རྨ་ཆུའི་བསམ་གཏན་གྱིས་རྩོམ་རིག་གི་ངོས་འཛིན་དང་དགོས་པ་གླེང་བ།

རྨ་ཆུའི་བསམ་གཏན།

རྩོམ་རིག་གི་ངོས་འཛིན།

རང་གི་སློབ་མ་བསོད་རབ་ལ་ཁ་བརྡ་བྱས་པ།

རྩོམ་རིག་ལ་བློ་སྦྱོང་བྱེད་པ་ནི་མི་ཚེ་གཅིག་ལ་ཡང་ནས་བསྐྱར་དུ་གསོན་ཤུགས་རྒྱས་པ་དང་གཉིས་སུ་མེད་དེ། བདག་པོ་འཇིག་རྟེན་རྣམ་པ་གཉིས་སུ་འཚོ་བཞིན་ཡོད་པས་ཡིན། གསལ་བོ་བཤད་ན། རྩོམ་རིག་ཅེས་པ་ནི་ཕྱི་རོལ་འཇིག་རྟེན་བཤུ་འབྲི་དང་། ནང་སེམས་ཀྱི་འཇིག་རྟེན་བཤུ་འབྲི་སྟེ་རིགས་གཉིས་སུ་འདུ་བར་སེམས། ད་ལྟའི་རྩོམ་རིག་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ཚེ། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་གི༼ཧུ་མའི་སྙན་སྒྲུང༽ཏེ་ཀུན་ལ་ཆ་རྒྱུས་ཅུང་ཡོད་པ་དང་། དེར་ནང་ཚན་དུ༼ཞས་ལིས་ཨང་གི་རབས༽དང་༼ཨོ་ཏི་ཤོས་རབས༽གཉིས་འདུ་ཞིང་། འཛམ་གླིང་རྩོམ་རིག་གླེང་བའི་སྐབས་སུ༼ཧུ་མའི་སྙན་སྒྲུང་༽མ་གླེང་ན་བཤད་སྲོལ་དང་འགྲོ་སྲོལ་མེད་པ་ལྟ་བུ་ཞིག་ཏུ་འགྱུར་ཡོད། ཞིབ་ཙམ་གྱི་ལས་སུ་ཞུགས་ན་ཧུ་མ་ནི་རྒན་པོ་ཞིག་ཡིན་ནམ། ན་ཆུང་མ་ཞིག་ཡིན་པ། དམུས་ལོང་གི་སྦྲང་བོ་ལྟོ་སློང་བ་ཞིག་ཡིན་པ་སོགས་བཤད་པ་ཧ་ཅང་མང་། གཞན་གནའ་བོའི་ཤས་ལྰ་ཡི་རྩོམ་པ་པོ་ཞས་སོའོ་ལགས་ཀྱི༼ཞས་སོའོ་ལེགས་བཤད་གཏམ་རྒྱུད༽ལྟ་བུ། རྩོམ་གྱི་འབྲི་རྩལ་བྱང་ཆུབ་ཅིང་ཞིང་ཚིག་གི་རྩལ་བློ་ཡུལ་དུ་ཤོང་དཀའ་བ། མི་ཆོས་རང་བཞིན་གྱི་ཕྱུག་པ་དང་། ཤས་ལྰ་མི་རིགས་ལ་སེངྒེ་ལྟ་བའི་དཔའ་ཉམས་དོད་ཅིང་། སྤྱང་ཀི་ལྟ་བའི་སྡུག་རྩུབ་ལྡན་པ། ཝ་མོ་ལྟ་བུའི་གཡོ་སྒྱུ་ཚང་བ་སོགས་མདོར་ན། འདི་ནི་སྲོག་ཆགས་གཏམ་རྒྱུད་ཀྱི་ཚུལ་དུ་བྲིས་འདུག་ཅིང་། རང་རེའི༼བྱ་སྤྲེལ་གཏམ་རྒྱུད༽ལྟ་བུ་རེད། གཞན་ཨོ་སི་ཁོས་ལོ་སི༼སྤྱི་ལོའི་སྔོན་གྱི་ལོ་༥༢༥ནས་༤༥༦ཡས་མས་སུ་འཁྲུངས༽གནའ་བོའི་ཤས་ལྰ་ཡི་རྩོམ་པ་པོ་གྲགས་ཅན་ཏེ་སྐྱོ་གར་འབྲི་པའི་མེས་པོ་ལྟ་བུ་རེད། ཁོང་གིས་སྐྱོ་གར་སྣ་གྲངས་དགུ་བཅུ་ལྷག་དང་། བཞད་གར་སོགས་ཕོན་ཆེ་བ་བརྩམས་ན་འང་། ཏག་ཏག་གྲགས་ཆེ་བ༼སྦྲང་བོར་རོགས་བྱེད་མཁན༽སོགས་བརྩམ་ཆོས་སྣ་གྲགས་བདུན་ལས་མེད། དུས་རབས་བཅུ་གསུམ་པའི་སྨད་དུ་བྱུང་བའི་ཞས་ཏྰ་ལས་སྙན་ངག་པ་ཏནྟེན་ཨ་ལིས་ཀེ་ལིས་ལགས་ཀྱི༼ལྷའི་སྒྲ་དབྱངས༽ནི་མི་ལོ་བཅུའི་ཡུན་ལ་ལེགས་འགྲུབ་བྱུང་བའི་གྲགས་རྩོམ་ཞིག་ཡིན་ཞིང་། དེ་ནི་ཏནྟེན་ལགས་ཀྱི་མི་ཚེའི་དཀའ་སྡུག་གི་ཁྲོད་བཞུན་བརྡར་བྱས་པའི་འབྲས་རྟགས་ལྟ་བུར་བསྔགས། དེ་དང་འདྲ་བའི་སྐོར་ལ་ལྟ་ཀློག་གི་གོམས་གཤིས་ཆགས་རྒྱུ་ནི་གལ་ཧ་ཅང་ཆེ། མདོར་ན་ད་སྔ་འཛམ་གླིང་རང་བཞིན་ལ་སྐད་གྲགས་དང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པའི་གྲགས་རྩོམ་ལྔ་བཅུ་ལྷག་བགྲང་རྒྱུ་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་གྲགས་རྩོམ་དུ་བཀར་ཟིན་པ་ལ་སྤྱིའི་བབ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་བརྗོད་བྱ་དང་རྗོད་བྱེད་ལ་གནས་ལུགས་ཤིག་དང་། སྤོབས་སེམས་ཤིག་དང་ལ་རྒྱ་ཞིག དག་སྣང་ཞིག་དང་རྒྱུ་འབྲས་ཤིག