ཁྲིད་སྟེགས་འོག་ནས་ལག་པ་ཡར་བཀྱགས་པ།

ཐོག་མདའ།

___སློབ་ཆེན་གྱི་དགེ་རྒན་དག་ལ་ཆེད་ཞུ །

དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་ལྟ་ཚུལ་ལ་ཆེ་མཐོང་དང་དོད་སྣང་བྱེད་རྒྱུ་ནི་གལ་ཆེན་རེད་ལ།སློབ་མས་ཀྱང་དགེ་རྒན་གྱི་སློབ་ཁྲིད་ལ་དོགས་སློང་དང་འདོར་ལེན་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་རེད།འོ་ན་ཁོ་བོ་རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ཐད་ནས་སློབ་ཁྲིད་ཀྱི་ལྟ་ཚུལ་གནད་བསྡུས་ཤིག་དོབ་དོབ་ཏུ་སྨྲ་དགོས་བྱུང་བས།རྒྱུ་འབྲས་ཀྱི་བློ་མིག་ལྡན་པའི་དགེ་རྒན་དག་གིས་གནས་ལུགས་ཅུང་ཙམ་རེ་ལྡན་མིན་དཔྱོད་པའི་རེ་བ་ཧ་ཅང་ཆེ།ཡིན་ཡང་ལྟ་ཚུལ་འདི་ནི་ཁོ་བོ་མི་སྒེར་གྱི་ལྟ་ཚུལ་ཙམ་ཡིན་པས།ཚོགས་སྤྱིའམ་མང་སེམས་དང་འགལ་ཟླར་འགྱུར་ན།དེ་ནི་ལྟ་ཚུལ་ཙམ་དུ་བཞག་ཆོག་མོད།ལྟ་ཚུལ་འདིའི་རྒྱབ་རྩ་ནས་སློབ་གྲོགས་མང་པོ་ཞིག་གིས་སྐད་འབོད་དང་རྣམ་འགྱུར་སྟོན་སྲིད་ན།དགེ་རྒན་དག་གིས་ཀྱང་བསམ་གཞིག་ནན་གྱིས་བྱེད་པའི་སྐུལ་མ་བྱེད།

