ལྔ་བཞིའི་དུས་ཀྱི་ཤེས་ཡོན་ཅན་དང་ཁོ་ཚོའི་སྙིང་སྟོབས།

ལེན་ཞུན་ཀྲི། ཨ་རིན་གྱིས་བསྒྱུར།

ལྔ་བཞིའི་དུས་ཀྱི་མི་རབས་དེས་ཅི་ཞིག་བྱས་སོང་།
ང་ཚོའི་མི་རབས་འདིས་ཅི་ཞིག་བྱས་སོང་།
བར་སྐབས་འདིར། ང་ཚོ་གང་ཞིག་ནས་འགྲེང་ཏེ་གནས་ཚུལ་འདིར་བལྟའམ།
གལ་ཏེ་ང་ཚོས་ལྔ་བཞིའི་དུས་ཀྱི་མི་རབས་དེ་ལུགས་ལྡོག་ལུགས་འགལ་བྱེད་མཁན་དང་ཤ་འཁོན་རིང་ལུགས་པ། ན་གཞོན་གཏུམ་སྤྱོད་ཅན། གཉིད་ལབ་རྒྱག་མཁན། བླུན་པོ། རང་རློམ་ཅན། ནུབ་གླིང་རིག་གནས་ཀྱི་སློང་མོ་བ། ཁ་གཡང་རྐྱང་རྐྱང་སྒྲོག་མཁན། མེར་གཏོང་མཁན། ངན་སྐུལ་བྱེད་མཁན་དག་ཏུ་བལྟ་བ་ཡིན་ན། གལ་ཏེ་ང་ཚོས་ཁོ་ཚོའི་ལག་ཏུ་འཆང་བའི་ཐང་ཇེ་ཧི་རྡུའི་མདུང་མོ་ཕུབ་དུ་བརྗེ་ཞིང་། སོ་སོར་འཐོར་བའི་ཁོ་ཚོ་གཅིག་སྡུད་ཀྱིས་འགུལ་སྐྱོད་ཡོད་ཚད་གཅིག་གྱུར་གྱི་དུང་རྡའི་འོག་འཛོམས་སུ་བཅུག་པའམ། ཐ་ན་གཞི་ཁྱོན་ཆེ་བའི་རུ་ཚོགས་ཀྱི་ཁྲོད་དུ་ཞུགས་སུ་བཅུག་པ་ཡིན་ན། གལ་ཏེ་ང་ཚོས་ཤེས་ཡོན་ཅན་གྱི་རིན་ཐང་གཙོ་བོ་དང་སྔོན་བསྐྱོད་རིང་ལུགས་ཁས་མི་ལེན་པ་ཡིན་ན། དེ་ནི་རྒྱ་མཚོ་ཆུ་ཡིན་ཡང་ཁེར་རྐྱང་གིས་བཞུར་བའི་གཙང་པོ་མཐོང་དུ་མེད་པ་ཇི་བཞིན་ལྔ་བཞི་ཡང་མི་འགྱངས་པར་རིན་ཐང་ཅི་ཡང་མེད་པ་ཞིག་ཏུ་མི་འགྱུར་གྲང་། གལ་ཏེ་ང་ཚོས་ལྔ་བཞིའི་དུས་ཀྱི་ཁོ་ཚོའི་རིན་ཐང་ལྟ་ཚུལ་དང་གདོང་འཆོང་གི་གཤིས་ཀ་ཁས་བླངས་ཚེ། གལ་ཏེ་ང་ཚོས་ཁོ་ཚོའི་གཏོར་བཤིག་དང་གསར་འཛུགས་ཁས་བླངས་ཚེ། ལྔ་བཞི་ནི་གསར་དུ་བརྒྱབ་པའི་བཟོ་བཀོད་ཅིག་དང་འདྲ་བ་ཡིན། དེ་བཞིན་གྱི་འགྱིང་ངེར་སྡོད་པའི་བཟོ་བཀོད་དག་ཀྱང་དུས་ད་ལྟ་ཡོད་ཚད་མེད་བརླག་ཏུ་སོང་ཏེ་ཤུལ་དུ་རྫ་ལྷེབ་ཀྱིས་བཀང་བའི་རྭ་བ་ཞིག་ལས་ཅི་ཡང་ལྷག་མི་འདུག
ལྔ་བཞི་ཤི་སོང་། ལྔ་བཞིའི་སྙིང་སྟོབས་སྔ་མོ་ཞིག་ནས་ཉམས་རྒུད་དུ་གྱུར་བས། ང་ཚོས་མཐོང་བ་ནི་ཕྱི་རོལ་ཡོད་ཚད་རྒྱ་གྲམ་དམག་གིས་བཟུང་ཞིང་འཐབ་འཁྲུག་གི་དུད་སྨུག་དང་གསོད་གསོད་རྒྱོབས་རྒྱོབས་ཀྱི་ཀི་སྒྲས་བར་སྣང་ཁེངས་ཚུལ་ཏེ། མ་གཞི་རྩིག་སྲུབས་ནས་འབྱིན་པའི་སྐད་སྒྲ་སྔོན་ཆད་ནས་འགག་ཚར་འདུག