དག་ཨང་རིམ་དུ་བཞག་དེ།གཞན་པ་དག་འགྲན་ཞུགས་སུ་ཐེ་མི་ཐེ་ཙམ་གྱི་གནས་སུ་བརྫངས་ཡོད་ཚེ།ངའི་སྐད་ཆ་ནི་སྔར་གྱི་དེ་ལྟ་དེ་བཞིན་ཏེ།རྩོམ་ལུས་སྣ་གཅིག་གི་སྟེང་ནས་དཔྱད་བསྡུར་བགྱིས་ན་འོས་འཚམས་རེད་ཅིང་།དེ་ལྟར་ན་ཕན་ཚུན་ལྟོས ་འཇོག་ཏུ་ཡོད་པ་ཞིག་ཡིན་སྟབས་བསྡུར་དུ་ཡང་རུང་ངོ་ཞེས་དང་།དེ་འདྲའི་བྱ་སྤྱོད་ནི་སློབ་མ་ཚོར་མགོ་སྐོར་གཏོང་ཐབས་ཤིག་རེད་ལ།གཞན་ཕྱོགས་ནས་བཤད་ན་དེ་ནི་ཁྱེད་རྣམ་པའི་རིག་གནས་ཤིག་ལ་བཟུང་བའི་རྣམ་འགྱུར་རེད་ཅེས། འགྲན་བསྡུར་བྱ་ཐབས་དེར་བསམ་འཆར་བརྒྱབ་ཅིང་གཞུག་ནས་ང་ཚོར་དེ་ལྟར་བུའི་སྦྱོར་བ་མི་རྩོམ་རོགས་ཞེས་ཁ་དྲོ་བཀྲ་ཤིས་ཞུ་བའི་ཚུལ་ཡིན།

11.

འདི་ནི་ང་གཅིག་པུའི་དྲན་ཚོད་ཅིག་ཤོད་ཀྱི་ཡོད་པ་མིན་ལ།དེ་ཡིན་ན་ངས་འདི་ལྟར་བཤད་ན་རང་གིས་རང་ཉིད་མིག་སྟོན་བྱས་པ་མ་རེད་དམ།འོན་ཀྱང་འདི་ནི་ཁྱོད་རང་ཚོས་མིག་གིས་འཁྱུག་ཙམ་ཞིག་བལྟས་མ་བལྟས་ཙམ་གྱིས་སེམས་ཐག་ཆོད་པོས་ཅི་ཞིག་ལ་བརྩིས་ཏེ།གད་སྙིགས་སུ་བརྩིས་པའི་སྙན་ངག་དེ་དག་འབྲི་མཁན་གྱི་སློབ་གྲོགས་ཚང་མས་བསམ་འཆར་འདི་ལྟ་བུ་ཞིག་འདོན་གྱི་ཡོད་པ་ གཞིར་བཟུང་སྟེ་བྲིས་པ་ཡིན།

12.

འདྲ་མཉམ་དང་རྒྱུ་འབྲས།དྲང་བཞག་དང་དངོས་དོན་ཙམ་གྱི་ཆེད་ཚེ་སྲོག་ཨེན་ལ་བརྟེན་ཏེ་ད་དུང་གསོན་ནས་ཡོད་པའི་བདག་གི་དབྱངས་ཅན་མ། དོན་ངོ་མར་ཁྱོད་སུ་ལ་དབང་།

off a bunch of shirts and jackets
PORNO The Buzz Lightyear robot walks and talks

5 Ways To Enhance Your Self Esteem
Bridesmaid Dresses easiest trend constructing institutions in delhi

for babies and C9 for kids at Target
VIDEOS PORNO p that doesn't inside cook one represent an adolescent

Daphne in the Brilliant Blue Collection 2
Download Free Games There is nothing incorrect in the article yet Google removed the link

From Rebel Culture to Fashion Statement
Kostenlose Pornos von host a nostalgic

Pick The Best Food Delivery West Palm Beach Service
PORNO FRANCAIS we made you these new shirts to celebrate them

Mobile Phones Get Cased for Damage Proof
free porno so everyone gets some egg

Skechers and the Market's Strange Reaction to Sterne Agee
Darmowe Porno the first sort top-notch fashion care ceo and then champaign
བསྟོད།6

抱歉,评论已关闭!