སློབ་མ་ནི་སློབ་ཆུང་ནས་སློབ་འབྲིང་ལ་ཞེ་འཁྲེང་ཞིང་སློབ་འབྲིང་ནས་མཐོ་འབྲིང་དུ་ཞེ་ཐོགས་ཏེ།མཐོ་འབྲིང་ནས་སློབ་ཆེན་ཏུའང་ཡིད་གཏད་ནས་ཡོད་པ་རེད།དེ་བཞིན་གོ་རིམ་དེའི་ཁྲོད་ནས་ནར་སོན་ཞིང་ལག་ཆགས་ཡོད་པའི་མི་བུ་ཞིག་ཡིན་ན།ཕལ་ཆེར་དེའི་གོ་རིམ་གྱི་ཁྲོད་ནས་ང་ཚོའི་སློབ་གསོའི་གནད་དོན་གང་མང་ཞིག་དག་སེལ་བྱེད་དགོས་པའི་དྲན་ཚུལ་འབྱུང་གིན་ཡོད་པ་སྨོས་མེད་ཡིན་ནི་རེད།དེ་ནི་རྙིང་བ་གཏོར་ཏེ་གསར་བ་རྐྱང་རྐྱང་ལ་འཐམ་འདོད་ཙམ་མ་ཡིན་པར།དེ་ནི་དུས་ཀྱིས་སྤྲད་པའི་སློབ་གསོའི་འགན་འཁྲི་རེད།སྐད་ཆ་གཞན་ཞིག་གིས་བཤད་ན།སློབ་མ་དགེ་རྒན་ལ་བསྟུན་པའི་དུས་ཡོལ་ཏེ་དགེ་སློབ་གཉི་ཀ་འདྲ་མཉམ་ཡིན་པའི་དུས་སུ་སླེབས་ཡོད་པ་རེད།དགེ་རྒན་དག་གིས་ཆེ་མདོག་སྟོན་པའི་དུས་འདས་ཏེ།སློབ་མ་དང་མཉམ་དུ་རིག་ཚན་སོ་སོ་གསེད་དཀྲོལ་བྱེད་པའི་དུས་ལ་སླེབས་ཡོད་པ་རེད།མདོར་བསྡུས་ན།དགེ་རྒན་ནི་སློབ་མའི་སློབ་གྲོགས་དང་སློབ་མ་ནི་དགེ་རྒན་གྱི་སློབ་གྲོགས་ཡིན་སྟབས།ང་ཚོས་དགེ་རྒན་དང་སློབ་མའི་དབར་དུ་གནམ་ས་ལྟ་བུའི་བར་ཐག་ཅིག་འབྱེད་པའི་ལྟ་ཚུལ་ཡོ་བསྲང་བགྱིས་ན་འགྲིག་པ་ལས།འུ་ཅག་གི་སྲོལ་རྒྱུན་ལྟར་སློབ་མ་ནི་སྣོད་ཅིག་ཏུ་ངོས་འཛིན་བྱས་ཏེ།དགེ་རྒན་གྱིས་སྣོད་དེའི་ནང་དུ་སྙིགས་དོར་བཅུད་ལེན་གང་ཡང་མེད་པར།བསམ་བསམ་དྲན་དྲན་དག་སྣོད་ཀྱི་ནང་དུ་བླུགས་ཅི་ཐུབ་བྱེད་པ་ནི་ནོར་འཁྲུལ་ཞིག་ཏུ་མི་མཐོང་རང་མཐོང་རེད།ང་ཚོའི་སློབ་མ་རྣམས་ལ་ཤེས་རྟོགས་གང་ཡང་མེད་པས།དེ་ལྟ་བུའི་སློབ་གསོ་ཡིས་གནོད་ལས་ཕན་ཐོགས་འབྱུང་བ་ཁག་པོ་རེད།ཡང་ན་བསམ་བློའི་བྲན་ཁོལ་ལས་ཐར་གྱིན་མེད་པའི་གནད་ཀྱང་འདི་ག་ནས་འབྱུང་གིན་ཡོད་པ་རེད།

