ཉིན་བཅུའི་ཡུལ་སྐོར་ཟིན་བྲིས་ཐོར་བུ།

རྫས་ལུང་ཚེ་དར་གྱིས།

མཁའ་ལམ་ཡངས་པོ་འཕྲེད་ཀྱིས་གཅོད་པའི་གནམ་གྱི་གྲུའམ་ལྕགས་ཀྱི་བྱ་ལ་བསྡད་དེ་སྤྲིན་གྱི་བང་རིམ་བརྟོལ་ནས་གནམ་འཕང་བསྟད།ཐོག་མར་རྐང་པ་གཉིས་ལ་བརྟེན་ཞིང་ཡུན་གྱིས་ནམ་མཁའི་དབྱིངས་སུ་འཕུར་བའི་གོ་རིམ་འདི་ནི་གང་ཟག་སུ་ཞིག་གི་བགྲོད་པའི་གོ་རིམ་དང་འདྲ་ཞིང༌།གང་ལྟར་ཐང་དཀར་རྒོད་པོའི་འཕུར་རྩལ་ལ་སློབ་སྦྱོང་བྱས་པར་གྲགས་པ་ནི་ངོ་མ་རེད།དེ་ལྟར་སྟོང་བའི་དབྱིངས་ཀྱི་རྒྱ་ཁྱོན་གཞལ་ཚེ་རང་ཉིད་ལས་མཐོ་ཞིང་རང་ཉིད་ལས་ལྷག་པའི་མི་ཞིག་མེད་པར་སྙམ་ཞིང༌།ས་ཆེན་པོའི་སྟོབས་སྦྱོར་དག་མཐོང་ཚེ། རང་ཉིད་ནི་འཇིག་རྟེན་འདིར་ཆེས་ཆུང་བའི་མི་ཞིག་ཡིན་པར་ཡང་སྙམ་ཡོང༌། གང་ལྟར་འདང་རྒྱག་དང་མཚར་སྣང་མོག་པོའི་ཁྲོད་ནས།ང་ཚོས་དཔག་ཚད་འབུམ་ཕྲག་ཏུ་བགྲངས་ནས་མི་རབས་མང་པོར་བསྐལ་བས་ཆོད་པའི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་སུ་སླེབས་བྱུང༌། རྒྱ་མཚོའི་ལྷོ་སྣེ་གླིང་ཞེས་པའི་གནས་འདི་རུ་མི་ཁྲི་༨༠༠ལྷག་འདུས་སྡོད་བྱེད་ཅིང༌།ད་དུང་མེའོ་དང་ཁ་ཆེ། ལིས་ཞེས་པའི་གྲངས་ཉུང་མི་རིགས་གསུམ་ཡང་ཡོད། འདི་རུ་མཚོ་ཁུག་(海口)དང་སན་ཡ་(三亚)ལྟ་བུའི་རྫོང་དང་ཞིང་ཆེན་བཅུ་ཕྲག་གིས་གྲུབ།ད་ལྟ་ང་ཚོའི་ཕ་ཡུལ་ལ་ཁ་བ་བུ་ཡུག་འཚུབ་པའི་དུས་ཚིགས་འདིར།གནས་འདི་ན་དབྱར་གྱི་དཔལ་ཡོན་རྣམ་པར་ཤར་ཞིང༌།སྤྲོ་སྐྱིད་དྲོན་མོས་མི་སེམས་བསླུ་བར་བྱེད།འདི་འདྲའི་གླིང་ཕྲན་ཆུང་ཆུང་ཞིག་ན་མི་འདི་འདྲ་མང་པོ་འདུས་སྡོད་བྱེད་པར་ཧ་ལས་ཤིང་ཞོར་དུ་རང་གི་ཕ་ཡུལ་གྱི་མི་གྲངས་དང་དེ་རུ་མི་མང་འཚང་ཁ་རྒྱག་བཞིན་པའི་རྒྱུ་མཚན་ཡང་རྟོགས་ཡོང༌།

