མཁས་དབང་པདྨ་འབུམ་ཚང་གི་བསྐུར་ཡིག་ཅིག

བདེ་ ཆེན་ སྒྲོལ་ མ།

༄༅༎བདེ་ ཆེན་ སྒྲོལ་ མ་ ལགས་ དང་ བསྟན་ འཛིན་ ལགས་ གཉིས་ ལ་ ཆེད་ འབུལ།
ཁྱེད་གཉིས་ནས་བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་སྡེ་ཚན་དུ་ཕྲན་ལ་རེ་བཅོལ་གཉིས་གནང་ཡོད་པ་དེ་ངས་ མཐོང་ སོང་ ། ཁྱེད་ གཉིས་ ནས་ ཕྲན་ ལ་ དེ་ འདྲའི་ མཐོང་ འཇོག་ གམ་ རེ་ འཇོག་ གནང་ བ་ ལ་ སེམས་ འགུལ་ ཐེབས། ཐུགས་ རྗེ་ ཆེ།
བདེ་ ཆེན་ སྒྲོལ་ མའི་ ནགས་ ཚང་ ཞི་ ལུའི་ སྐྱིད་ སྡུག་ གི་ དེབ་ དེ་ སྐད་ ཡིག་ གཞན་ པར་ སྒྱུར་ གལ་ ཆེ་ བའི་ དགོངས་ ཚུལ་ དེ་ ལ་ མོས་ མཐུན་ བརྒྱ་ ཆའི་ བརྒྱ་ ཐམ་ པ་ ཡོད། དེའི་ ནང་ དོན་ དང་ རྩོམ་ སྟངས་ གཉིས་ ཀའི་ ཆ་ ནས་ བོད་ ཀྱི་ རྩོམ་ རིག་ གི་ ལོ་ རྒྱུས་ ལ་ ལེའུ་ གསར་ པ་ ཞིག་ གི་ སྒོ་ ཕྱེ་ བ་ དེ་ གསལ་ པོ་ རེད།
དབྱིན་ ཡིག་ ཏུ་ སྒྱུར་ རྒྱུ་ དེ་ ངའི་ དབྱིན་ ཡིག་ གི་ ཤེས་ ཚད་ ཀྱིས་ ལྕོགས་ པ་ ཞིག་ མ་ རེད། ངའི་ དབྱིན་ ཡིག་ གི་ ཀློག་ རྩལ་ ནི་ གསར་ འགྱུར་ དང་ སྒྲུང་ རྩོམ་ རེ་ ཀློག་ འགོ་ འཁྱོངས་ ཙམ་ ཡིན་ ན་ ཡང་ ། འབྲི་ རྩལ་ ནི་ འཕྲིན་ ཡིག་ སྟབས་ བདེ་ རེ་ གོ་ བརྡ་ འཕྲོད་ མི་ འཕྲོད་ ཡིན།
མ་ གཞི་ ཕར་ དབྱིན་ ཡིག་ ལ་ བསྒྱུར་ རྒྱུ་ འདི་ ཕ་ སྐད་ དབྱིན་ སྐད་ ཅན་ ཞིག་ གིས་ བསྒྱུར་ ན་ ཡག་ པོ་ ཞིག་ ཡོང་ རྒྱུ་ མ་ གཏོགས། དབྱིན་ སྐད་ དེ་ སྐད་ ཡིག་ གཉིས་ པའི་ ཚུལ་ དུ་ སྦྱངས་ པ་ ཞིག་ གིས་ གོ་ བརྡ་ འཕྲོད་ ན་ ཡང་ རྩོམ་ ཉམས་ ཨེ་ ཡོང་ བསམ་ གྱི་ འདུག
དགའ་ འོས་ པ་ ཞིག་ ལ་ དེ་ རྒྱ་ ཡིག་ ཏུ་ བསྒྱུར་ ཚར་ ནས་ དཔེ་ སྐྲུན་ པ་ འཚོལ་ བཞིན་ འདུག དབྱིན་ ཡིག་ ལ་ ཡང་ དབྱིན་ ཇི་ པའི་ བོད་ རིག་ པའི་ མཁས་ པའི་ ཁྲོད་ ན་ འདི་ སྒྱུར་ འདོད་ མཁན་ རེ་ ཟུང་ ཡོད་ ཅིང་ ལེའུ་ རེ་ ཟུང་ ཞིག་ ཚོད་ ལྟའི་ ཚུལ་ དུ་ བསྒྱུར་ འདུག གཙོ་ བོ་ ཁོ་ ཚོར་ སྒྱུར་ ཁོམ་ མེད་ པ་ དེ་ རེད།
ང་ ཚོ་ གྲོགས་ པོ་ ཁ་ ཤས་ ཀྱིས་ བརྩམས་ ཆོས་ འདི་ འདྲ་ ཡོད་ པའི་ ཤེས་ རྟོགས་ སྤེལ་ ཆེད་ ལས་ དོན་ འགའ་ རེ་ སྒྲུབ་ བཞིན་ ཡོད། དུས་ ཚོད་ སྔ་ ཕྱི་ ཙམ་ མ་ གཏོགས་ དབྱིན་ འགྱུར་ ཞིག་ འབྱུང་ རྒྱུ་ ཡིན་ པའི་ ཡིད་ ཆེས་ ཀྱང་ ཡོད །

བསྟན་ འཛིན་ ལགས་ ནས་ ཕྲན་ ལ་ བོད་ ཀྱི་ རྩོམ་ རིག་ ལ་ ཕྱོགས་ ཡོངས་ ནས་ ལྟ་ ཞིབ་ ཀྱི་ རྩོམ་ ཡིག་ ཅིག་ འབྲི་ བའི་ རེ་ སྐུལ་ གནང་ ཡོད་ པ་ དེ་ ལ་ སྔོན་ མ་ ནས་ བསམ་ བློ་ མང་པོ་ བཏང་ བ་ ཡིན། རྩོམ་ ཡིག་ ཀྱང་ མང་ པོ་ བཀླགས་ པར། བོད་ ནང་ གི་ དུས་ དེབ་ ཁག་ ཏུ་ དེ་ འདྲའི་ རྩོམ་ ཡག་ པོ་ འགའ་ ཞིག་ མཐོང་ སོང་ ། གཅིག་ ནི་ བོད་ ཀྱི་ རྩོམ་ རིག་ སྒྱུ་ རྩལ་ རྩོམ་ སྒྲིག་ ཁང་ གི་ ཚེ་ རྡོར་ ཟེར་ བ་ དེ་ རེད།
ད་ རུང་ གཞན་ པ་ ཞིག་ འདུག་ ཀྱང་ དེའི་ མིང་ ངས་ ད་ ལྟ་ དྲན་ གྱི་ མི་ འདུག ཁོང་ ཚོ་ མི་ གཉིས་ གསུམ་ ཞིག་ གིས་ བོད་ ཀྱི་ རྩོམ་ རིག་ གསར་ པ་ ལ་ ཕྱོགས་ ཞེན་ མེད་ པའི་ སྒོ་ ནས་ དབྱེ་ ཞིབ་ དོན་ དངོས་ མཐུན་ པ་ གནང་ འདུག་ པའི་ ཚོར་ བ་ ཡང་ ཡང་ སྐྱེས། ངས་ ཅིག་ བྲིས་ པ་ ཡིན་ ན་ ཡང་ ཁོང་ ཚོའི་ དཔྱད་ བརྗོད་ ལས་ ལྷག་ ཅིག་ འབྲི་ རྒྱུ་ མེད་ སྙམ་ སྐྱེས།
མ་ གཞི་ དེང་ སང་ བོད་ ཀྱི་ རྩོམ་ རིག་ གསར་ པ་ དབྱེ་ ཞིབ་ བྱེད་ རྒྱུ་ དེ་ ལོ་ བཅུ་ བདུན་ སྔོན་ ལ་ ངས་ མི་ རབས་ གསར་ བའི་ སྙིང་ ཁམས་ ཀྱི་ འཕར་ ལྡིང་ འབྲི་ བའི་ སྐབས་ ནང་ བཞིན་ལས་ སླ་ བོ་ མ་ རེད། དེ་ དུས་ བོད་ ཀྱི་ རྩོམ་ རིག་ གསར་ པ་ བྱུང་ ནས་ ལོ་ གྲངས་ བཅུ་ ལྷག་ ལས་ སོང་ མེད། དུས་ དེབ་ སྣ་ ཁ་ མང་ པོ་ མེད་ པའི་ ཐོག་ ཡོད་ པ་ དེ་ དག་ གི་ འདོན་ ཐེངས་ ཀྱང་ མང་ པོ་ སོང་ ཡོད་ པ་ མ་ རེད།
བརྩམས་ ཆོས་ ཀྱི་ དཔེ་ དེབ་ ཏུ་ བཏོན་ པའི་ གྲངས་ ཀ་ ནི་ དེ་ ལས་ ཀྱང་ ཉུང་ ཉུང་ རེད། དེ་ དུས་ བོད་ ཀྱི་ རྩོམ་ རིག་ ལ་ ཞིབ་ འཇུག་ པ་ ཞིག་ གིས་ དཔེ་ སྐྲུན་ བྱས་ ཚད་ ཀྱི་ བོད་ ཀྱི་ རྩོམ་ རིག་ བརྩམས་ ཆོས་ ཆ་ ཚང་ ཀློག་ རྒྱུ་ ཡིན་ ཟེར་ ན་ ཧམ་ པ་ ཆེན་ པོ་ ཞིག་ མ ་ རེད། དེང་ སང་ གནས་ ཚུལ་ དེ་ འགྱུར་ ཚར་ བ་ རེད། ད་ སྙན་ ངག་ གི་ དཔེ་ དེབ་ གཅིག་ པོ་ ཀློག་ ཚར་ རྒྱུ་ ཡིན་ ཟེར་ ན་ ཡང་ ཧམ་ པ་ ཆེ་ བའི་ ཚོད་ རེད།
ལྷག་ པར་ གློག་ ཀླད་ ཀྱི་ མཐུན་ རྐྱེན་ ཁྱབ་ གདལ་ བྱུང་ ནས་ བཟུང་ རྩོམ་ རིག་ གི་ དུས་ དེབ་ དང་ དཔེ་ དེབ་ འདོན་ རྒྱུའི་ གོ་ སྐབས་ ནི་ ལྡབ་ འགྱུར་ དང་ ལྡབ་ འགྱུར་ གྱིས་ ཇེ་ སླར་ སོང ་ སྟེ། བོད་ ཀྱི་ དཔེ་ སྐྲུན་ གྱི་ ལོ་ རྒྱུས་ ཐོག་ ལ་ བྱུང་ མ་ མྱོང་ བའི་ དཔེ་ སྐྲུན་ གྱི་ མཐོ་ རླབས་ ཤིག་ འཕྱུར་ ཡོད། དེ་ ཡང་ མང་ ཆེ་ བ་ རྩོམ་ རིག་ གི་ བརྩམས་ ཆོས་ རེད། དེ་ འདྲའི་ གྲངས་ འབོར་ མང་ འཕར་ བྱུང་ དུས།