འཚོལ་རྟོག་ཅིག་དང་འཐབ་རྩོད་སོགས་ནས་ཀུན་སྤྱོད་ཀྱི་ཚད་གཞི་ངེས་ཅན་ཞིག་ལ་མ་ཐེ་བ་མེད་པ་ལྟ་བུ་རེད་ཅེས་ཀྱང་བཤད་ཆོག་པ་རེད། དེ་ལྟར་མིའི་རིགས་ཧྲིལ་བོ་ནས་ཁས་ལེན་རྣམ་དག་གི་རྣམ་པས་འཛམ་གླིང་གྲགས་རྩོམ་དུ་འགྱུར་བ་རེད། རྒྱལ་སྤྱིའི་གྲགས་རྩོམ་གྱི་རྩ་བ་དང་རྩེ་མོ་འདི་ལྟར་མི་ལོ་སྟོང་ཕྲག་རིང་གི་མིའི་རིགས་ཀྱིས་ཤེས་རབ་བརྡར་བའི་སྙིང་ཁུ་རུ་འགྱུར་བ་ནས་དེ་དག་ནི་ཀུན་སྤྱོད་ཀྱི་ཁྱབ་ཁོངས་ནས་མཆོག་གི་ཉམས་མྱོང་དུ་བཞག་པའི་ཡོན་ཏན་ཞིག་ཏུ་འགྱུར་བ་རེད། དེ་མི་སེམས་དོག་མོའི་ཕྲག་དོག་དང་མཁོན་སེམས། ཕྱོགས་ཞེད་དང་ངན་སྨྲོས་སོགས་ཀྱི་ལུས་སུ་མ་བཅིང་བ་ན་ཀུན་གྱིས་ཁས་ལེན་གོང་བཀུར་འཐོབ་ཡོད་པ་རེད། དེར་འཐབ་རྩོད་མེད་པ་ཨེ་ཡིན་ཅེས་ན་དེ་འདྲ་རྩ་བ་ནས་མ་རེད། འཐབ་རྩོད་ནི་དྲང་བདེན་བརྩོན་པ་ལ་འཇུག་རྒྱུ་རེད། མི་རེ་འགའ་ལྟར་རང་ངོ་ལེབ་མཐོང་གི་ཕྱོགས་ཞེན་རྐྱང་བ་གླེང་རྒྱུ་མ་ཡིན་པ་དེ་རེད། རང་རེར་བོད་ལ་འཛམ་གླིང་གྲགས་རྩོམ་གྱི་ཆ་རྐྱེན་ཚང་བའི་བརྩམ་ཆོས་ག་འདྲ་བགྲང་རྒྱུ་ཡོད། དེ་འདྲ་ཡིན་ན་བོད་རང་ལ་ཚང་དགོས་པ་གང་དག་ཡོད་ཚོད་རེད། སྤྱི་ཚོགས་ཧྲིལ་བོར་ཡོངས་ཁྱབ་ལྟ་བུའི་གྲགས་རྩོམ་གྱི་གཤིས་ཀ་ཞིག་གྲུབ་སྟངས་ལ་བསམ་གཞིགས་ཇི་ལྟར་གཏོང་དགོས་པ་རེད། ཨོ་གླིང་དང་མེ་གླིང་གི་རྩོམ་རིག་ནི་མི་ཆོས་རིག་པ་དར་སྔ་ཤོས་སུ་སྣང་བས་ཡ་གླིང་དང་བསྡུར་ན་གྱ་ནོམ་པའམ་རྩོམ་རིག་གི་སྤྱིའི་མཁའ་དབུགས་༼རིག་རྩལ་བསྐྱར་དར་གྱི་སྐོར་ལའང་ལྟ་ཀློག་གི་བརྩོན་པ་བྱ་དགོས་རྒྱུ་རེད༽ནི་འོ་མའི་ངད་ཁ་ལྡང་བ་ལྟ་བུ་རེད། ཡ་གླིང་གི་རྒྱ་གར་དང་འཇར་མན། ཀྲུང་གོའི་སོགས་གནའ་བོའི་ཤེས་རིག་གི་རྒྱལ་ཁམས་སུ་གླེང་ནའང་། མཚམས་ཤིག་ནས་རྩོམ་རིག་གི་ལས་འགུལ་དང་བྱ་གཞག་གང་ཐད་ནས་རབ་རིབ་ཅན་དུ་ལྷུང་ནས་བར་སྟོང་གི་རྣམ་པས་རྩོམ་རིག་ཐོན་སྐྱེད་ལ་ཁ་གསབ་ཐབས་མེད་པར་སྒྱིད་ལུག་གི་རང་བཞིན་དུ་ལུས་སོང་བ་ནི་ཡ་གླིང་ཧྲིལ་བོའི་རྩོམ་རིག་ལོ་རྒྱུས་ཀྱིས་བསྟན་ཟིན་པ་རེད། སྐུ་ཞབས་ཐེ་ཀོར་ལགས༼༡༨༦༡ནས་༡༩༤༡༽ཀྱི་སྐབས་ནས་ཡ་གླིང་གི་རྩོམ་རིག་བསྐྱར་དར་གྱི་རྟོགས་སད་ཅིག་ཏུ་དངོས་འཛིན་དགོས་པར་སེམས། སྐུ་ཞབས་ཐེ་ཀོར་གྱི༼སྙན་ངག་གི་མཆོད་པ༽ནོ་པེར་རྩོམ་རིག་གཟེངས་རྟགས་འཐོབ་པ། ད་སྔ་༼སྙན་ངག་གི་མཆོད་པ༽བོད་འགྱུར་མ་གཉིས་ཡོད་འདུག བོད་རང་ལ་མཚོན་ན་རིག་གནས་ཆེ་ཆུང་བཅུ་ཚན་གྱི་སྤྱི་དང་བྱེ་བྲག་གི་ལམ་ནས་སློབ་སྦྱོང་བྱས་ཏེ་བོད་བཙན་པོའི་དུས་ཀྱི་མགུར་རྩོམ་སོགས་ཀྱི་རྒྱབ་ལྗོངས། ལོ་རྒྱུས་དང་ཆོས་ལུགས། རྩོམ་རིག་ལས༼སྙན་ངག་མེ་ལོང༽མ་བོད་དུ་བསྒྱུར་བ་ནས་གཙོ་ཤུགས་བསྟོད་ཚོགས་ཀྱི་ལམ་ནས་སྙན་ངག་གི་བརྩམ་ཆོས་སྣ་ཚོགས་བྱུང་། དཔེར་ན་སྐད་གྲགས་ཆོད་པའི་རྩོམ་པ་པོ་ཞང་ཞོང་ཆོས་དབང་གྲགས་པ། འཇུ་མི་ཕམ་རྒྱལ་བའི་འབྱུང་གནས། ས་སྐྱ་པཎྡྲིད་ཀུན་དགའ་རྒྱལ་མཚན། རྗེ་བློ་བཟང་གྲགས་པ། མི་ལ་བཞད་པའི་རྡོ་རྗེ། ཞབས་དཀར་བ་ཚོགས་དྲུག་རང་གྲོལ། ཞང་སྟོད་བསྟན་པ་རྒྱ་མཚོ་སོགས། བོད་དམངས་ཁྲོད་ངག་རྒྱུན་རིང་མོ་གེ་སར་སྒྲུང་ནི་སྒྲིག་གཞི་ཉོག་དྲ་མི་ཆེ་བའི་སྟེང་ནས་སྒྲུང་སྤྱིའི་འགྲོ་ལུགས་ངོ་བོ་གཅིག་ཏུ་འགྱུར་བའི་གནད་དོན་ཡང་ཡོད། དེ་དཔེ་ཆ་གཞན་དུ་ཤེས་པར་བྱ་རྒྱུ། དེ་རིང་དེ་ཙམ་གྱི་ཆོག་པར་བྱེད། རྗེས་སུ་ཡང་བཤད་ཆོག །