ཞེས་མཚོ་ཁུག་(海口)ནས་2010.12.28ཉིན།

གནམ་སའི་མཐའ་འམ་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སུ་རྐང་རྗེན་ལ་འགྲོ་སྐབས།རང་གིས་མཐོང་པ་ནི་ཀུན་གྱིས་པར་ཆས་ཀྱི་མདུན་ན་ངོམས་བཞིན་ཡུལ་ལྗོངས་འདི་རྒྱབ་ལྗོངས་སུ་བཀོལ་བཞིན་པ་དེ་མ་ཡིན་པར།ཀུན་གྱི་སེམས་ན་རླབས་ལྟར་འཕྱུར་བཞིན་པའི་ཚོར་འདུ་གསོནཔོ་དེ་ཡིན་ལ།ད་དུང་རྒྱ་མཚོ་འདིའི་ཕ་རོལ་དུ་བསྐྱོད་ཐུབ་ན་སྙམ་པའི་རྔམ་སེམས་ཤིག་ཀྱང་སྐྱེས་འོངས།དུས་བཞིར་གཡུ་མདོག་ལྡན་པའི་འབྱོར་ཕྱུག་གི་གྲོང་ཁྱེར་འདི་ནས་དུས་བཞིར་ངལ་རྩོལ་རྒྱག་ཐུབ་པ་བཞིན།དུས་བཞིར་འབྱོར་ཕྱུག་གི་ལམ་དུ་མུ་རུ་བསྐྱོད་ཐུབ་པས།ཁོ་ཚོའི་འབྱོར་ཕྱུག་དེ་ང་ཚོའི་འབྱོར་ཕྱུག་ལས་ལྡབ་འགྱུར་གྱིས་ལྷག་འདུགད་དུང་གནས་འདི་ནས་བུད་མེད་ཚོར་阿卖དང་阿买ཞེས་འབོད་པ་ལས། གནས་འདི་རུའང་བུད་མེད་ནི་ཚོང་རྫས་ལྟ་བུའི་འདུ་ཤེས་འཛིན་པའི་སྲོལ་རྒྱུན་གྱི་བག་ཆགས་སྟུག་པོ་ཞིག་ཡོད་པའང་རྟོགས་འོང༌། གང་ལྟར་ང་རང་ཇིང་གིར་རྒྱལ་བོས་མི་ཡུལ་ནས་དོམ་དུ་ཆད་པའི་གནས་འདིར་སླེབས་ཐུབ་སོང༌།

ཞེས་ཞིན་ལོན་(兴隆)ནས་2010.12.29ཉིན།

རང་ཡུལ་གྱི་སྐམ་ས་ཆེན་མོ་ཤུལ་དུ་བསྐྱུར་ཏེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་འདིར་ཐོན་དུས། ཚོང་སྣ་འདྲེན་པའི་སྣེ་ཤན་པ་ཚོའི་བསླུ་བྲིད་དང་གཡོ་ཚིག་གིས་ཁྲོམ་ར་ཡར་མར་ལ་ཁྲིད་ཅིང་རྒྱ་མཚོའི་འགྲམ་ངོགས་ཀྱི་རླབས་དཀར་རྩེ་ལ་འབྱོར་དུས།རང་ཉིད་ཀྱི་ཁོག་རྒྱ་ཡང་ཇེ་ཡངས་སུ་བཏང་སོང་བ་ལྟ་བུའི་ཚོར་སྣང་བྱུང༌།རང་ཉིད་ཆུང་ནས་བསྐྱངས་པའི་ཟས་མཆོག་མ་ཡིན་པའི་མཚོ་ནང་གི་འབུ་སྲིན་འདི་རིགས་ཀྱི་བྲོ་བ་རྫོབ་ཅིང་སྣ་ལ་གཙེས་པ་ཞིག་ཡིན་པས། ད་གཟོད་ཕ་ཡུལ་གྱི་ཟས་མཆོག་དྲན་ཞིང་དགེ་གྲོགས་ཀྱི་ལམ་རྒྱགས་དེས་ལུས་བཀྲེས་སྐོམ་ཡོངས་སུ་སེལ།