མི་ བྱེ་ བྲག་ པ་ ཞིག་ གིས་ རྩོམ་ རིག་ ལ་ སྤྱི་ ཡོངས་ ནས་ དཔྱད་ བརྗོད་ བྱེད་ རྒྱུའི་ གོ་ སྐབས་ ཇེ་ ཆུང་ དུ་ སོང་ འདུག་ སྙམ།
ཡིན་ ན་ ཡང་ ངས་ བོད་ ཀྱི་ སྒེར་ སྒྲུབ་ དུས་ དེབ་ བྱུང་ རིམ་ གྱི་ ལོ་ རྒྱུས་ ཤིག་ བྲིས་ ཚར་ ཡོད། དེ་ ན་ ནིང་ ཧྥ་ རན་ སི་ ལ་ ཚོགས་ འདུ་ ཞིག་ ཐོག་ ལ་ གཏམ་ བཤད་ བྱས་ པར་ ཚོགས་ ཞུགས་ པ་ མང་ པོས་ དོ་ སྣང་ ཡག་ པོ་ བྱས་ སོང་ ། དེ་ ལ་ ཞུས་ དག་ ཅིག་ བྱས་ ནས་ དུས་ དེབ་ ཅིག་ ལ་ བསྐུར་ དགོས་ པ་ མིན་ ནམ་ བསམ་ བཞིན་ ཡོད།
ད་ དུང་ ན་ ནིང་ དཔེ་ སྐྲུན་ བྱས་ པའི་ བོད་ ཀྱི་ རྩོམ་ རིག་ སྐོར་ གྱི་ དབྱིན་ དེབ་ ཅིག་ ཏུ་ མི་ རབས་ གསར་ པའི་ སྙིང་ ཁམས་ ཀྱི་ འཕར་ ལྡིང་ ལ་ ཁ་ སྐོང་ ཞིག་ འབྲི་ རོགས་ ཞེས་ པའི་ གཡར་ ཁྲལ་ དུ་ ཡང་ རྩོམ་ དེའི་ རྗེས་ སུ་ བོད་ ཀྱི་ རྩོམ་ རིག་ འགྱུར་ བ་ ཆེན་ པོ་ ཅི་ སོང་ གི་ རྩོམ་ ཞིག་ བྲིས་ ནས་ དབྱིན་ ཡིག་ ཏུ་ དཔེ་ སྐྲུན་ བྱས་ ཡོད།
དེའི་ རྩོམ་ གདན་ བོད་ ཡིག་ ཡིན་ པ་ དེ་ ཡང་ ལེགས་ བཅོས་ ཤིག་ བྱས་ ནས་ དྲ་ རྒྱ་ ཞིག་ གམ་ དུས་ དེབ་ ཅིག་ འདོན་ འདོད་ ཡོད། གནས་ སྐབས་ སུ་ འདི་ ཙམ། རྗེས་ སུ་ ཡང་ སྐྱར་ བཀའ་ མོལ་ ཞུས་ ཆོག པད་ མ་ འབུམ་ གྱི ས།

How to Tape a Broken Foot
PORNO booklegger tennis absorb caddy your own diet case

Latest Fashion Style Designer Clothing at Pocket
Bridesmaid Dresses There are many looks that are popular amongst kids today

Is there any way to get original color again
VIDEOS PORNO especially when working for a client

4 best fabrics for buying party wear sarees for women
Download Free Games My two favorites

Gilt Groupe sales this week
Kostenlose Pornos von and promotions for featured products

Buy Glamour This Season with Online Shopping for Shoes
free xxx since this dress will eat up a lot of it

A glimpse on the history of hair straightener
PORNO XXX From the perspective of Fashion retail

Searching For Plus Size Lingerie
Filme Porno Jobs for Women in the 1920s
བསྟོད།4

抱歉,评论已关闭!