དགེ་རྒན་ཞིག་ལ་མཚོན་ན།སློབ་ཁྲིད་ཀྱི་སྐབས་སུ་བཤད་དགོས་པ་དང་བཤད་རྒྱུ་ཡོད་པ་གཉིས་འདྲ་གི་མ་རེད་དེ།བཤད་དགོས་པ་ནི་གཟབ་ནན་གྱི་ཆ་དང་དཔྱོད་ཤེས་ཀྱི་ཆ་སོགས་ཅུང་བསམ་བློའི་གོ་རྟོགས་མཐོ་ཤོས་སུ་གཏོགས་ཤིང་།འདི་རིགས་ཀྱིས་སློབ་མར་བློ་བསྐྱེད་དང་མི་གཞི་སྦྱོང་བརྡར་བྱེད་པར་ཕན་པ་བླ་ལྷག་ཐོགས་སྲིད་པ་མ་ཟད།རིག་གཞུང་སོ་སོར་རང་ཉིད་ཀྱི་ལྟ་གྲུབ་ཆགས་ཏེ།བློ་སེམས་རྩེ་གཅིག་གིས་སྦྱོང་བརྡར་དང་།ཡང་ནས་ཡང་དུ་རྗེས་དཔག་བྱེད་པ།ཡུན་རིང་བསམ་གཞིགས་བྱེད་པ་སོགས་ཁྱད་དུ་འཕགས་པའི་སྦྱོང་བརྡར་གྱི་གོ་རིམ་བརྒྱུད་པ་རེད།ཡང་ན།རང་ཉིད་བྲན་ཁོལ་ཏུ་ཡོད་པར་ངེས་རྟོགས་རྙེད་དེ།བྲན་གྱི་གཉའ་ཤིང་གཅོད་ཐབས་དང་།རང་ཉིད་བྲན་ལས་ཕྱིར་འབུད་བྱས་ཏེ།ཁེར་ཚུགས་དང་རང་སྐྱ་ཐུབ་པའི་བདག་ཉིད་ཅན་གྱི་མི་བུ་རྣལ་མ་ཞིག་ལ་ཧུར་བརྩོན་གྱིས་འཇུག་གི་རེད།ཅིག་ཤོས་དེ་བཤད་རྒྱུ་ཡོད་པ་ནི་རྒྱུ་མཚན་དང་དམིགས་འབེན་གྱི་གདགས་གཞི་མེད་པར།དུས་ཚོད་ཆུད་ཟོས་དང་གནས་སྐབས་ཀྱི་འགན་ཁུར་ཙམ་འགྲུབ་ཆེད་ཡིན་ཏེ།དཔེར་ན་རྩོམ་རིག་དང་དམངས་ཁྲོད།རྩོམ་འཇུག་སོགས་ཁྲིད་ཚན་གང་ཡིན་ཀྱང་།ཆོས་ལུགས་ཆབ་བེ་ཆོབ་བེ་ཞིག་བཤད་དེ་སློབ་མ་རྣམས་ལ་མགོ་བསྐོར་བྱེད་ཀྱིན་ཡོད་པ་རེད།དེ་ཡིས་སློབ་མ་རྣམས་ཀྱི་ཤེས་རབ་མོག་པོར་བསྒྱུར་ཞིང་།བྲན་དང་སྐྱབས་སུ་འཇུག་པའི་བྱེད་ཐབས་ཐ་ཤལ་བ་དག་སློབ་མའི་འཚར་ལོངས་ཀྱི་གོ་རིམ་ལ་འདྲེས་པས།སྤྱི་ཚོགས་ཀྱི་ཟ་ཟུར་གང་ནས་ཀྱང་ཚུགས་ཐུབ་ཀྱི་ལས་ཀར་འཇུག་པའི་ཆོད་སེམས་དང་།གཞན་རྟེན་གྱི་བསམ་བློ་དོར་ཏེ་རང་རྟོགས་ཀྱིས་རང་བློ་རང་འབྱེད་ཀྱི་ནུས་པ་མེད་པས།ངེས་དོན་གྱི་སློབ་མར་ཕན་པའི་བྱ་བཞག་ཅིག་བགྲང་རྒྱུ་ཡོད་དམ།