བརྩེ་དུང་གི་དན་རྟགས་དམར་པོའི་འཇིམ་སྐུའི་འདབས་རོལ་ན་རྒྱ་མཚོ་ཆེན་པོ་སྟོབས་འབྱོར་གྱིས་འཁྱིལ་ཞིང་ཆུ་ལ་རྩེན་པའི་མགྲོན་པོ་མང་པོས་ངལ་དུབ་དང་སྐྱོ་ངལ་གྱི་གོས་གཡོགས་རིང་དུ་བསྐྱུར་བའི་གཟུགས་བརྙན་དག་གིས་མགྲོན་པོ་མང་པོའི་ཡིད་སེམས་འགུག་ཅིང༌། ཁོར་ཡུག་དང་རྒྱས་སྤྲས་ཀྱིས་བསྐྱངས་པའི་མཛེས་མ་དག་གི་གབ་མ་སྦས་ཀྱི་འཆོར་སྒེག་ནི་ངོ་མ་བལྟ་བས་ཆོག་མི་ཤེས་པ་ཞིག་རེད། དེ་ལས་ཀྱང་ཚོར་འདུ་དག་པོ་སྟེར་བ་ནི་རྒྱ་མཚོའི་གཏིང་ངམ་ཀླུ་ཡུལ་དུ་བསྐྱོད་པའི་སྣང་ཚུལ་དེ་ཡིན་སྟེ།སྐྲག་ཅིང་འཚེར་ལ།གྲང་ལ་དྲོ་བའི་ཚོར་བའི་ཁྲོད་ནས་ངོ་མ་འདི་ལྟར་འཆི་འགྲོ་ནའང་ཐང་སྙམ་བྱུང༌། གང་ལྟར།ཆེས་ཐོག་མའི་ཚོར་བ་འདི་དག་ནི་མི་ཚེ་འདིར་བསགས་པའི་ལམ་རྒྱགས་དྲོན་མོ་ཞིག་ཡིན་ངེས།

ཞར་དང་ཞོར་ལ་གྲངས་ཉུང་མི་རིགས་དག་གི་རིག་གནས་ནི་གཞན་གྱི་ཡོང་དངུལ་ལེན་སྤྱད་ཡིན་ལ། ཁོ་ཚོ་ནི་ནམ་ཡང་འགྲེམ་སྟོན་དངོས་པོའམ་རྔུལ་ཆུ་འབྱིན་མཁན་དེ་ཡིན་པ་མཐོང་བྱུང༌།

སན་ཡ་(三亚)ནས་2010.12.30ཉིན།

དུས་བཞིར་ལྗང་མདོག་རྒྱས་པའི་ཁྱད་འཕགས་ཀྱི་ཡུལ་གྲུ་འདི་ནས་རྩྭ་དང་རྩི་ཤིང༌། ཤིང་འབྲས་སིལ་སྡོང༌། མེ་ཏོག་སྣ་བརྒྱ་ལྷུག་པར་གྲོལ་ཞིང་རྣམ་པར་རྒྱས། འདི་ནི་གནས་འདིའི་ཁྱད་ནོར་ཡིན་ལ་འཚོ་བའི་རྟེན་ཕུར་ཡང་ཡིན་འདུག དེ་ལས་ཀྱང་ཡིད་སེམས་སྒུལ་བ་ཞིག་ནི་རིང་ཚད་ལ་སྨི་108ཡོད་པའི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཇིམ་སྐུ་དེ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་རེད། དེ་ནི་རྒྱ་མཚོའི་ཆེན་པོའི་དཀྱིལ་ན་ཀྲོང་ངེར་འགྱིང་ཞིང་བརྗིད་དུ་ཆགས། འདི་ནི་བཟོ་སྐྲུན་མཁན་པོ་སུ་ཞིག་གི་བླ་ན་མཐོ་བའི་ཤེས་རབ་ཀྱི་ཉིང་བཅུད་ཡིན་པར་ཡུད་སྨོན་འཆོར་ཞིང༌། དེ་དང་དེ་བསྟུན་དུ་རང་རེའི་རླབས་ཆེ་བའི་ཆོས་ལུགས་ཀྱི་གཙོ་འཛིན་པ་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་གུང་ཐང་རིན་པོ་ཆེ། ད་དུང་ཨ་ལགསརྡོ་རྗེ་བཀྲ་ཤིས་ཚང་སོགས་ཀྱི་ཞབས་རྗེས་དང་མཛད་འཕྲིན་དག་རྒྱ་མཚོའི་ལྷོ་སྣེ་འདིདག་ལ་བཀོད་པ་ནི་དད་པའི་ཕྱག་གི་ཡུལ་གྱུར་ཅིང་རང་མི་རིགས་ཀྱི་རིག་གནས་དང་གོང་མ་དག་ལ་མོས་གུས་སྐྱེས་པའི་གཞི་རྟེན་དུ་གྲུབ།

སན་ཡ་ནས་2010.12.31ཉིན།

གནས་འདི་ནི་ཚོང་ཟོག་གི་འཕྲིན་ལས་ཕྱོགས་བཅུར་རྒྱས་ཤིང་འབྱོར་ཕྱུག་གི་མཚོ་མོ་དགུང་དུ་འཕྱུར་བའི་ཡུལ་གྲུ་ཞིག་ཡིན་ལ།རྒྱས་སྤྲས་དང་འཕྱོར་སྒེག་གིས་སྤྲས་པའི་མགྲོན་པོ་མང་པོ་བརྒྱ་ཕར་འགྲོ་དང་སྟོང་ཚུར་ཡོང་ཡིན་འདུག འོ་ན། ཁོ་ཚོའི་ཡུལ་མི་ཚོའི་འཚོ་བ་ཅི་འདྲ་ཡིན་ནམ། གནས་འདིའི་ཡུལ་མི་ངོ་མ་ཚོས་འཚོ་བ་ཅི་འདྲ་ཞིག་རོལ་བཞིན་ཡོད་དམ།

འདི་ལས་ཞེ་གནག་པ་ཞིག་ནི་ཚོང་ལས་ཀྱི་ཆེད་དུ་བལྟས་བལྟས་རིག་རིག་ལ་མིའི་མགོ་གཡོག་པའི་ཟློས་གར་དམར་རྗེན་དུ་འཁྲབ་ཅིང༌། ཁྲེལ་དང་ངོ་ཚའི་ཆོས་གོས་རིང་དུ་དོར་ཏེ། ཅི་ལྟར་བྱས་ཀྱང་ཕ་རོལ་པོའི་ལག་ནས་རྒྱུ་ནོར་ཞིག་ལེན་ཐབས་བྱེད་པ་འདི་ནི་ངོ་མ་སྐྱི་གཡའ་བ་ཞིག་རེད། སྤྱིར་བཏང་དུ་འདོད་འདུན་གང་ཞིག་ལ་ཧམ་པ་དྲག་པོ་ཡོད་པའི་མི་ནི་འཇིགས་སུ་རུང་བ་ཞིག་རེད།

འགྲིམ་འགྲུལ་ཡོ་བྱད་ལ་སྣ་མང་ཡོད་པ་ལས། གྲུ་གཟིངས་འདི་ནི་རྒྱ་ཆེ་ཞིང་ཁོད་ཡངས་པས། མི་གཅིག་ནི་རྟའི་རྒྱབ་ལ་འབུ་བབས་པའི་སྣང་ཚུལ་ལས་མ་འདས་པ་འདྲ། རྒྱ་མཚོ་ཆེན་པོ་སྟོབས་འབྱོར་གྱིས་ལྟེམས་པའི་ངོས་སུ་དལ་གྱིས་བསྐྱོད་སྐབས་གྲུ་མགོ་ནས་བལྟས་ན་རྒྱ་མཚོ་ཆེན་པོ་ཤོག་རྐྱང་ལྟེབས་ལྟེབས་ཀྱིས་མདུན་དུ་བསྐྱོད་ཅིང་གཡོ་ལ་ལྡེམ་བཞིན་རླབས་དཀར་རྗེས་སུ་བསྐྱུར་སྐབས་ཀྱི་ཚོར་བ་ནི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།

