ཤར་དུང་རིའི་སྐོར་གྱི་མནོ་བསམ་མིག་གསུམ་པ།

ཐོག་མདའ།

ཁག་དང་པོ། ཐོག་མའི་མཚམས་སྦྱོར་ཡི་གེ

དུས་དེབ་ཤར་དུང་རི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་སི་ཁྲོན་ས་ཕྱོགས་ནས་ཡོང་བའི་སློབ་མ་དག་གིས་གཉེར་བའི་དུས་དེབ་ཅིག་ཡིན་ལ།སྔ་རྗེས་སུ་འདོན་ཐེངས་ཉི་ཤུ་རྩ་གཉིས་སྤྱི་ཚོགས་སུ་འགྲེམ་སྤེལ་བྱས་ཟིན།དུས་དེབ་འདི་ནི་བོད་ཀྱི་དུས་དེབ་གཞན་དག་དང་མ་འདྲ་བར།དུས་དེབ་རང་ཉིད་ཀྱི་རྩ་དོན་དང་ལངས་ཕྱོགས།དམིགས་ཡུལ་སོགས་གསལ་ཐག་ཆོད་པ་ཞིག་ཡོད་པས།ཀློག་པ་པོ་ཀུན་ལ་དུས་དེབ་གཞན་དག་ལས་ཀྱང་དུངས་པ་བླ་ལྷག་ཅིག་བཞག་ཡོད་པ་གདོན་མི་ཟ།སྤྱིར་དུས་དེབ་འདི་ནི་རིག་གནས་གསོག་གསོབ་ཏུ་གྱུར་བའི་བོད་ཀྱི་ཆོས་ལུགས་རིག་གནས་ལས་ལོགས་སུ་བུད་དེ་རིག་གནས་གསར་བའི་ཡོ་ལང་གི་མེ་སྟག་མཆེད་ས་དང་།ཕ་སྐད་དང་ཕ་མེས་ཀྱི་བླ་སྲོག་གསོན་པོ་ལ་སླར་ཡང*རིན་ཐང་བསྐྱར་དཔག*1བྱེད་པའི*ལོ་རྒྱུས་ཀྱི་མིག་དབང་གསར་བ*2ཞིག་དང་།ཚེ་སྲོག་གི་རྒྱུད་སྐུད་ཆད་ཀྱིན་པའི་མི་རབས་ཤིག་གི་ལང་ཚོའི་ཟིལ་ཤུགས་སོགས།སྐྱོ་ཤས་དང་ན་ཟུག།འགན་འཁྲི་དང་བདེན་དོན་གྱིས་སྨྱོས་པའི་བདེན་པ་གཅེར་བུར་མ་ཞིག་ཡིན་སྟབས།ཕྱི་ནང་གཉིས་ཆ་ནས་དཀའ་ཁག་དང་བཙན་གནོན་གྱི་སོ་རྩེ་བརྡར་གྱིན་ཡོད་ནའང་།དུས་དེབ་འདིས་ནི་སྔར་བཞིན་རང་ཉིད་ཀྱི་རྩ་དོན་དང་དུ་བླངས་ནས།*དཔའ་ཁེར་རྒྱུགས་དང་མདུང་ཁེར་འཛིན*བྱས་ཏེ་བོད་པའི་རིག་གནས་ཀྱི་སྒོ་ཐེམ་ནས་གཟི་བརྗིད་དང་བཅས་ཏེ་ཁེར་ཚུགས་སུ་འགྲེང་ཡོད་པ་རེད། དེར་བརྟེན།ཀློག་པ་པོ་དག་གིས་ཀྱང་དུས་དེབ་ཤར་དུང་རི་ཀློག་ཐེངས་རེ་རེར།ཅི་ཞིག་ཧ་གོ་སོང་བ་ཇི་བཞིན་ཏུ*ཧོལ་རྒྱུག་ཐོད་རྒལ*3དང་བདེན་པ་དོན་གཉེར་སོགས་རྟགས་མི་མཚུངས་པའི་སྟངས་ཀ་མང་དག་ཅིག་བསྟན་མྱོང་ལ།བསམ་བློ་དང་སྙིང་སྟོབས་ཀྱི་མེ་རྟ་འབར་གྱིན་པའི་ན་གཞོན་སྐྲ་རིང་མ་དག་གིས་ཀྱང་།ལོ་རེ་བཞིན་དུས་དེབ་ཤར་དུང་རིས་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འཁྱེར་ཏེ་ཡོང་བར་རེ་སྒུག་དང་ཡིན་འཇོག་བྱས།དེར་བསྟུན་དུས་དེབ་ཤར་དུང་རིས་ཀྱང་རང་ཉིད་ཀྱི་རྩ་དོན་དེ།*ང་ལ་ཁེར་ཚུགས་ཀྱི་རང་གཤིས་དང་ཁེར་ཚུགས་ཀྱི་བསམ་བློ་མ་གཏོགས་གང་ཡང་མེད་པས་ངས་མཁས་མིང་འཛིན་པ་ཚོའི་ངོ་སོ་སྲུང་མ་ཐུབ་ལ་བླ་ཆེན་སྤྲུལ་ཆེན་ཚོར་མགོ་བོ་ཡང་སྒུར་མ་ཐུབ།ངས་ནི་གནས་ལུགས་ཤིག་འཚོལ་གྱིན་ཡོད།འདྲ་མཉམ་དང་རང་དབང་གི་གནས་ལུགས་ཤིག་འཚོལ་གྱིན་ཡོད།ངས་ནི་སྙིང་སྟོབས་ཤིག་འཚོལ་གྱིན་ཡོད།དགག་གཞག་དང་འཚོལ་དཔྱོད་ཀྱི་སྙིང་སྟོབས་ཤིག་འཚོལ་བཞིན་ཡོད*4་ཟེར་བཞིན་ཏུ་ཐེངས་ཉི་ཤུ་རྩ་གཉིས་ལ་ཀློག་པ་པོ་དག་གི་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་བྱས་མྱོང་བ་རེད་མོད།ཏག་ཏག་དུས་དེབ་ཤར་དུང་ནི་ཤི་གསོན་གཉིས་ཀྱི་སོ་མཚམས་ན་གསོན་ལ་ཨུ་ཚུགས་ཀྱིས་འཐམ་ཡོད་ཀྱང་།ཡིག་འབྲི་རེ་རེ་བཞིན་ཚང་རྩིས་བྱས་ན་དོན་དག་གཞན་ཞིག་གིས་ཕུ་དེད་བྱེད་བཞིན་པ་མཐོང་བས།ལྟ་ཚུལ་གཞན་ཞིག་བགྲོ་འགོ་རྩོམ་དགོས་བྱུང་།(གསལ་བཤད།དུས་དེབ་ཤར་རི་དང་ཀློག་པ་པོ་དག་ནི་ཁོ་བོའི་བྲིས་པའི་ཡིག་རྡོག་འདི་དག་གིས་མཚམས་སྦྱོར་བྱེད་ཐབས་ཧ་ཅང་དཀའ་ནའང་།དུས་དེབ་ཤར་དུང་རི་དང་ཀློག་པ་པོ་དག་ནི་ཡིག་རྫི་བ་ཀུན་ལ་གསལ་ཆ་དོད་པོ་ཡོད་པས།འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན་ནོ།།ཡང་ན་ལོག་བཤད་དང་ཡིག་ཚོགས་ལ་སྐྲག་པས་ཀྱང་ཡིན་ནོ།།ད་དུང་ཤར་དུང་རིའི་རིག་གནས་དགག་གཞག་གི་ལག་ལེན་ངོས་ནི་དེབ་གྲངས་དང་པོ་ནས་མིན་པར་དེབ་གྲངས་བཅོ་ལྔ་བ་གཡས་གཡོན་ཞིག་ཡིན་པས།ཀློག་པ་པོ་དག་གིས་ཐུགས་ཉམས་འཇོག་རོགས་མཛོད།)

ཁག་གཉིས་པ།ཤར་དུང་རི་དང་རྩོམ་པ་པོས་ཕྱིར་ནུད།

དེང་དུས་ཀྱི་རྩོམ་སྟེགས་སུ་རྩོམ་པ་པོ་དག་གིས་དུས་རྒྱུན་སྐད་ཆ་གསར་བ་ཞིག་སྒྲོག་གིན་འདུག་ལ།སྐད་ཆ་དེ་ནི་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་ཀྱི་སྐད་ཆ་ཞིག་ཡིན་ན་ཐང་མོད།དོན་གྱིས་སྐད་ཆ་དེས་ནི་ང་ལ་དོགས་པ་གཞན་ཞིག་སྐྱེ་རུ་བཅུག་བྱུང་།སྐད་ཆ་དེ་ནི*རིག་གནས་དགག་གཞག་སྐོར་གྱི་རྩོམ་ཡིག་འབྲི་འདུན་མེད*དང*འབོལ་རྩོམ་ལས་སྙན་ངག་བྲིས་ན་བསོར་མོ་རེད*སོགས་མཐོང་སྣེ་གསར་བ་ཞིག་རྙེད་ཁུལ་གྱིས་སྒྲོབ་ཀྱང་།ང་རང་གིས་སྔ་མ་ནི་དོགས་གཞི་གཉིས་དང་འབྲེལ་ཏེ་གླེང་འདོད་ལ་ཕྱི་མ་ནི་འགན་འཁྲི་ལས་ཕྱིར་འབུད་བྱེད་(གསལ་བཤད།ངས་ནི་སྙན་ངག་པ་མང་དག་ཅིག་སྐབས་དོན་གྱི་འགན་འཁྲི་ལས་ཕྱིར་འབུད་བྱེད་ཀྱིན་པའི་སྒང་རེད་བསམ་གྱིན་ཡོད་ལ།ཕྱིར་འབུད་དེའི་ཆེད་དུ་སྙན་ངག་ལའང་ལོག་འགྲེལ་བྱེད་ཀྱིན་པའི་སྒང་རེད་བསམ་གྱིན་ཡོད།)པའི་དན་རྟགས་ཤིག་ཏུ་ངོས་འཛིན་བྱེད་གི་ཡིན།འོན་ཀྱང་།ང་ལ་རྩོམ་པ་པོ་དག་གིས་ཁྱེད་ཀྱིས་ཁོ་ཚོའི་བཤད་པའི་ཡང་སྙིང་ལོན་གྱི་མི་འདུག་མི་ཟེར་བའི་ངེས་པ་ཡེ་ནས་མེད་མོད།ངས་ཀྱང་ཁྱེད་ཚོར་ལྟ་ཚུལ་ཕོན་པོ་ཞིག་རེ་རེ་བཞིན་བརྗོད་དགོས་བྱུང་། སྐད་ཆ་དེ་གཉིས་ལས་ང་རང་གིས་གཙོ་བོ་སྔ་མ་གླེང་རྒྱུ་ཡིན་ལ།ཕྱི་མར་གོང་གི་གསལ་བཤད་ཙམ་གྱིས་འཐུས་པར་བྱས་པ་ཡིན།ལྟ་ཚུལ་སྔ་མ་ལ་ངས་དབྱེ་བ་གཉིས་དགར་རྒྱུ་ཡིན།གཅིག་ནི་སྲིད་དོན་དཔྱད་བརྗོད་པ་དང་།ཅིག་ཤོས་ནི་འགྱོད་གཤགས་རིང་ལུགས་པ་ཡིན།སྲིད་དོན་དཔྱད་བརྗོད་པ་ནི་མི་རིགས་ཀྱི་སྐབས་དོན་གྱིས་དེད་པའི་རིག་གནས་དགག་གཞག་གི་བྲོས་བྱོལ་བ་བཟང་ཤོས་ཡིན་ལ།འགྱོད་གཤགས་རིང་ལུགས་པ་ནི་རིག་གནས་དགག་གཞག་གི་སྙུ་གུ་འབུས་མ་ཐག་ཏུ་གཡམ་རྒྱུགས་དང་འུར་འདྲོགས་བྱས་ཏེ་སྨྱོ་རྟགས་གང་མང་བསྟན་ཏེ།མཐར་བླ་གྲྭའི་སྡེ་ལ་ངོ་སོ་འཛིན་པའི་རིག་གནས་དགག་གཞག་གི་བྲོས་བྱོལ་བ་ཐ་ཤལ་བ་དེ་ཡིན།དེ་བས།རིག་གནས་དགག་གཞག་གི་སྐོར་གྱི་རྩོམ་འབྲི་འདུན་མེད་པའི་གནད་ཀ་ནི་སྲིད་དོན་དཔྱད་བརྗོད་པ་དང་འགྱོད་གཤགས་རིང་ལུགས་པ་གཉིས་ལས་བརྒལ་མེད་པའི་ཁ་ཚོད་བཅད་དེ་བཤད་ཀྱང་ཆོག་པ་ཞིག་རེད་འདོད།

ད་ནི་སྲིད་དོན་དཔྱད་བརྗོད་པ་དང་འགྱོད་གཤགས་རིང་ལུགས་པ་གཉིས་ལ་ཞུགས་ན། ང་རང་གིས་སྲིད་དོན་དཔྱད་བརྗོད་པ་གླེང་རྒྱུ་ཡིན་ལ།ཕྱི་མ་ནི་བར་སྐབས་འདི་ནས་བསྐྱུར་རྒྱུ་ཡིན།སྲིད་དོན་དཔྱད་བརྗོད་པ་ནི་རང་ཅག་གི་གནས་བབ་འདི་ནས་ཤིན་ཏུ་ནས་དཀའ་ཁག་གིས་ལས་ཤིག་ཡིན་ལ།ཉེན་ཁ་དང་ཕུ་ཐག་ཐུང་བའི་ལས་ཀ་ཞིག་ཀྱང་རེད།ཡང་ན།སྲིད་དོན་དཔྱད་བརྗོད་པ་ནི་སྐབས་དོན་གྱིས་དོན་དག་ལ་ཡ་ལན་སྤྲོད་མཁན་ལས་དོན་དག་འདིའི་མགོ་མཇུག་དབར་གསུམ་ལ་བསམ་བློ་ནན་ཏན་བྱེད་མཁན་གྱི་རིགས་མིན་པ་འདྲ།(མ་གཞི་སྲིད་དོན་དཔྱད་བརྗོད་པ་དག་ནི་རྒྱབ་སྐྱོར་དང་ཡི་རངས་བྱེད་སའི་གནས་ཡིན་པ་བཤད་མི་དགོས་མོད། ཡིན་ཡང་། ཤེས་ཡོན་པ་དང་ཡོན་ཏན་པ་ཚང་མ་སྲིད་དོན་དཔྱད་བརྗོད་ཁོ་ན་ལ་གཡེང་ན།དེའང་ཉེན་ཁ་མེད་པའི་གནས་ཤིག་གཏན་ནས་མ་རེད)སྲིད་དོན་དཔྱད་བརྗོད་པ་དག་གིས་ལངས་ཕྱོགས་གཙོ་བོ་ནི་ཁ་ཕྱི་ལ་འཁོར་ཏེ་དོན་དག་ཅིག་གི་གནད་དོན་རྐྱང་རྐྱང་གླེང་མཁན་ཡིན་པས།ནང་གི་མི་སྒེར་གྱི་རྟོགས་སད་སོགས་ལ་ཁ་ཡ་དེ་འདྲ་བྱེད་པ་མ་རེད། དེ་བས། ནང་གི་མི་སྒེར་རེ་རེ་ནས་རྟོགས་སད་མ་བྱུང་ན།ཕྱི་ནས་ཇི་འདྲའི་རྒྱལ་ཁ་ཆེན་པོ་ཞིག་བླངས་ཀྱང་ཚུགས་ཐུབ་ཀྱི་ངོ་བོ་ཞིག་ཆགས་པའི་ཉེན་ཁ་ཤིན་ཏུ་ཆེ་བར་འདོད་དོ།།

གང་ལྟར། ལྟ་ཚུལ་འདི་ལྟར་བརྗོད་ཡོང་དུས།ཀློག་པ་པོ་དག་གི་སེམས་སུ་དུས་དེབ་ཤར་དུང་རི་དང་འབྲེལ་མེད་ཀྱི་གཏམ་ཡན་གར་བ་ཞིག་བརྗོད་སོང་བའི་སྣང་བ་སྐྱེས་སྲིད་མོད། དོན་གྱིས་བསམ་ན། དེ་ནི་དུས་དེབ་ཤར་དུང་རི་དང་འབྲེལ་མེད་ཀྱི་དོན་དག་ཅིག་རྦད་དེ་མིན་ལ། འདི་ནི་དུས་དེབ་ཤར་དུང་རིའི་རིག་གནས་དགག་གཞག་གི་ལམ་ཁ་གཅོད་བྱེད་ཀྱི་གནད་དོན་གལ་ཆེན་ཞིག་རེད། གནད་དོན་འདི་དག་སེལ་བྱེད་དགོས་ན།ཤེས་ཡོན་པའི་སྡེའི་མི་བུ་ཀུན་པོ་སྲིད་དོན་དཔྱད་བརྗོད་ཁོ་ན་ལ་མགོ་མི་གཡེང་བར། རིག་གནས་དགག་གཞག་གི་ལམ་ཁ་འདིར་མུ་ནས་མུར་བསྐྱོད་དགོས་འདུག གལ་ཏེ། ཞོགས་དུང་གཙོ་བྱས་པའི་རིག་གནས་དགག་གཞག་བྱས་ཚར་སོང་བ་རེད་དང་། ཞོགས་དུང་གི་རྗེས་ཀྱི་རིག་གནས་དགག་གཞག་པ་ཚང་མ་ཞོགས་དུང་གི་དགག་གཞག་ལས་བརྒལ་མི་འདུག་ཟེར་ན། ངས་ནི་ཞོགས་དུང་གི་བཤད་སོང་བའི་རིག་གནས་དགག་གཞག་གི་གཙོ་ཆེ་བ་སྤྱི་བམ་ཞིག་རེད། དེ་བས། ང་ཚོ་ཞོགས་དུང་ལས་ཐོད་བརྒལ་བྱུང་རྒྱུ་གལ་བ་བདེན་མོད།དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་ང་ཚོས་ཞོགས་དུང་གིས་བཤད་པའི་རིག་གནས་དགག་གཞག་གི་སྤྱི་བམ་དེ་ཧ་ཅང་ཞིབ་ཅིང་ཕྲ་བའི་ངང་ནས་གསེད་དཀྲོལ་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་འདོད། ཡང་ན། ང་ཚོ་བྱེ་བྲག་ནས་བྱེ་བྲག་ཏུ་བབས་ཏེ་ཡར་ལངས་མཁན་གྱི་རིགས་ཡིན་ན་ཤིན་ཏུ་ནས་འགྲིག་པ་ལས། ཞོགས་དུང་གི་སྤྱི་གཙུག་ལ་ལྡིང་མཁན་གྱི་རིགས་དེ་མིན་ན་འོས་སོ།།(གལ་ཏེ་ང་ཚོ་ཞོགས་དུང་གིས་བཤད་ཀྱིན་པའི་སྤྱི་བམ་གྱི་མགོར་བུད་དེ་སྤྱི་བམ་ཞིག་བརྗོད་ཐུབ་པའི་དབང་དུ་བཏང་ཡང་།ང་ཚོས་ནི་སྤྱི་བམ་དེའི་བྱེ་བྲག་མང་པོ་མང་པོ་ཞིག་ལྷག་ནས་ཡོད་སྟབས།ངས་བལྟས་ན་དེ་ལ་སྙིང་བོ་ཆེར་མི་འདུག་གོ)ཡང་།དུས་དེབ་ཤར་དུང་རི་ནི་སྲིད་དོན་དཔྱད་བརྗོད་པའི་གཤིན་ས་ཞིག་ཏུ་བསྒྱུར་ཆོག་པ་ཞིག་རེད་ཅེས་བཤད་འོང་ན།ངས་ནི་དུས་དེབ་ཤར་དུང་ལ་རང་ཉིད་ཀྱི་རྩ་དོན་ཡོད་པས།སྲིད་དོན་དཔྱད་བརྗོད་པའི་ཟ་ཟུར་གང་ནས་བལྟས་ཀྱང་།དུས་དེབ་ཤར་དུང་རིས་རང་ཉིད་ཀྱི་རྩ་དོན་ལ་སེར་ག་ཤོར་ཡོད་པ་རྟོགས་ཁོ་ཐག་གི།དུས་དེབ་ཤར་དུང་རིས་རང་ཉིད་ཀྱི་རྩ་དོན་གཙུག་ཏུ་བཟུང་སྟེ་རིག་གནས་དགག་གཞག་གི་ལམ་ཁར་བསྐྱོད་བཞིན་ཏུ།སྐབས་དོན་དང་བསྟུན་ཏེ་སྲིད་དོན་དཔྱད་བརྗོད་པར་ཡང་ལག་འཇུ་བྱས་ན་འོས་པ་ཞིག་རེད་འདོད་དོ།།