ང་ཚོའི་དགེ་སློབ་སུ་ཡིན་ཀྱང་རང་ཉིད་ཀྱི་སློབ་སྦྱོང་བྱེད་པའི་དམིགས་ཡུལ་གསལ་ཐག་ཆོད་དགོས་ཏེ།སྤྱི་ཚོགས་སུ་ཟབ་འཇུག་བྱེད་པའི་སྐབས་སུ་རང་ཉིད་ལ་མཐུན་རྐྱེན་བསྒྲུབ་ཐུབ་མིན་ནི་གནད་ཀྱི་དམ་པ་རེད།འོ་ན།ང་ཚོའི་སློབ་སྦྱོང་གི་ཐབས་ལམ་ལ་ཕྱིར་རྟོག་ཙམ་བྱས་ན།འུ་ཅག་གི་ཁྲིད་དེབ་མ་གཞི་ནས་ལོག་ལམ་དུ་ཕྱིན་ཚར་ཡོད་དེ།ང་ཚོའི་ཁྲིད་དེབ་དང་སྤྱི་ཚོགས་སུ་ཧེ་བག་ངེས་ཅན་ཞིག་ཡོད་ལ།ང་ཚོས་ཁྲིད་དེབ་ལ་སྦྱང་བ་མཐར་ཕྱིན་ཡང་།སྤྱི་ཚོགས་སུ་ཕན་པ་ཅུང་ཙམ་ཡང་ཡོད་པ་མ་རེད།དེང་དུས་སུ་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ན་སློབ་མ་ཧ་ཅང་མང་ནའང་།བོད་ཀྱི་སྤྱི་ཚོགས་སུ་ཕན་ཆེན་པོ་ཞིག་ཐོགས་ཀྱིན་མེད་པ་ཡང་།ང་ཚོའི་ཁྲིད་དེབ་དང་དགེ་རྒན་སོགས་སྤྱི་ཚོགས་ལ་ཁ་མ་ཕྱོགས་པས་རེད།ཡང་ན།*སྤྱི་ཚོགས་ཀྱི་ཀུན་སློང་གསལ་བོ་མེད་པར་སློབ་སྦྱོང་གི་འབྲས་བུ་ཉག་གཅིག་པོ་བསམ་པ་རེད།གལ་ཏེ།དེ་ལྟར་བྱས་ན་གྲུབ་འབྲས་ཡོད་པའི་དབང་དུ་བཏང་ན་ཡང་སྤྱི་ཚོགས་ལ་ཕན་པ་མངོན་གསལ་ཅན་ཞིག་ཐོགས་མི་ཐུབ་*ཞེས་པ་བཞིན།ང་ཚོས་ཁྲིད་དེབ་ལ་བསྒྱུར་བཅོས་དང་དགེ་རྒན་དག་གིས་ཀྱང་སློབ་ཁྲིད་ཀྱི་དུས་སུ་སྤྱི་ཚོགས་ལ་སྦྱར་ཅི་ཐུབ་བྱེད་པ་ནི་ཤིན་ཏུ་ནས་སློབ་སྦྱོང་གི་དགོས་ངེས་ཆེན་པོ་ཞིག་རེད་འདོད།།

སློབ་ཁྲིད་ནི་བཤད་པ་པོ་དང་ཉན་པ་པོ་ཆིག་རྐྱང་བ་ཞིག་ཡིན་པའི་མི་ཆོག་པར།ཉན་རེས་དང་བཤད་རེས་ཀྱི་ལྟ་ཚུལ་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཡིན་དགོས།བཤད་རེས་དང་ཉན་རེས་ཀྱིས་དགེ་སློབ་གཉིས་ཀྱི་བསམ་གཞིག་གི་སོ་ཁ་བརྡར་ཞིང་ནོར་འཁྲུལ་ལ་ཁ་གསབ་བྱེད་པས།ཡང་དག་གི་རིགས་ལམ་བསྡུ་ལེན་བྱེད་ཅིང་།བརྟག་དཔྱད་ཞིབ་འཇུག་གི་ཉིང་ཁུ་བཙུར་ཐུབ།དེ་ནི་དགེ་སློབ་གཉིས་ཀྱི་ཤེས་རབ་གོང་འཕེལ་དུ་གཏོང་ཐབས་དང་ཉམས་མྱོང་གསོག་འཇོག་བྱེད་ཐབས་ཤིག་ཡིན་པས།དོན་གྱི་སློབ་སྦྱོང་ནི་འདི་འདྲ་བ་ལ་ཟེར་བ་ཡིན་ཞེས་བཤད་ཀྱང་ཆོག་པ་འདྲ།ཡིན་ཡང་།ང་ཚོའི་སློབ་མར་དགེ་རྒན་དང་འདྲ་མཉམ་ཡིན་པའི་འདུ་ཤེས་བག་ཏུ་ཉལ་ཡོད་མོད།དེ་ནི་དགེ་རྒན་གྱི་ཐབས་རྩལ་གང་རུང་གིས་སད་རྟོགས་འབྱུང་དུ་འཇུག་དགོས་ལ།དུས་རྒྱུན་དགེ་རྒན་དང་སློབ་མ་གཉིས་འདྲ་མཉམ་ཡིན་པའི་ལྟ་ཚུལ་བསམ་སྦྱོར་གཉིས་ཆ་ནས་འདོན་སྤེལ་བྱེད་དགོས།གལ་ཏེ་དེ་ལྟར་བྱས་ན།སློབ་མ་ནི་སློབ་སྦྱོང་བྱེད་པ་པོ་ཞིག་ཡིན་པ་རྟོགས་ཡོང་ལ།དགེ་རྒན་ཀྱང་སློབ་སྦྱོང་བྱེད་པ་པོ་ཞིག་ཡིན་པའི་ངེས་ཟིན་འཐོབ་ཐུབ།དེ་ལྟ་དེ་བརྟེན།ང་ཚོའི་སློབ་ཁང་ནི་སྦ་གསང་མེད་པའི་དགེ་སློབ་གཉིས་ཀྱི་རིག་པའི་ཕྱི་ནང་ཡིན་སྟབས།ང་ཚོས་ངེས་དོན་གྱི་སློབ་སྦྱོང་གི་ཡང་སྙིང་འཚོལ་ཞིབ་བྱེད་ཐུབ་དང་ཐུབ་པའོ།།

སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱི་ལྟ་ཚུལ་ནི་སློབ་མ་རྣམས་ལ་བསམ་གཞིག་བྱེད་པའི་གྲོས་གཞི་ལྟ་བུ་ཞིག་ཡིན་དེ།དགེ་རྒན་གྱི་ལྟ་ཚུལ་གྱི་སྟེང་ནས་སློབ་མ་རང་ཉིད་ཀྱི་ཤེས་རབ་ལ་བརྟེན་ནས་ཡོད་ཚད་ལ་བསམ་གཞིག་བྱེད་དགོས་པ་ལས།དགེ་རྒན་གྱི་ལྟ་ཚུལ་མ་ནོར་ཡང་དག་དང་ཚད་མ་རུ་བཀོད་པ་ནི་སློབ་སྦྱོང་གི་ཐབས་ལམ་མ་ཤེས་པའི་སྐྱོ་གར་ཞིག་རེད།ཡང་ན་དགེ་རྒན་གྱིས་ཀྱང་རང་ཉིད་ཀྱི་ལྟ་ཚུལ་གྱིས་སློབ་མ་རྣམས་ཀྱི་བསམ་གཞིག་ལ་ཚོད་བཀག་མི་བྱེད་པར།རང་ཉིད་ཀྱི་ཉམས་མྱོང་དང་ལག་ལེན་གྱིས་སློབ་མ་རྣམས་ཀྱི་དབྱེ་ཞིབ་ལ་མཐུན་རྐྱེན་དང་ཆ་རྐྱེན་བསྐྲུན་དགོས་པ་ལས།རང་ཉིད་ཀྱི་ལྟ་ཚུལ་གྱི་རྗེས་འབྲང་པའི་ཆེད་དུ་སློབ་མ་རྣམས་ལ་རྫུན་མི་བཤད་པ་ནི་གལ་ཆེན་རེད།(ལྟ་ཚུལ་ནི་མ་གཞི་ནས་རིན་ཐང་ངེས་འཛིན་ཚུལ་ཞིག་ཡིན་པས།དགེ་རྒན་ལ་དགེ་རྒན་གྱི་ལྟ་ཚུལ་ཡོད་ཆོག་ལ་སློབ་མ་ལའང་སློབ་མའི་ལྟ་ཚུལ་ཡོད་ཆོག་གོ)དགེ་རྒན་གྱི་ལྟ་ཚུལ་ནི་སློབ་མའི་ལྟ་ཚུལ་དང་བསྡུར་ན་ཉམས་མྱོང་དང་ལག་ལེན་གཉིས་ཆ་ནས་ཅུང་འཐུས་ཚང་དུ་ཡོད་པའི་གྲོས་གཞི་རུ་འོས་སོང་བ་ལས།དགེ་རྒན་གྱི་ལྟ་ཚུལ་ཡང་ཡང་དག་པའི་དྲང་ཐིག་ཅིག་མིན་པ་ཤེས་དགོས།དེ་ལྟར་དཀྱེལ་ཡངས་པོས་ཁྲིད་ཚན་སོ་སོར་ཉམས་ཞིབ་བྱེད་ཐུབ་པ་ན།ང་ཚོས་རིག་གནས་ནི་རང་ཉིད་ཀྱི་ལག་ཆ་ཡིན་པའི་ངེས་ཟིན་ཐུབ་ཀྱང་།རིག་གནས་ཀྱི་བྲན་ཏུ་མི་ཚུད་པར་མཐུན་རྐྱེན་བཞེངས་བསྐྲུན་བྱེད་ཐུབ་པའོ།།