མཚོ་ཁུག་ནས་བྱང་མཚོའི(北海)་ལམ་ནས་2011.1.1

ཚ་བའི་ཁུལ་དང་ཐག་རིང་དུ་ཕྱིན་རྗེས་ལྭ་བ་ཇེ་མཐུག་ཏུ་གཏོང་དགོས་ལ། སེམས་ཀྱི་འབབ་ཚུགས་ཀྱང་གྲངརླུང་དང་སུན་སྣང་གིས་གཙེས་ཡོང༌། དེ་མིན་ལྷ་མོ་སྤུན་བདུན་ཁྲུས་ལ་རོལ་ཡུལ་ཡིན་པར་གྲུ་ཚུགས་ས་པའི་འདི་གའི་གྲོང་ཁྱེར་ནི་ད་སོ་མ་འཛུགས་སྐྲུན་གྱི་སྒང་ཡིན་ནམ།གང་ལྟར་གྲོང་ཁྱེར་གྱི་སྒྲིག་གཞི་དེ་འདྲའི་གྲ་མི་དག་ལ་གཙང་དག་ཞིག་ཀྱང་མིན། ད་དུང་ཚོང་དཔོན་གྱི་གཡོ་སྒྱུ་དང་གྲངས་ཉུང་མི་རིགས་ཀྱི་མནར་སྡུགཡི་ག་ཆད་པའི་ཟ་མ་དག་སྔར་བཞིན་སྙིང་ལ་གཟན།

བྱང་མཚོ་ནས་2011.1.2ཉིན།

རླངས་འཁོར་དང་མེ་འཁོར་བརྗེས་རེས་ཀྱིས་ཉིན་གང་བོའི་འགྲུལ་བཞུད་ལ། གྲོང་དང་གྲོང་ཁྱེར་མང་པོ་ཞིག་མིག་ལ་མིད་ཅིང་རྒྱབ་ཏུ་བསྐྱུར།མུན་རུབ་ཙམ་ལ་ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་དུ་མཚར་ཞིང་སྙན་གྲགས་ཀྱི་རྔ་ཆེན་འབྲུག་ལྟར་ལྡིར་བའི་ཀེ་ལིན་(桂林)ཡུལ་ལ་སླེབས་སོང༌། གནས་འདི་ནི་ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་གཏོགས་ཞིང༌། ཀྲོང་རིགས་གཙོ་བྱས་པའི་མི་རིགས་བཞི་འདུས་སྡོད་བྱས་ཡོད།ཀེ་ལིན་ནི་ཀེ་ཙི་ཟེར་བའི་སྡོང་བོ་དེ་མང་པས་བཏགས་པར་གྲགས་ལ།ད་ལྟ་འཛམ་གླིང་རིམ་པའི་ཡུལ་སྐོར་གནས་མཆོག་ཏུ་བདམས་ཡོད་པ་རེད།