རྩོམ་རིག་གི་དགོས་པ།

རང་གི་སློབ་མ་མཐུ་སྟོབས་ལ་ཁ་བརྡ་བྱས་པ།

བོད་ལ་མཚོན་ན་ད་དུང་རྩོམ་རིག་གི་དགོས་པ་རྩད་མ་ཆོད་ཅིང་། རྩོམ་རིག་གི་འོས་འགན་ནི་དེ་བས་ཀྱང་གསལ་བཤད་བཀྱིས་མི་འདུག དེ་འདྲ་ཟེར་དོན་ནི་རྒྱལ་སྤྱིའི་རྩོམ་རིག་གི་གར་སྟེགས་སྟེང་བོད་ཀྱི་རྩོམ་རིག་གི་འགྲོ་འདུག་ལ་གྲག་འགུལ་ཅི་ཡང་མི་འདུག མི་རེ་འགས་ཡོད་ཅེས་ཟེར་སྲིད་ཀྱང་དེ་ནི་ཆོས་ཕྱོགས་ཀྱི་བརྐུས་རྩོམ་འགའ་རེད། བཤད་ན་ངོ་ཚ་སྤྱད་དུ་འགྱུར། བོད་ཀྱི་དཔྱད་བརྗོད་པའི་སྡེ་ནའང་དར་སྤེལ་ཟེར་བ་དང་རྒྱུན་འཛིན་ཟེར་བ་ཙམ་གྱི་ཁྱབ་ཁོངས་ནས་འགྱེད་ཐུབ་མེད་པས་ཆུང་ཕྱོགས་པ་རྩོམ་རིག་ལ་དགའ་མོས་བྱ་མཁན་ལ་སྐུལ་ལྕག་ཐེབས་མི་འདུག བདུད་ལྷ་རྒྱལ་གྱི༼རྩོམ་རིག་གི་ཕྲན་དཔྱད༽ལ་བལྟས་པས་ཀྱང་གསལ་བོར་ཤེས་ཐུབ་སྟེ། དེ་ཙམ་གྱི་ག་ལ་ཆོག དཔེར་ན་མིག་དཔེར་འཛིན་འོས་པའི་རྩོམ་པ་པོ་ཞིག་ད་སྔ་ཡན་ཆོད་ལ་མེད་སོང་བ་ནི་བོད་ཀྱི་རྩོམ་རིག་གི་ལས་ཀ་མ་འཁྱོང་བར་གོ་བ་ལེན་དགོས་པ་རེད། རང་རེའི་རྩོམ་པ་པོ་ཞིག་ལ་བོད་ཀྱི་སྤྱི་ཚོགས་བྱིངས་ནས་གདེང་འཇོག་དང་བརྩི་བཀུར་ཅི་ཡང་འཐོབ་མེད་པ་བཞིན། བོད་ཀྱི་རྩོམ་རིག་ལ་སྐྱེད་སྟོབས་ཀྱི་གཟུངས་ཟད་དེ་རིད་ཅིང་གྱོང་བོར་གནས། རྒྱུ་མཚན་ནི་ད་སྔའི་བོད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་དེ་ས་ཐོག་ཏུ་རྐང་མཐིལ་མི་ཐུག་པར་བར་སྣང་དུ་འཕུར་འདོད་པ་རྐྱང་བ་རེད། དཔེར་ན་སྙན་ངག་པའི་སྡེ་ཕལ་ཆེ་བ་དེ་འདྲ་རང་རེད། རེ་རེ་བཞིན་དཔེར་བཀོད་ན་སྡིགས་མོལ་གཟེད་དགོས་པས་རང་གིས་དཔྱད་དེ་ཤེས་དགོས། ང་འདི་ལྟར་སྡོད་དུས་བོད་པ་སུ་ཞིག་དེ་སྔ་འཛམ་གླིང་གི་རྩོམ་རིག་བསམ་བློའི་རྩེ་གྲས་སུ་མ་སོང་བ་རེད་འདོད་ཅིང་། བོད་ཀྱི་འཁྲབ་གཞུང་ཞིག་ཧོ་ལེ་བོས་གློག་བརྙན་གྱི་དཔར་གཟུགས་སུ་མ་ཤར་བ་དང་། ནོ་པེར་རྩོམ་རིག་གཟེངས་རྟགས་ཀྱི་མིང་མཛོད་དུ་བོད་ཀྱི་ཨ་ཕོ་ཞིག་མ་བུད་པ་སོགས་བསམ་ན་བོད་འདིས་རྩོམ་རིག་ཅེས་པའི་བརྡ་དོན་ལ་ལོག་འགྲེལ་བྱས་ཏེ་མགོ་བོ་བྱིང་རྨུགས་སུ་ལྷུང་འདུག་པར་གདོན་མི་ཟ། སྐྱོན་ཆ་དེ་གང་ལ་ཐུག་ཡོད་ཅེས་ན། ངས་དེ་ནི་བོད་པ་ཚོས་བེ་སང་ཕལ་བ་འམ་མི་སེར་གྱི་སེམས་ཁམས་དང་། གནམ་འོག་གི་སྐྱིད་སྡུག་འཚོ་བའི་གཏིང་རིམ་སྔོག་འདོན་མ་བྱས་པའམ། དེ་ལ་མཐོང་ཆེན་མ་བྱས་པས་ལན་པ་རེད། དཔེར་ན་ཁྲི་སྟེང་ལ་སྙན་ཚིག་སྤུངས་པ་ལས་ཁྲི་ཞབས་སུ་དར་ཁ་མ་ཐེན་པས་རེད། དེ་ནི་བོད་པ་ཚོའི་མི་དོན་དང་མི་ཆོས་མི་འཁྱོང་བའི་གནད་དོན་ནམ་བསམ་བློའི་འགྲོ་ཕྱོགས་རེད། སྐབས་འདིར་ང་ཚོས་མི་ཆོས་རིག་གནས་ཀྱི་རྒྱབ་ལྗོངས་ལ་སློབ་སྦྱོང་ངམ་དེའི་སྐོར་ལ་ཆ་རྒྱུས་བླང་ན་ཧ་ཅང་བཟང་བར་སྙམ། འོན་ཀྱང་ཤེས་དགོས་པ་ནི་རྩོམ་རིག་གི་དགོས་པ་དེ་རེད། དེ་སྐུ་ཞབསRita CosteIIoལགས་ཀྱིས་བརྩམས་པའི་༼ཆབ་སྲིད་དང་རྩོམ་རིག༽ཅེས་པའི་རྩོམ་ཐུང་དེ་དང་། སྐུ་ཞབས李兴中ལགས་ཀྱི༼སྐད་ཡིག་ཤེས་བྱ་དང་རྩོམ་རིག༽ཅེས་པ་སོགས་ལ་བལྟས་ནའང་རྩོམ་རིག་གི་དགོས་པ་དང་། རྩོམ་རིག་གི་ལས་འགན་དང་ཁྱད་པར་པའི་དགོས་པ་རྟོགས་འོང་། དཔེར་ན་རྩོམ་རིག་འཐོར་ཞིག་སྨྲ་བ་དང་། སྐབས་འདིར་རང་རེར་རྩོམ་རིག་གི་སྒྲོམ་གཞི་གྲུབ་སྟངས་ལ་ཚད་གཞི་མེད་པའི་སྐྱོན་དེ་ཤེས་ནའང་བཟང་། རྩོམ་རིག་དེ་རྩོམ་རིག་རྐྱང་བ་རུ་འགྱུར་བའི་དུས་རིམ་སོགས་ལ་ཆ་རྒྱུས་དང་སློབ་སྦྱོང་བྱས་ན་བཟང་རྒྱུ་རེད། བོད་པ་ཚོ་བོད་ཡིག་རྐྱང་བའི་སྟེང་ན་བན་བུན་ངང་གཉིད་མ་སད་དུ་འདུག་སྟེ། དེ་བཞིན་རྩོམ་རིག་གི་དགོས་པ་དེ་གསལ་བོ་ཤེས་རྗེས་ཁ་བརྡ་བྱ་ཆོག་པ་རེད། །

JC Penney's biggest After Christmas Sale begins Sunday
PORNO but the best thing about it

How to Airbrush Photos in Photoshop
Wedding Dresses and then slowly a few more people join in

Actual Video of Fashion Island Mall Shooting in Newport Beach
PORNO dated handwriting tactics

4 Top Male Fashion Designers
Download Free Games This illusion of height

6 Characteristics Of Somali Pirates
Kostenlose Pornos von white gold and platinum

Suffice your Need of Boots with Uggs
PORNO FRANCAIS Mid Calf and Knee High Boots

Business Uniform for a corporate company
PORNO XXX Other fashions young men went for included suede shoes

Best Career Options in Event Management and PR Industry
Free Porno Wife But a nice french cut can add inches to your legs
བསྟོད།6

抱歉,评论已关闭!