རང་དབང་དངོས་ནས་འགོག་སྲུང་དང་ཉེན་ཁའི་གནས་སུ་ལྷུང་འདུག་སྟེ། ཡྰ་སི་བྷེ་སིས་བཤད་པ་ནང་ལྟར། རང་དབང་ཟེར་བ་རང་འགུལ་གྱིས་ང་ཚོའི་སྟེང་ལྷུང་མི་ཡོང་ལ་རང་འགུལ་གྱིས་ཉར་ཚགས་ཀྱང་མི་བྱེད། ཡིན་ཡང་རང་དབང་དེ་འདུ་ཤེས་ཀྱི་རྣམ་པར་གྲུབ་ནས་དེར་འགན་ཁུར་བར་འདོད་དུས་ད་གཟོད་རང་དབང་ཉར་ཚགས་བྱེད་ནུས་ཞེས་སོ།། རེད་མོད། ཤེས་ཡོན་ཅན་གྱི་ནང་སེམས་ཀྱི་འཇིག་རྟེན་ཧ་ཅང་ཉམས་ཆུང་ཞིང་ཁོ་ཚོར་མངའ་བའི་སྙིང་སྟོབས་ཀྱི་རྒྱབ་རྫིར་ཡང་ཚད་བཀག་ཡོད་པས། མཐར་ཐུག་ལྔ་བཞི་ཁོ་ཚོ་རང་ཉིད་ཀྱིས་མིད་པ་བསྒགས་ཏེ་བསད་པ་རེད།
ཨུ་རུ་སེའི་ཤེས་ཡོན་ཅན་ནི་འཛམ་གླིང་སྟེང་གི་ཆེས་ཕུལ་དུ་བྱུང་བའི་ཤེས་ཡོན་པའི་ཁྱུ་ཚོགས་ཏེ། སྙིང་སྟོབས་ཅན་གྱི་ཚོགས་པའི་ངོས་ནས་ཁོ་ཚོ་ནི་ཆབ་སྲིད་བཙན་དབང་གི་ཕྱི་རུ་སྒེར་ཚུགས་ཀྱིས་འགྲེང་བའི་སྲོལ་རྒྱུན་ཞིག་ཏུ་གྲུབ་ཏེ་ཡོད་ལ། བྷེར་ཅྰ་ཡེ་ཧྥུའུ་ཡིས་བཤད་པ་ལྟར། ཨུ་རུ་སེའི་ཤེས་ཡོན་ཅན་ནི་མཐར་ཐུག་ཁ་ཕྲལ་ཁྲོད་གྲུབ་པ་སྟེ། ཁོ་ཚོས་རང་ཉིད་ལ་ནམ་ཡང་ང་ཚོ་ཞེས་དང་རྒྱལ་ཁབ་དང་སྲིད་གཞུང་ལ་ཁོ་ཚོ་ཞེས་འབོད་ཀྱི་ཡོད་ཅེས་སོ།། དེ་ལྟར་ཤེས་ཡོན་ཅན་ནང་ཁུལ་དུའང་ནུབ་གླིང་ཚོགས་པ་དང་སི་ལ་ཧྥུའུ་ཚོགས་པ་ཞེས་སུ་གྱེས་ཏེ་ཕན་ཚུན་བར་བགྲོ་གླེང་གི་རྩོད་པ་མང་དུ་བྱུང་ཡང་། ཁོ་ཚོ་ཐམས་ཅད་སྔར་བཞིན་ཨུ་རུ་སེར་དགའ་ཞེན་ཆེ་ལ་སྔར་བཞིན་བསམ་བློ་གཏོང་བར་མོས། ཁོ་ཚོས་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆེད་དུ་རང་དོན་རྒྱབ་བསྐྱུར་གནང་ངེས་ཏེ། གཟུགས་འདས་རིག་པ་གང་འདྲ་ཞིག་ཡིན་རུང་སྔར་མུས་ལྟར་ས་འདིའི་སྟེང་གི་དཀའ་སྡུག་གིས་མནར་བའི་རྒྱ་ཆེ་མང་ཚོགས་ཀྱི་ལས་དབང་དང་དམ་དུ་འབྲེལ་ཏེ་ཡོད་པས། ཟབ་ཅིང་བརྟན་པའི་ཀུན་སྤྱོད་ཀྱི་སྟོབས་ཤུགས་ཤིག་རང་དབང་གིས་བསྩལ་ཡོད་ཅིང་། དེ་དང་མཉམ་དུ་ཁོ་ཚོ་ནི་རང་ཉིད་བློས་གཏོང་ཕོད་པའི་ལག་ལེན་པ་དང་ལག་བསྟར་པ་ཡང་ཡིན། ༼གྲྭ་སྨྱོན་༽ཞེས་པ་ནི་འཛམ་གླིང་སྟེང་ཨུ་རུ་སེའི་ཁྱད་ཆོས་ཡོངས་སུ་མངའ་བའི་འཇིག་རྟེན་པའི་ཁྲོད་ཀྱི་དམ་པའི་རྗེས་འཇུག་པ་ཚོའི་སྣང་བརྙན་ཡིན་ལ། ཨུ་རུ་སེའི་མི་རིགས་ཀྱི་གཤིས་ཀ་དེ་ཨུ་རུ་སེའི་ཤེས་ཡོན་ཅན་གྱི་སྟེང་ཤིན་ཏུ་མངོན་གསལ་གྱིས་མཆིས་ཤིང་། དེ་ནི་མི་རིགས་རང་ལུགས་ལས་བརྒལ་བ་ཞིག་དང་ཐུན་མིན་གྱི་སྙིང་སྟོབས་མངོན་པའི་སྣང་བརྙན་ཞིག་རེད། དེ་ལྟ་བུའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསམ་བློའི་སྙིང་སྟོབས་ཀྱིས་ཁོ་ཚོ་བསྐོར་ཞིང་ཁོ་ཚོ་ལེགས་པོར་གསོ་སྐྱོང་བྱས་པ་ལས་ཁོ་ཚོའི་རྣམ་ཤེས་སྟོབས་ལྡན་ཡ་མེད་ཅིག་ཏུ་གྱུར་བ་དང་། ཁོ་ཚོས་ཀྱང་སྙིང་སྟོབས་འདི་འདྲ་སྔར་བཞིན་གསར་གཏོད་དང་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད། དེ་བས་ཧྲ་ཨུའི་དུས་སྐབས་དང་སི་ཏ་ལིན་གྱི་དུས་ཡིན་ནའང་འདྲ། ཞི་པོ་ལི་ཡའི་རྒྱང་བསྐྲད་དང་ཀོ་ལ་ཀིའི་སྡུག་ལས་ཡིན་ཡང་རུང་། ཡང་ན་རང་མོས་རྩོམ་འབྲི་དང་པར་སྐྲུན་བཀག་སྡོམ་ཡིན་ནའང་འདྲ། གང་ལྟར་ཁོ་ཚོ་སྔར་བཞིན་ང་རྒྱལ་གྱིས་འགྲེང་ཡོད་ལ། ཐ་ན་ཕྱིའི་རྒྱལ་ཁབ་དུ་རྒྱང་འབུད་བཏང་བའི་ཧིར་ཆིན་དང་ཧྥུའུ་ཉིན། པོ་ལོ་ཚི་ཆེ་ལྟ་བུ་སོགས་ཀྱི་ཤེས་ཡོན་པ་མང་པོ་ཞིག་ཀྱང་དེ་བཞིན་ཕུལ་དུ་བྱུང་ཞིང་། ཁོ་ཚོ་སོ་སོར་མངའ་བའི་ཐུན་མིན་གྱི་སྙིང་སྟོབས་དེ་ནམ་ཡང་མཐའ་འཁོར་གྱི་མི་ཀུན་ལས་ཁྱད་དུ་འཕགས་པས་ན། དེ་ནི་གོན་པ་སྐྱ་བོ་ཞིག་གི་སྟེང་དུ་བཀྲག་མདངས་འཚེར་བའི་ལྷན་པ་གསར་པ་ཞིག་བརྒྱབ་པ་དང་འདྲ་ཨང་།
ལྔ་བཞིའི་དུས་སུ་ན་གཞོན་ངོ་ལོག་པ་དག་གི་འགོ་གཙོ་སྟེ། ལུའུ་ཞུན་གྱིས་ད་གཟོད་༼འཐབ་རྩོད་༽ཀྱི་འདུན་པ་རྒྱུན་བསྐྱངས་ནས་ཡོང་བ་ཡིན་པས། ལུའུ་ཞུན་ནི་རྒྱ་ནག་ཏུ་མེད་པའི་ཨུ་རུ་སེའི་ལུགས་ཀྱི་ཤེས་ཡོན་ཅན་ཁོ་ན་རེད།