གནས་འདི་ནའང་སྔར་བཞིན་དངུལ་ནོར་གྱི་དོན་དུ་འདུར་བའི་ཚོང་བ་ཚོའི་ཁྲེལ་བག་མེད་པའི་གཡོ་ཚིག་དག་ཚེར་མ་བཞིན་ལུས་ལ་ཟུག་ཅིང་འུག་སྐད་བཞིན་རྣ་ལ་གཟན། ངོ་མ། ཚོང་ལས་དར་རྒྱས་དང་འཚོ་བ་ཇེ་ལེགས་སུ་གཏོང་དགོས་ན་འདི་ལྟར་ཧམ་སེམས་དང་གཡོ་ཁྲམ་གྱི་རྐུན་ལག་གཞན་གྱི་དངུལ་ཁུག་ཏུ་བསྲིང་དགོས་པ་ཡིན་ནམ། ཐ་ན། དགོན་པའི་འདུ་ཁང་དག་ནའང་གནང་སྦྱིན་དང་ཞལ་འདེབས་སོགས་བཙན་དང་གཡོ་ཡིས་ལེན་བཞིན་པ་འདི་དག་ནི་ང་ཚོའི་ཕ་ཡུལ་གྱི་མི་གཤིས་ཀུན་སྤྱོད་དང་རིག་གནས་འདུ་ཤེས། རིན་ཐང་ལྟ་ཚུལ་དག་ལ་གནམ་སའི་བར་ཆད་ཀྱིས་ཆོད་པ་འདི་སྔོན་ཐོན་དང་རྗེས་ལུས་ཀྱི་རྒྱུ་རྐྱེན་ཡིན་ནམ།

ཀེ་ལིན་ནས་2011.1.3ཉིན།

ང་ཚོས་སློབ་དེབ་ལས་ཀྱང་བསླབ་མྱོང་བའི་ཀེ་ལིན་ས་ཆའི་རི་ཆུ་ལ་དངོས་སུ་ཁྲ་ཆུང་མིག་གིས་རོལ་མྱོང་བྱ་ཐུབ་སོང༌།གནས་འདི་ནི་ངོ་མ་གཞན་ལས་ཁྱད་དུ་མཚར་བའི་གནས་མཆོག་ཅིག་རེད་འདུག དེ་རིང་སྔ་དྲོ་གནས་འདིའི་མ་ཡུམ་ཆུ་བོ་སྟེ།ལི་ཅང་གཙང་བོའི་འགྲོས་དང་བསྟུན་ནས་ཀེ་ལིན་གྱི་ཁྱད་ཆོས་ལྡན་པའི་རི་ཆུ་ལ་བལྟས་པ་ཡིན་ལ།དེ་ནི་ངོ་མ་ང་ཚོས་སློབ་དེབ་ལས་བསླབ་པའི་བསྔགས་བརྗོད་ལས་མ་འདས། དེ་མིན་ད་དུང་ལོ་ངོ་༡༤༠༠ལྷག་གི་ལོ་རྒྱུས་ལྡན་པའི་རོང་སྡོང་(榕树)དང་ཟླ་བ་རི་བོར་བལྟས། དེ་ལས་ངོ་མཚར་ཞིང་གཞན་གྱི་བློ་ཡུལ་ལས་འདས་པ་ཞིག་ནི་དངུལ་རིའི་བྲག་ཁང་(银子岩)སྟེ།དེ་རུ་གནའ་བོའི་ལྷ་སྒྲུང་དང་ལོ་རྒྱུས།རིག་གནས་དང་རིག་དངོས།ད་ལྟའི་ཚན་རིག་དང་འཚོ་བ་མཚོན་པའི་དངོས་གཟུགས་མང་པོ་འཇིམ་གཟུགས་སུ་མངོན། ད་དུང་བྲག་ཁང་དེར་སྤྱི་ལེ་ལྔ་ཙམ་གྱི་ལྟ་སྐོར་བྱ་ཡུལ་བསྐྲུན་ཡོད་ལ་ཕལ་ཆེར་ནི་རང་བྱུང་ཡིན་པ་འདྲ། འདི་འདྲའི་ངོ་མཚར་བའི་རིག་དངོས་ཤིག་ཅི་ལྟར་རྙེད་པ་ཡིན་ནམ། ཡང་ཅི་ལྟར་འདི་འདྲའི་རིན་ཐང་ཞིག་བསྐྲུན་པ་ཡིན་ནམ། དེ་ལས་གཞན་ཞིག་ནི་《ལུའོ་ཚང་གི་ཨ་ཅེ་གསུམ་པ་》(刘三姐)ཞེས་པའི་ཆུ་ཐོག་གར་སྟེགས་ཅན་གྱི་འཁྲབ་སྟོན་ཞིག་སྟེ།འདིས་མཚན་མོའི་གློག་འོད་སྒྱུ་རྩལ་གྱི་ལམ་ནས་འཁྲབ་པ་ལྔ་བརྒྱ་ལྷག་གིས་ཆུ་ཐོག་གི་གཟིངས་ཆུང་ལ་བརྟེན་ནས་ཀྲོང་རིགས་མི་དམངས་ཀྱི་འཚོ་བདང་རིག་གནས།ལོ་རྒྱུས་སོགས་མཚོན་གྱིན་ཡོད་ལ།ཞོར་དུ་བདེ་སྐྱིད་ཀྱི་འཚོ་བ་དང་བརྩེ་དུངས་ལ་བསྟོད་གླུ་འབུལ་གྱིན་འདུག གང་ལྟར་ཉིན་གང་བོའི་ལྟ་སྐོར་ལ་འདྲེན་བྱེད་མིག་གི་གསོས་སུ་སྨིན་པའི་རེ་འབྲས་མོད་པོ་ཞིག་བྱུང་ཡོད་ལ། འཁང་ར་བྱེད་ས་ཞིག་ཡོད་པ་ནི་གནམ་གཤིས་ཀྱི་གོད་ཆག་རེད།