ང་ཚོའི་སློབ་ཁྲིད་ལ་མི་ཆོས་བསམ་བློའི་གཙོ་ཤུགས་ཆེ་དགོས་ཏེ།མི་གཞི་རྐང་དུ་བཟུང་ཞིང་ལྷ་ཕལ་བ་རུ་བསྒོམ་དགོས།ང་ཚོའི་བསམ་བློའི་རྨང་གདན་དུ་ལྷའི་ཤན་སྟོབས་ཀྱིས་ང་ཚོ་ནི་ལྷ་དོན་མི་འཁྱོངས་ལ་མི་དོན་ཀྱང་མི་འཁྱོངས་པའི་ཡ་མ་བརླ་ཞིག་ཏུ་བསྒྱུར་ཡོད།དེ་བས།*མི་ལ་རང་ཉིད་ཀྱི་དམིགས་འབེན་ཡོད་ལ།མི་ནི་རང་བདག་དང་རང་གཅུན་།རང་ཐག་གཅོད་པ།རང་ཚུགས་ཡོད་པ་ཞིག་ཡིན་པ་དང་།རང་ཉིད་ལ་བརྟེན་ནས་ནང་སེམས་ལ་ཁྲིད་སྟོན་བྱེད་ལ།རང་ཉིད་ཀྱི་དཔྱོད་ཤེས་ལ་བརྟེན་ནས་རང་ཉིད་ཀྱི་དོན་སྙིང་ལྟར་དུ་འགུལ་སྐྱོད་བྱེད་པ་ཞིག་ཡིན་རྐྱེན།*ང་ཚོས་ལྷ་ལས་མི་ལ་ཡིན་འཇོག་བྱེད་དགོས།ཡང་ན།*སློབ་གྲྭ་ཆེན་མོ་ནི་འཇིག་རྟེན་ལ་གསེད་འགྲེལ་གསར་བ་བགྱི་བ་དང་།ཆོས་ལུགས་ཀྱི་རྨོངས་དད་ལ་དག་སེལ་སྒོས་འཇིག་རྟེན་པ་རུ་བསྒྱུར་བའི་ལྟེ་གཞི་ཡིན་པས།*མིའི་ཤེས་རྟོགས་དང་མིའི་སད་རྟོགས་ལ་ལྷ་ཤན་གྱིས་སྡོམ་གཅུན་བྱ་མི་རུང་ལ།མིའི་འདོད་ཆགས་དང་མིའི་གཉུག་གཤིས་ལ་ལྷ་ཤན་གྱི་ནག་ནོག་གིས་འབག་བཙོག་བྱ་མི་རུང་བའོ།།ལྷ་ཤན་གྱིས་ང་ཚོའི་འཚོ་བ་ལྟོགས་སྐོམ་གྱིས་མནར་དུ་བཅུག་པ་རེད་ལ།དུས་རབས་ཀྱི་རྗེས་སུ་འཇུག་པའི་རིག་གནས་ཀྱི་འཕེལ་འགྱུར་ཡང་ལྕགས་སྒྲོག་གི་རྒྱ་རུ་ཚུད་དུ་བཅུག་པས།ཏག་ཏག་ང་ཚོས་འདི་དག་ཡོད་ཚད་ཤན་འབྱེད་རན་པའི་དུས་སུ་ཐོན་པ་རེད་དོ།།

ང་ཚོའི་སློབ་སྦྱོང་ནི་དུས་རབས་ལ་ཁ་ཕྱོགས་དགོས་ཏེ།སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བསྒྱུར་བཅོས་དང་བཟོ་བཅོས་བྱེད་དགོས།སློབ་སྦྱོང་ནི་མ་གཞི་ནས་རང་ཉིད་ལ་ཞབས་འདེགས་ཞུ་བྱེད་ཀྱི་ལག་ཆ་ཞིག་ཡིན་པས།སྤྱི་ཚོགས་ཀྱི་འགྲོས་དང་མ་བསྟུན་ན།སློབ་སྦྱོང་གི་འབྲས་བུ་ཡང་དགོས་མེད་དུ་འགྱུར་སྲིད།དེ་བས།དུས་རབས་འདི་ནི་རང་དབང་དང་དམངས་གཙོ།འཆམ་མཐུན་སོགས་ཀྱི་ཚ་རླབས་རྒྱས་པའི་དུས་རབས་ཤིག་ཡིན་སྟབས།ང་ཚོས་སློབ་སྦྱོང་ནི་རང་དབང་དང་།དམངས་གཙོ།འཆམ་མཐུན་སོགས་ལ་ཁ་ཕྱོགས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་འདོད།གལ་ཏེ།རང་ཉིད་ཀྱི་ཁོར་ཡུག་དོག་མོ་ཞིག་ལ་བསྟུན་ནས་རང་དབང་དང་དམངས་གཙོ།འཆམ་མཐུན་སོགས་དགོས་མེད་ཅིག་ཏུ་བསམ་སྲིད་ན།དེ་ནི་རང་ཉིད་རྦད་དེ་འཆུགས་སོང་བ་རེད།དེང་དུས་སུ་རང་དབང་དང་དམངས་གཙོ།འཆམ་མཐུན་སོགས་ལ་རྒྱལ་ཁབ་རེ་ཟུང་གིས་རྡོག་བརྫིས་བྱེད་ཀྱིན་ཡོད་ནའང་།འཛམ་གླིང་གི་མ་རུ་འབོད་ཆོག་པའི་ཨ་རི་སོགས་ནི་རང་དབང་དང་དམངས་གཙོ།འཆམ་མཐུན་སོགས་ལ་ཤ་འདྲེས་པགས་འདྲེས་ཡོད་པས།རྒྱལ་ཁབ་དེ་དག་མི་འགྱངས་པར་མགོ་རྟིང་སློག་ངེས་རེད།དེ་བས།ང་ཚོས་སློབ་སྦྱོང་ཡང་འཛམ་གླིང་རང་བཞིན་ནམ་རང་དབང་དང་དམངས་གཙོ།འཆམ་མཐུན་སོགས་ལ་ཕྱོགས་པ་ནི་དུས་རབས་ཀྱི་འགྲོས་དང་བསྟུན་པའི་དགེ་མཚན་ཞིག་རེད་དོ།།

༢༠༡༡ ལོའི་ཟླ༥བའི་ཚེས་༡༣ཉིན་སྤེལ།

'De Lancret' by Helen Victoria presented collection inspired
VIDEO PORNO XXX Chris Brown is an internationally known R singer and actor

Cato Reports 2Q EPS of
Prom Dresses Soft and fluffy cardigans completed an outfit

Japan Blue JBO401 Slim Tapered Raw Denim On MassDrop for
PORNO we've moved into another attire

Spring 2011 fashion trends straight from catwalk
Free Games Glamorous Moms LLC

just have fun from the girls games
pornos boulder creek wild areas road

Finding the best vintage fashion apparels
Pornofilme They continue on today

How To Find The Perfect Fitting Bra
PORNO XXX How to Get on the PR and Publicist Lists in the Fashion Industry

Natures Abundant Inspiration In Fashion Clothing Design
Darmowe Porno one thing that bothers people quite often is prices of shoe
བསྟོད།5

抱歉,评论已关闭!