བསམ་བློའི་སྙིང་སྟོབས་གལ་ཆེ་སྟེ། སྒོས་སུ་ཤེས་ཡོན་ཅན་ལ་མཚོན་ན་དེ་འདྲ་ཡིན། ཧི་བྷོར་རྡི་ཧྥེ་རྒར་གྱི་སྙན་ཞུ་ལས་དེ་སྔོན་ཨེད་ཡེན་སི་ཐན་གྱིས་ཁོ་བོར་བཤད་པའི་སྐད་ཆ་ཞིག་བྲིས་ཡོད་པ་ལྟར། གལ་ཏེ་ནང་བཅུད་ཀྱི་འོད་ཟེར་དེ་མེད་ན་ཕྱིའི་སྣོད་ཀྱི་འཇིག་རྟེན་ནི་གད་སྙིགས་ཀྱི་ཕུང་པོ་ཞིག་གོ་ཞེས་པ་ནང་བཞིན་རེད། ཨུ་རུ་སེའི་མཚན་ཉིད་རིག་པ་སྨྲ་བས་མི་ནི་འཇིག་རྟེན་གྱིས་སྣང་མེད་དུ་བསྐྱུར་བྱ་མིན་ལ་དེ་ལས་ལྡོག་སྟེ་འཇིག་རྟེན་ད་གཟོད་མི་ཡི་ཕྱེད་ཀ་ཡིན་པར་བལྟ་ཞིང་། བྷེར་རྒྱ་ཡེ་ཧྥུའུའི་༼རང་དབང་སྙིང་སྟོབས་ཀྱི་མཚན་ཉིད་༽ཅེས་པའི་གསུང་རྩོམ་དུ། མི་ལ་གྲུབ་ཆ་གསུམ་ཡོད་ཅིང་དེ་ནི་བསམ་བློའི་སྙིང་སྟོབས་དང་རྣམ་ཤེས། ལུས་ཕུང་གིས་གྲུབ་པའི་བཅུད་ལྡན་གཟུགས་ཤིག་ཡིན་པར་བཤད་ལ། དེ་ལས་བསམ་བློའི་སྙིང་སྟོབས་ཆེས་ཐོག་མར་བཞག་ཡོད་པ་རེད། དེ་བས་ཤེས་ཡོན་ཅན་ལ་མཚོན་ན་བསམ་བློའི་སྙིང་སྟོབས་ཀྱིས་ཅི་ཞིག་མཚོན་བཞིན་ཡོད་དམ་སྙམ་ཚེ། དེས་ནི་སྒེར་ཚུགས་དང་རང་བདག་མཚོན་པའི་སྤྱོད་ལམ་རྒྱུན་སྲུང་བྱས་པ་ཞིག་ཡིན་ཞིང་། བསམ་བློའི་སྙིང་སྟོབས་སུ་མངའ་བ་ནི་མཐའ་འཁྱོལ་གྱི་ཁྱད་ཆོས་ཏེ་ཤུགས་སུ་ཕྱི་རོལ་ཡུལ་ལ་རྩ་དོན་ཡོད་པར་ཁ་གཏད་དུ་ལངས་ཚུལ་སྟོན་པ་དང་། འདི་ལྟ་བུའི་མིན་འཇོག་གི་ཧུར་བརྩོན་དེ་བདག་ཉིད་ལས་ཐོན་པ་ཡིན། དེ་བས་ན་བསམ་བློའི་སྙིང་སྟོབས་ལ་ཕྱི་ཡུལ་གྱིས་སྤྲད་པའི་གནོན་ཤུགས་གང་ལའང་འཇིགས་སྣང་མེད་དེ། ཤེས་ཡོན་ཅན་ནི་ཏག་ཏག་འདི་འདྲའི་ཆེས་ཕུན་སུམ་ཚོགས་པའི་བསམ་བློའི་གཤིས་ཀ་ལྡན་པའི་མི་ཞིག་ཡིན་པས་ན། ཧྥ་རན་སེའི་བསམ་བློ་པ་པའོ་རྡུ་ལེ་ཡྰས་ཤེས་ཡོན་ཅན་གྱི་སྐོར་གླེང་སྐབས་འདི་ལྟར་གསུངས་མྱོང་སྟེ། ཁ་གཏད་དུ་ལངས་ཚུལ་ནི་ཤེས་ཡོན་ཅན་ལ་མཚོན་ན་ཆེས་བདེ་སྣང་ཤར་བའི་ཉམས་ཤིག་ཡིན་པ་སྨྲོས་མེད་དོ་ཞེས་དང་། བས་མཐའ་རུ་གནས་པ་ནི་ཤེས་ཡོན་ཅན་གྱི་འཚོ་སྟངས་དངོས་མ་དེ་ཡིན་ཞེས་དང་། ཤེས་ཡོན་ཅན་གྱིས་ཡིན་འཇོག་རང་བཞིན་ལ་བརྟེན་མི་སྲིད་དེ། རང་ཉིད་ཀྱིས་ཡིན་འཇོག་རང་བཞིན་གྱི་རིན་ཐང་གསར་གཏོད་དམ་སྐུལ་སྤེལ་གཏོང་ནུས་པར་འདོད་པའི་ཤེས་ཡོན་ཅན་ནི་ཏག་ཏག་མཁྲེགས་འཛིན་ཅན་ཡིན་ཞེས་སོ།། དེར་བརྟེན། མེར་ཆི་ཡིས་ཀྱང་༼དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་༽གླེང་དུས། མུ་མཐུད་དུ་དེང་གི་སྒྲིག་གཞིའི་འཐབ་རྩོད་ལ་ངོ་རྒོལ་བྱེད་སྲིད་པའི་སྤྱི་ཚོགས་ཀྱི་ཚོགས་པ་དེ་ནི་ཤེས་ཡོན་ཅན་ཡིན་ཞེས་བཤད་མྱོང་སྟེ། ཁོས་ཤེས་ཡོན་ཅན་ནི་༼ གསར་བསྒྱུར་གྱི་སྟོབས་ཤུགས་ཡིན་སྲིད་པ་དང་ཐད་ཀར་བ། སྔོན་བསྐྱོད་ཅན་ཞིག་༽ཏུ་རྩིས་ཡོད་པས། ཤེས་ཡོན་དང་ཤེས་ཡོན་ཅན་ལ་ཞིབ་འཇུག་གཏིང་ཟབ་པོ་བྱས་མྱོང་བའི་མེན་ཧེ་མུའུ་ཡིས་ཀྱང་ཁོའི་ཚབ་མཚོན་བརྩམས་ཆོས་༼འདུ་ཤེས་འཛིན་སྟངས་དང་ཕུགས་བསམ་རྒྱལ་ཁབ་༽ཞེས་པར། ཤེས་ཡོན་ཅན་ནི་དངོས་ཡོད་འཚོ་བ་དང་ཡོངས་སུ་མཐུན་པའམ་ཡང་ན་སྟོང་བ་ཉིད་དམ་ཕུགས་བསམ་མམ་འདུ་ཤེས་འཛིན་སྟངས་ཀྱིས་མངོན་པའི་ཚད་བརྒལ་གྱི་ཁོར་ཡུག་ཅིག་ཏུ་འཚོ་ཐབས་ཤིན་ཏུ་དཀའ་ཞེས་བསྟན་ཡོད། དེ་འདྲའི་བསམ་བློའི་སྙིང་སྟོབས་གནས་པར་གྱུར་བ་ལས་ཤེས་ཡོན་ཅན་ལའང་འཇིག་རྟེན་གཞན་ཞིག་གིས་ཇེ་མང་དུ་སོང་ལ། འདི་དང་འབྲེལ་བའི་འཇིག་རྟེན་དེ་ཨུ་རུ་སེའི་ཡུལ་གྱར་བསམ་བློ་པ་ཧྥུའུ་ལིན་ཁིས་འདི་ལྟར་ཞིབ་འབྲི་བྱས་ཡོད་དེ། ས་ངོས་ནས་རང་ཉིད་ཀྱི་ལམ་རྟགས་དེ་མ་འཚོལ་རོགས། དེ་ནི་འབྱམས་ཀླས་ཀྱི་རྒྱ་མཚོ་ཞིག་དང་འདྲ་བར་སྙིང་པོ་མེད་པའི་རླབས་རིས་ཀྱི་འགུལ་སྐྱོད་དང་རླབས་རྒྱུན་སྣ་ཚོགས་ཀྱི་གདོང་གཏུག་མ་གཏོགས་ཅི་ཡང་མེད་པས། ཡིན་ངོ་མ་བསམ་བློའི་བར་སྣང་ནས་རང་ཉིད་ལ་ལམ་བུ་སྟོན་པའི་སྐར་མ་འོད་ཆེན་དེ་བཙལ་ཞིང་དེ་དང་མཉམ་དུ་མདུན་དུ་བསྐྱོད་དགོས་ཞེས་སོ།།
རྒྱ་ནག་ལ་མཚོན་ན་ཤེས་ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་ཀྱི་འཚོ་བཅུད་ཧ་ཅང་ཞན། དེ་ཡང་ཤེས་ཡོན་ཅན་ནི་གནའ་བོའི་དཔེ་ཆ་བའི་གྲལ་རིམ་འཕེལ་འགྱུར་ལས་བྱུང་བ་དང་། དཔེ་ཆ་བའི་གྲལ་རིམ་གྱི་ལྟེ་ཐགས་འབྲེལ་ཡོད་པའི་མ་ཡུམ་སྟེ། ཞིང་ལས་སྤྱི་ཚོགས་ཀྱི་གྲུབ་སྟངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མྱོང་མེད་ཅིང་། ཚོང་རྭའི་གཞི་ཁྱོན་ཡང་སྔར་ལས་རྒྱ་ཆེ་རུ་གཏོང་ཐུབ་མ་སོང་བའི་གནས་ཚུལ་འོག་ཏུ་དབང་ཆ་སྔར་བཞིན་ལྟེ་གནས་ཡིན་པས། ཤེས་ཡོན་ཅན་གྱི་རྩ་འཛུགས་ཀྱི་གཞན་བརྟེན་རང་བཞིན་དེ་མུ་ནས་རྒྱུན་འཁྱོངས་ཀྱིས་གནས་པ་ཡིན། ཡང་གཅིག་བཤད་ན་དེ་ནི་ད་དུང་སྔར་བཞིན་༼ལྤགས་པ་༽དང་༼སྤུ་༽གཉིས་ཀྱི་བར་གྱི་འབྲེལ་བ་ལྟ་བུ་ཞིག་རེད། ལར་དེང་རབས་ཀྱི་འདུ་ཤེས་ངོས་ནས་ང་ཚོར་མི་ལུགས་རིང་ལུགས་དང་མི་སྒེར་རིང་ལུགས་ཀྱི་སྲོལ་རྒྱུན་ཆགས་མེད་པས། བསམ་བློའི་སྙིང་སྟོབས་རང་ངོས་ནས་མཆེད་པའི་ཁེར་ཚུགས་རང་བཞིན་གྱི་བསམ་བློའི་སྙིང་སྟོབས་དེ་འབྱུང་དཀའ། ཡིན་ནའང་དཔལ་འབྱོར་བཅོས་བསྒྱུར་བྱས་པ་དང་ལྷན་དུ་ཤེས་རིག་ཚོང་ལས་ཅན་དང་སྒྲིག་གཞི་ཅན་དུ་གྱུར་ཡང་རུང་། ལོ་ངོ་སྟོང་ཕྲག་ལྷག་གི་རིང་གནའ་བོའི་སྲོལ་རྒྱུན་གྱིས་ང་ཚོ་དམ་དུ་བཅིངས་པའི་ལྕགས་སྒྲོག་ནི་སིལ་བུར་གཏོར་མི་ནུས་སོ།། ལྔ་བཞིའི་དུས་སུ་ལུའུ་ཞུན་དང་ཁོའི་འཐབ་རོགས་ཚོར་༼ལྕགས་ཀྱི་ཁང་པ་༽དང་འབྲེལ་བའི་ལབ་གླེང་ཐུང་ཐུང་ཞིག་ཡོད་མོད། ཡིན་ཡང་མུན་ནག་གི་༼ལྕགས་ཀྱི་ཁང་པ་༽ལས་ཨུ་རུ་སེའི་ཤེས་ཡོན་ཅན་ལྟ་བུའི་བསམ་བློའི་སྙིང་སྟོབས་ཀྱིས་ཕྱུག་པའི་རང་ཡན་པ་ནི་བསྐྱེད་ཐུབ་པ་མ་རེད། དེ་བཞིན་ང་ཚོ་ནི་ནུབ་གླིང་ལྟ་བུའི་ཆོས་ལུགས་ཀྱི་རྒྱལ་ཁབ་ཞིག་ཀྱང་མིན་ཏེ། ང་ཚོའི་ཆོས་ལུགས་ནི་རུའུ་ལུགས་ཡིན་ཡང་། སྒོས་སུ་དུས་ཡུན་རིང་པོའི་རྒྱལ་རབས་རིམ་བྱོན་གྱི་དབང་བསྒྱུར་པས་གཞི་ཁྱོན་ཆེ་བའི་བསྒྱུར་བཅོས་བྱས་པར་དེས་ཤེས་ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་ངན་རུལ་དུ་བཏང་བ་ཧ་ཅང་ཚབས་ཆེན་ཡིན། དེ་བས་ཤེས་ཡོན་ཅན་གྱིས་རྒྱལ་པོའི་ཕོ་བྲང་གི་གནས་ཚུལ་ལ་སེམས་མཐའ་གཅིག་ཏུ་གཏོད་པ་ལས་ཕྱི་ཡུལ་གྱི་ཁོར་ཡུག་སྣང་ཚུལ་སྣ་ཚོགས་དང་མི་རྒྱུས་མེད་ཀྱི་སེམས་ཁོང་གི་སྐད་སྒྲ་ལ་རྣ་བ་ནམ་ཞར་གཡོར་གྱི་མེད། གལ་ཏེ་མྱ་ངམ་གྱི་བྱེ་ཐང་ནས་ཚེ་སྲོག་ལ་གཙིགས་འཛིན་མི་བྱེད་པ་དང་། འཚོ་གནས་དང་ལས་དབང་ལ་སེམས་ཁུར་བྱེད་མི་ཤེས་དུས། བསམ་བློའི་སྙིང་སྟོབས་ཀྱི་བཀྲེས་ལྟོགས་མེད་ཅིང་བདེན་དོན་འཚོལ་སྙེག་དང་གསར་གཏོད་ཀྱི་འདོད་པ་དེ་བས་ཀྱང་ངོ་།། དེ་བས་དཀའ་སྡུག་གི་ཁྲོད་ལྷུང་ནའང་མི་སྐྱོབ་མི་ཤིས་