ཀེ་ལིན་ནས་2011.1.4ཉིན།

མཛེས་སྡུག་ཡིད་འོང་གི་ཀེ་ལིན་ཡུལ་ལྗོངས་ན་བལྟས་ན་རྫོགས་རྒྱུ་མེད་པ་ནི་རི་ཆུ་ཡིན་སྟེ། མིང་དུ་གྲགས་པའི་རི་བོ་བཞི་ཡི་མཚར་སྡུག་ཉམས་སུ་མྱངས་ཤིང༌།ད་དུང་གནའ་བོའི་མིང་རྒྱལ་རབས་ཀྱི་ལོ་རྒྱུས་མཚོན་པའི་གནའ་བོའི་ཕོ་བྲང་ཡོད། ཕོ་བྲང་འདི་ལས་རླབས་ཆེན་སྐྱེས་བུ་དག་གིས་གནམ་འདེགས་ས་གནོན་གྱི་བྱ་བཞག་བསྐྱངས་པའི་ཤུལ་རྗེས་མཐོང་ཞིང་ཤེས་རབ་དང་རིག་གནས་ནི་གནའ་དེང་ཀུན་ལ་ཕན་པའི་ཁྱད་འཕགས་ཀྱི་ནོར་བུ་ཡིན་པར།དེའི་གཟི་བྱིན་ནི་ནམ་ཡང་སྐྱེ་བོ་དག་གི་མི་རབས་ཕྲེང་བ་དག་ན་གསལ།དེར་བརྟེན།ང་ཚོ་ནི་ནམ་ཡང་བག་གཡེང་དང་སྟོང་སྣང་གིས་འཚོ་བ་ནི་ཅི་འདྲའི་དགོད་བྲོ་ཞིང་རྙེད་དཀའ་དོན་ཆེའི་མི་ལུས་འདི་ཆུད་ཟོས་སུ་གཏོང་བཞིན་པ་ནི་ཅི་འདྲའི་ཕངས་པ་ལ་ཨང༌།