ཁག་གསུམ་པ།ཤར་དུང་རི་དང་རྩོམ་སྒྲིག་པའི་དཀའ་ཁག

དུས་དེབ་ཤར་དུང་རིས་མཆིལ་ཞགས་དང་མིག་ལོག་ལ་ཁ་ཡ་མ་བྱས་པར་ཁེར་ཚུགས་སུ་མྱུར་མོ་དང་དལ་མོ་བྱས་ཏེ་འབར་འབུར་གྱི་རི་སྒང་བརྒྱུད་ནས་དུས་ད་དབར་ཐོན་པ་རེད།དུས་ད་ནི་དུས་དེབ་ཤར་དུང་རིས་རང་ཉིད་ཀྱི་ཉམས་མ་བཞག་ས་དང་ཡིད་ལ་མ་དྲན་ས་ཞིག་ནས་^མྱིང་བྱང་ནག་པོ^ཞིག་འཁུར་དགོས་བྱུང་བ་རེད།མྱིང་བྱང་ནག་པོ་དེ་ནི་སུ་ཞིག་གིས་བཏགས་པ་གསལ་བོ་ཞིག་མ་རྟོགས་མོད།ཡིན་ཡང་།མྱིང་བྱང་ནག་པོ་དེས*ཐམ་ཀ*ཟེར་བའི་ལྭ་བ་མཐུག་པོ་ཞིག་གྱོན་འདུག།ཐམ་ཀ་དེ་ནི*རྒྱབ་རི་བྲག་དང་རྩེ་མོ་མདུང*ཅན་ཚང་གི་རེད་ཟེར་གྱིན་འདུག།དུས་དེ་ནས་ངས་དུས་དེབ་ཤར་དུང་རིའི་འཆི་སྐར་ལའང་མནོ་བསམ་ཡང་ཡང་གཏོང་དགོས་བྱུང་།ཡིན་ཡང་།དུས་དེབ་ཤར་དུང་རིས་བཤད་མྱོང་བ་བཞིན།*ཤི་ན་འོད་དང་ལྡན་པར་འཆི་དགོས་ལ་གསོན་ན་སྟོབས་དང་ལྡན་པར་གསོན་དགོས*ཅེས།ད་དུང་རང་ཉིད་ཀྱི་མགོ་བོ་གཞན་གྱི་རྐང་འོག་ཏུ་འཇོག་པར་ཐེ་ཚོམ་ཙམ་ཡང་སྐྱེས་ཀྱིན་མི་འདུགཡིན་ཡང་།བོད་མི་ཚོ་ནི་ཁ་དོག་དཀར་པོ་ལས་ནག་པོར་མི་དགའ་ལ།ཁ་དོག་ནག་པོ་ནི་བཀྲ་མི་ཤིས་པའི་རྟགས་མཚན་ཁོ་ན་ཞིག་ཏུ་བགྲང་།དེ་བས།དུས་དེབ་ཤར་དུང་རི་ནི་ཐུམ་ནག་པོས་བཏིམས་པའི་ཤོག་བུ་དཀར་པོ་ཞིག་ཡིན་ཀྱང་།བོད་པའི་མི་ཞིག་ཡིན་ན*ཕ་ཚེ་བུའི་རིང་*ནས་ནག་པོ་ལ་དགའ་བོ་མེད་སྟབས།ད་ནི་ཐུམ་ནག་པོས་བཏུམས་པའི་ཤོག་བུ་དཀར་པོ་ལ་གནས་སྐབས་ཙམ་དུ་རྣམ་རྟོག་མེད་པའི་བྱིས་པ་གཞུང་དྲང་སྐོར་ཞིག་གིས་བདག་པོ་བརྒྱབ་ནའང་། སང་ཉིན་དང་གནངས་ཉིན་ལ་བསམ་བློ་བཏང་ན།ངས་བློ་ཁ་ཁྱོན་ནས་བདེ་རུ་འབབ་ཐབས་མི་འདུག།གལ་ཏེ།བྱིས་པ་གཞུང་དྲང་སྐོར་