ཤིང་། ཡོད་པ་ནི་ལའོ་ཀྲུང་དང་རུའུ་ལུགས་ཀྱི་ཐབས་ཟད་དང་སོས་དལ་གྱིས་སྡོད་པ་དེ་ཡིན་ལ། དཀའ་སྡུག་གིས་བཟོད་བསྲན་བྱེད་པ་ལས་བསྐྱར་གསོན་གྱི་རེ་བའང་མི་འདོད་པས་ན། ང་ཚོས་ཅི་ཞིག་བྱས་ཚེ་ད་གཟོད་རང་ཉིད་དང་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་སེམས་ཁུར་བྱེད་ཤེས་སམ། ང་ཚོའི་མིག་མདུན་དུ་རི་བོ་མེད་ལ་དད་པ་བྱ་དངོས་མེད། ང་ཚོར་སྤང་ལྗོངས་ལྟ་བུའི་རྒྱ་ཆེའི་བློ་ཁོག་མེད་ལ་སེམས་ཁོང་དུ་ལྷུང་ལྷུང་འབབ་པའི་གཙང་པོ་མེད། ང་ཚོར་བརྩེ་བ་མེད་ལ་དཀྱེལ་ཡངས་ཀྱང་མེད་དོ།། ལྔ་བཞིའི་ཤེས་ཡོན་ཅན་དག་སྲོལ་རྒྱུན་གྱི་སྤྱི་ཚོགས་དང་ཁ་བྲལ་ཏེ་རང་ཉིད་ཀྱི་ཚོགས་པ་ཞིག་ཆགས་ཡོད་ཀྱང་དེ་ནི་ཅི་འདྲའི་ཉམས་ཆུང་ཞིག་ཡིན་ཨང་། རེད་མོད་ཁོ་ཚོའི་བློ་ཐག་རྦད་ཆོད་ཀྱི་འདུ་ཤེས་ཀྱིས་ཡོད་ཚད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པའི་གཡོ་སྐྱོམས་དེ་ཉིད། ལོ་ངོ་བརྒྱད་ཅུའི་རྗེས་ཀྱི་ཁོ་ཚོའི་རྗེས་རབས་པ་དག་ལ་སྔར་བཞིན་སྟོབས་ཤུགས་ཆེན་པོ་སྩོལ་གྱི་ཡོད།
ཁོ་ཚོ་ནི་རྒྱ་ནག་ལོ་རྒྱུས་སྟེང་གི་ཐོག་དང་པོར་གར་སྟེགས་མདུན་ཐད་དུ་འབུད་མཁན་ཏེ། ཁོ་ཚོས་སྲོལ་རྒྱུན་རྒྱབ་ཏུ་གཡུགས་ཤིང་༼དེང་རབས་༽པའི་བརྟུལ་ཞུགས་ལྷུར་དུ་བླངས་ལ། འཐབ་རྩོད་ཁྲོད་ཁོ་ཚོས་༼སྤྱི་ཚོགས་དེ་ཆབ་སྲིད་ལས་མཐོ་བའི་༽ཨུ་རུ་སེའི་ལུགས་ཀྱི་ལྟ་ཚུལ་གསར་འདོན་བྱས་པ་རེད། དེ་ཡང་ཁོ་ཚོའི་བསམ་བློའི་སྙིང་སྟོབས་ཀྱི་མི་གཞིའི་སྟེང་སྔོན་བྱོན་མཁས་པ་དག་དང་གཏན་ནས་མི་འདྲ་ལ། ཁོ་ཚོས་འགྲོ་བ་མིའི་རིགས་ཀྱི་ཆེས་ཕུལ་དུ་བྱུང་བའི་བསམ་བློའི་སྙིང་སྟོབས་ཚུར་གཞིབ་ཏེ་རང་ཉིད་ཀྱི་ཤེས་རྒྱ་ཇེ་ཆེ་དང་རང་ཉིད་འཕེལ་རྒྱས་བཏང་ཏེ་ཀྲུང་གོའི་མ་འོངས་པའི་ལམ་བུ་གསར་འཛུགས་བྱེད་པའི་འདུན་པ་ཤུགས་དྲག་ཀྱང་མཐར་ཐུག་སྲོལ་རྒྱུན་གྱི་སྟོབས་ཤུགས་ཆེན་པོའི་གནོན་ཤུགས་སྔར་བཞིན་མ་ཐེག་པར་གྱུར།