ཀེ་ལིན་ནས་2011.1.5ཉིན།

ཉིན་ལམ་མཚན་བགྲོད་ཀྱིས་བསྐྱོད་པའི་འགྲུལ་བཞུད་ཁྲོད་ནས་ཁྲོན་ཆུན་(重庆)དང་ཁྲི་འདུ་(成都)སོགས་གྲོང་དང་གྲོང་ཁྱེར་མང་པོ་ཞིག་བརྒྱུད་ནས་ཡོང༌།དེ་བས་གུ་དོག་ལ་འགྲོས་དལ་ཞིང་ཆ་རྐྱེན་དང་མཁའ་དབུགས་བཙོག་པའི་འཁོར་སྒམ་འདི་ལས་རང་ཉིད་ཀྱང་འབྲོག་སའི་སྟོན་མཇུག་གི་ནོར་ལུག་གི་བཞིན་ཡུལ་གྲུ་གང་ཞིག་ཏུ་དྲུད་འགྲོ་བར་ཞེད་སྣང་སྐྱེས།མཛེས་སྡུག་གི་རི་གྲོང་དུ་འབོད་པའི་ཁྲོན་ཆུན་དང་སྤོས་ལྡན་གྲོང་དུ་གྲགས་པའི་ཁྲི་འདུ་གྲོང་ཁྱེར་སོགས་ཀྱི་འབྱོར་ཕྱུག་མངའ་ཐང་དང་དེས་བསྣུབས་བཞིན་པའི་ཡུལ་སྲོལ་དང་རིག་གནས་བསམ་བཞིན། བསམ་གཞིགས་ཀྱི་མགོ་བོ་མཁའ་དབྱིངས་ནས་དཔྱངས་བཞིན་ཕ་ཡུལ་གྱི་བདེ་སྡུག་དག་ཉིན་ཐོ་རུ་འབྲི་འདོད།

ཁྲོན་ཆུན་དང་ཁྲི་འདུ། ལན་ཇུ་བར་གྱི་2011.1.6ཉིན།

འདི་ལྟར་འགྲུལ་བཞུད་མཇུག་རྫོགས་སོང༌།འགྲོས་དལ་བའི་མེ་འཁོར་གྱི་གོག་ནུར་ཀྱང་མཇུག་རྫོགས་སོང༌།སྔོན་ཆད་ཐག་རིང་དུ་སྒོམ་པའི་ལན་ཇུ་གྲོང་ཁྱེར་ནི་རང་གི་སེམས་པ་དང་ཆེས་ཆེར་ཉེ་ཞིང་སོས་དལ་བའི་དགོང་ཟས་ཤིག་ཟོས་པ་ནི་རང་གི་མཛའ་མོའི་རུམ་ཁོང་དུ་འཛུལ་བ་ལྟར་ལུས་སེམས་གཉིས་སུ་དགའ་བདེ་དཔལ་གྱིས་བཟི་སོང༌།ད་ནི་ཁང་བརྩེགས་ཀྱི་རྔམ་བརྗིད་དང་འཕྲུལ་འཁོར་གྱི་འཚང་ཁར་བདེ་མོ་འཇོག་ལ་ཉེ་བྱུང༌། བདེ་མོ་བྱོས། རྒྱ་མཚོ་ཆེན་པོ། བདེ་མོ་བྱོས། གྲོང་ཁྱེར་ཆེན་མོ།

ལན་ཇུ་ནས་2011.1.7ཉིན་རྫོགས་སོ།

Why Every Man Should Own A High Quality Fine Watch
VIDEO PORNO XXX and fashion magazines are prevalent

How to Dress for Your Plus Size
Bridesmaid Dresses Founded in 1991

Sunrise and its Importance in Mythology
VIDEOS PORNO many of them can be made at your home with friend's help

What's a Suitable Holiday Gift for a College Student
Download Free Games designer retail store changes to 8 rest of the world 57th streets keep

How to Draw Fashion Dresses
Kostenlose Pornos von A procedure needs to be in place to receive online orders

American Eagle Outfitters Management Discusses Q1 2013 Results
free xxx Take a generic business suit and blouse

Prada spring 2012 Milan Fashion Week handbags
free porno jeans the fashion industry

3 Reasons you should be a Realtor and Real Estate Investor
Free Porno Wife clothes like guesswork with the 2010 olympics snowing conditions dance in patterns match
བསྟོད།2

抱歉,评论已关闭!