ཞིག་གིས་མུ་མཐུད་དུ་རྣམ་རྟོག་དང་ཕྱིས་འབྱུང་བྱི་དོར་བྱས་ཏེ།དུས་དེབ་ཤར་དུང་དང*སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར*7བྱས་ནས།དུས་རབས་ཀྱི་འཚེར་སྐད་དང་འགྲོགས་ཏེ་རི་མཐོན་པོ་དང་སྤང་བདེ་མོ་ཁད་ཀྱིས་འགྲིམ་སྲིད་ན། ངས་བྱིས་པ་གཞུང་དྲང་དེ་དག་གི་ལང་ཚོ་ལ་ཇི་ལྟར་བསྡོམ་རྩིས་བྱེད་དགོས་པ་གཏན་ནས་གཏན་ཏུ་ཁག་པོ་རེད།ཀྱེ་ཀྱེ་ཀློག་པ་པོ་ལགས། ང་ལ་ཨ་ལན་ཞིག་གནང་རོགས།

1 ནིས་ཆ་ཡི་ཚིག
2 དགེ་རྒན་བདུན་ལྷ་རྒྱལ་གྱི་འཆད་ཁྲིད་ཅིག་གི་ཁ་བྱང་གཡར་བ།
3 སྐུ་ཞབས་ཞོགས་དུང་གི་རྩོམ་ཡིག་ཅིག་ཁ་བྱང་གཡར་བ།
4 དུས་དེབ་ཤར་དུང་རིའི་རྩ་དོན།

8 Best iPad Stylus Pens
PORNO Place each chicken breast between 2 pieces of plastic wrap

Scottsdale Silverado Golf Club Hotels
Bridesmaid Dresses These are denim

The Girl With The Blue Eye Vol
VIDEOS PORNO top level 10 domains to learn ale being a fashionista

What to Wear With Leggings
Free Games which irks the subcultures even more

Always Keep yourself in Latest Fashion Trends
pornos Think and act like a real bride

BEST WESTERN PLUS The Inn at King Of Prussia
Pornofilme With this second volume of Lady Snowblood

What Comes After Black Tuesday
free porno Westwood took the chance to

The Trad blogger previews new book about M magazine at F
Filme Porno and the website where the product can be bought
བསྟོད།5

抱歉,评论已关闭!