ལྔ་བཞིའི་མི་རབས་ཤིག་བྱུང་བ་དེས་རྒྱལ་དམངས་ཀྱི་བསམ་བློའི་སྙིང་སྟོབས་མེ་རུ་སྦར་བ་བདེན་ལ། གང་ལྟར་ལྔ་བཞིའི་སྐོར་བཤད་པ་ཙམ་གྱིས་ང་ཚོར་རང་རྟོན་དང་སྤོབས་པ། ཟང་ཟིང་གི་སྟོབས་ཤུགས་ཤིག་སྦྱིན་པ་ཡང་བདེན། ༼དུར་༽ནི་མཐར་ཐུག་གི་གནས་མལ་མིན་པས་ལུའུ་ཞུན་གྱིས་༼རྩྭ་ཕྲན་༽བྲིས་ཤིང་། དེ་ནི་ཚེ་སྲོག་གི་སྟོབས་འབར་བའི་བརྡ་རྟགས་ཤིག་ཡིན་ལ། མི་འགྱངས་པར་དུས་རབས་གསར་བ་ཞིག་གི་སྐྱ་རེངས་ཡང་བསྐྱར་ཤར་བ་དང་ལྷན་དུ་༼རྒྱལ་སྤྱིའི་གླུ་༽ཡི་༼ཆེས་མཇུག་མཐའི་འཐབ་འཁྲུག་༽གི་འགྱུར་ཁུགས་སྔར་ལས་གསལ་ཞིང་། འཁྱགས་རོམ་འགུལ་སྐྱོམས་ཀྱི་སྟོབས་ཤུགས་སྔར་ལས་ཇེ་དྲག ལྗང་ལོའི་བསུང་ངད་སྔར་ལས་ཇེ་སྣུམ་དུ་འགྱུར་ནས། དུས་དེར་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ཀྱང་ལྔ་བཞིའི་དུས་ཀྱི་སྔོན་བསྐྱོད་པ་དང་འདྲ་བར་ཁེར་ཚུགས་ཀྱིས་རང་ཉིད་ཀྱི་འགན་འཁྲི་དེ་ཐེག་དགོས་ཨང་།
ཀྱེ། ལྔ་བཞིའི་རྣམ་ཤེས་སླར་ཡང་ཕེབས་ཤོག།
༼གསལ་བཤད།༽ རྩོམ་ཡིག་འདི་ཡིག་སྒམ་དུ་ཡུན་རིང་ལུས་སོང་བར་རྩོམ་པ་སྙིང་ཐག་པ་དགོངས་དག་ཞུ།
རྗེས་སོར་མི་སྒེར་ལས་དོན་མིན་ཚེ་དྲ་བའི་རྩོམ་ཡིག་དག་163ཅན་གྱི་ནང་དུ་བསྐུར་རོགས་ཞུ།

How to Launch Your Own Clothing Line
PORNO The face make up

McManus a delightful romp through snow and murder
Prom Dresses They range from caricature t shirts for young girls

A Brief Fashion History Of England Part 2
VIDEOS PORNO I think they dress

Embassy Suites Santa Ana Orange County Airport North
Download Free Games Jones talked his way into a

Down Shirt for a Woman
pornos To get the right fit

Own Your Pair of YSL Tribute Shoes Now
free xxx Coming up for Spring

Philips SHH7908 female cell phone headset
Tube XXX there have been a ton of posts along the lines of

German vs Japanese Hairdressing Scissors
Filme Porno when batik is widely famous not only in Indonesia
བསྟོད།7

抱歉,评论已关闭!