སྨྱུག་ཐོགས་པའི་ནོར་འཁྲུལ་ཙམ་གླེང་བ།

རྨ་ཆུའི་བསམ་གཏན།

རང་གི་སློབ་མ་བདེ་སྐྱིད་སྒྲོལ་མ་ལ་ཁ་བརྡ་བྱས་པ།

ཐེངས་འདིར་སྐད་ཆ་ཐག་ཉེ་ས་ནས་བཤད་རྒྱུ་ཡིན། རང་རེའི་འབོལ་རྩོམ་འབྲི་མཁན་སྐོར་ཞིག་ལ་སྐྱོན་ཆ་འགའ་ཡོད་པ་ནི། རང་གི་དགའ་སྡུག་བམ་བཤད་ལ་གོམས་པ། ཚིག་གི་རྗེས་སུ་ཚིག་བཏགས་ཏེ་ཡང་སྐོར་བསྐྱར་སྐོར་མ་ནར་ནར་དུ་ཐོན་པ། རྩོད་སྒྲུབ་ཀྱི་སོ་ཁ་གཉིལ་དེ་རང་གི་ལག་པ་རྨས་པ། དེ་དག་ཚང་མ་ཤེས་བྱ་ཐོས་བརྩོན་ལ་མ་གོམས་ཤིང་། སྤྱི་ཚོགས་གཟབ་ཁྲིད་དུ་མ་མནོད་པས་ལན་པ་རེད། ཕར་རོལ་བོས་དམན་པ་དང་བསྟོད་པའི་མདུན་ན་དར་ལྕེ་བཞིན་འདར་སིག་སིག་གི་རྩོམ་པ་པོ་འགའ་ནི་སྙན་གྲགས་ཁོ་ན་ལ་དགའ་མོས་ཡོད་པའི་སྐོར་དེ་རེད། ང་ཡང་དེ་བཞིན་དེ་འདྲ་ཡིན། རྒྱུ་མཚན་དེ་ཡིས་ང་ལ་ཆ་རྒྱུས་མཁོ་འདོན་བྱས་ཡོད་དེ། ང་རང་ལམ་དེར་འབུད་མྱོང་། སྔོན་ཆད་ང་ལ་རྩོམ་པ་པོ་ཞིག་གིས་ཁྱེད་ནི་ང་རྒྱལ་གྱི་དབུགས་ལྒང་ཞིག་རེད་ཅེས་ཉེན་བརྡ་སྤྲད་མྱོང་། དེ་བཞིན་བདག་གི་དབུགས་ལྒང་དེ་ཡང་བཀད་སོང་། ཤུལ་དུ་དབུགས་ལྒང་ཐེད་རལ་ཞིག་ལུས་ཡོད། དེ་རྩིད་སྐུད་ཀྱིས་བཙེམ་ཡོད་ནའང་ཕྲ་ཁུང་བརྟོལ་ཡོད་པས་དབུགས་ཀྱིས་སྦོས་ཚེ་སྔར་བཞིན་འགད་མི་སྲིད་དོ། སྙན་གྲགས་ཟེར་བ་དེ་འཇིག་རྟེན་པ་ཞིག་ལ་མཚོན་ན་དགོས་པའི་རྒྱུ་ནོར་རིགས་ཤིག་རེད། འོན་ཀྱང་དེ་རྗུན་ཚིག་གི་སྒོ་ནས་གཡོ་བསླུ་དང་མགོ་སྐོར་ལ་བརྟེན་ནས་འཐོབ་པར་རེ་བ་ནི་འཛམ་གླིང་རྩོམ་རིག་པའི་ཁྲོད་དུ་སྔར་ཡོད་བཟོ་མི་འདུག ཉེ་བར་བོད་ས་ན་རེ་འགའ་ཡོད་པ་མིང་འགོད་ཐབས་བྲལ། ཁོ་བ་ཚོས་འཛམ་གླིང་གི་ཞེས་སྐད་ཆ་བར་སྣང་མ་ཞིག་བཤད་དེ་མི་སེར་གྱི་གོ་ཁ་ལ་འཕོང་ཏོ་འབབ་ཐུབ་བགྱི་ཡོད་པ་མ་རེད། དེ་ནི་ནོར་འཁྲུལ་ཚབ་ཆེན་ཞིག་ཡིན། མི་སེར་གྱི་ཞིང་ས་མེད་པར་འཇིག་རྟེན་རྩོམ་རིག་གི་སོན་འབྲས་གང་ལ་བཅོལ་ཡོད། དེ་ནི་རང་གི་རྫོགས་མེད་ཀྱི་སྣང་བ་ལ་བཅོལ་ཡོད་ཟེར་ངེས། རྫོགས་མེད་ཀྱི་སྣང་བ་དེ་རང་བཙན་རྩ་བ་ནས་ཐུབ་ཡོད་པ་མ་རེད། འོན་ཀྱང་བར་དོ་ལྟ་བུའི་སྣང་བ་རྫོགས་མེད་དེ་འཇིག་རྟེན་མ་ལག་གི་འཁོར་སྐྱོད་ལ་ལྟེ་བ་ལྟེ་ཐག་དང་བཅས་ཏེ་རྨི་ལམ་གྱི་མཐའ་ནས་བཟུང་འབྲེལ་ཡོད་ན་འང་། ཉེ་བའི་ལོ་འདི་དག་གི་སྙན་ངག་པ་མང་ཆེ་བའི་ཕྱག་རྩོམ་བམ་ནས་འཚོ་བ་དང་ཁ་ཐག་རིང་དུ་བཀྱེད་ཡོད་པ་སྙན་ངག་གི་བཤད་པ་ནས་ཆོག་ཀྱང་། དེ་མ་མཐའ་གོ་བརྡའི་ཁྱབ་ཁོངས་དང་། རང་བྱུང་ཆོས་ཉིད་དང་། མཚན་ཉིད། རྒྱུན་ཤེས་དང་ཀུན་སྤྱོད་སོགས་དང་ཡང་འབྲེལ་བ་ཆད་ཡོད་པ་ནི་ཡང་བསྐྱར་ནོར་འཁྲུལ་ཚབ་ཆེན་ཞིག་ཡིན། དེ་འདྲ་ཡིན་ཙང་རྩོམ་རིག་གི་རྩ་བ་ག་རེ་ཡིན་པ་དང་རྩོམ་རིག་གི་ཆོ་འབྲང་ག་རེ་ཡིན་པ་ཁས་ལེན་རྣམ་དག་ཡོད་པ་མ་རེད། ཐ་ན་ང་ནི་ཁྱོད་མ་ཡིན་པས་སོ་ཞེས་རང་ལྟ་མཆོག་འཛིན་ལ་མུར་ཏེ་རང་དབང་ལམ་ཀྱོག་དེ་ནས་ཁེར་རྒྱུག་གི་མཁའ་དབུགས་ཤིག་རྔུབ་ཀྱིན་པ་དེ་ནི་བྱེ་བྲག་ནས་བལྟས་ན་རང་གཤིས་ཡོད་ཅེས་བཟང་བར་བརྩི་ཡང་། སྤྱི་ཚོགས་ཧྲིལ་བོའི་འཁོར་རྒྱུན་ལ་ཞུགས་ཚེ་དེ་འདྲའི་འབྱོན་མོ་ཞིག་ཡིན་བཟོ་མི་འདུག དཔེར་ན་ཀུན་སྤྱོད་རིག་པའི་ཁྱབ་ཁོངས་ནས་སྐྲ་རིང་བོ་འཇོག་པ་ལྟ་བུ་རེད། ང་ཡང་སྐྲ་རིང་བོ་བསྐྱུར་ནས་ཐོར་ལྩོག་སིག་པར་དགའ་བའི་སྐོར་དེ་ཡིན། འོན་ཀྱང་ང་དགའ་བ་ནི་སྒེར་ཚུགས་ཀྱི་བྱ་བ་སིལ་མའི་རིགས་ཡིན་དེ། རྒན་པ་ཚོས་སྐྲ་ཇེ་སྲབས་སུ་ཐོངས་ཞེས་བཤད་པ་ནི་སྤྱི་བའི་འཇིག་རྟེན་ཀུན་སྤྱོད་དང་འབྲེལ་བ་དམ་པོ་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་སུ་ཞིག་གི་སྤྱི་བའི་ཞབས་ཞུ་མི་སྣ་སྟེ། སྲིད་གཞུང་ལས་བྱ་བ། སློབ་གསོ་བ། དམག་མི ། མཁའ་འགྲུལ་བ། དྲུང་ཡིག་པ། སྨན་ཞབས་པ། སྐུ་སྲུང་བ། ཕྱི་འབྲེལ་བ། གསར་འགོད་པ། ས་དཔྱད་པ་སོགས་ཚང་མས་རང་དབང་ཡིན་ཞེས་བོད་ཡུལ་དུ་སྐྲ་རིང་བོ་བསྐྱུར་ན་རྒྱལ་སྤྱིའི་ཀུན་སྤྱོད་ཚོགས་རྭ་ནས་བོད་འདི་ཚོ་མི་རིགས་ཡག་པོ་རེད་ཟེར་རམ། ད་དུང་སྤྲ་ཞད་ཆེ་བ་ལ་ཟེར་རྒྱུ་རེད། དེ་བཞིན་དུ་བཞེས་ཐག་དང་། ཨ་རག་སོགས་ལོངས་སྤྱོད་སྒེར་ཚུགས་ཀྱི་རང་དབང་ཀུན་སྤྱོད་ཀྱི་རྒྱངས་འབོད་བྱ་མཁན་ཚོ་ནི་སྒྱུ་རྩལ་རྐྱང་བ་གླེང་མཁན་དུ་ཁོ་བོས་འདོད་དེ། མི་སྒེར་གྱི་སྐྲ་རིང་བོ་འདི་བོད་མི་རིགས་སྤྱི་ལ་ཕན་ཡོན་ཅི་ཡང་མེད་དེ་མི་སྒེར་རང་གི་སེམས་ཁམས་ལ་ནི་ཚོར་བ་རེ་ཡོད་སྲིད་མོད། དེ་ང་རྒྱལ་ཙམ་རེད། མདོར་ན་བོད་པ་ཚང་ལ་རྩོམ་རིག་གི་ཡང་སྙིང་རྟོགས་མཁན་གྱི་རྩོམ་པ་པོ་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད། ཡོད་ན་ཉམས་རེ་དོད་དང་། ང་སོགས་ཀྱིས་བསྟོད་པ་རྗེས་སུ་ཡོད།།

༢༠༡༡ ༥ ༩ ཉིན།

མི་བཞིན་ཤེས་ན་བཟང་།

རང་གི་སློབ་མ་བྱང་ཆུབ་སྒྲོལ་མ་ལ་ཁ་བརྡ་བྱས་པ།

ཉེ་བའི་རང་རེའི་རྩོམ་པ་པོ་ཕལ་ཆེ་བའི་སྟེང་ན་བསམ་འཆར་རེ་ཡོད། ལྷག་ཏུ་ན་གཞོན་གྱི་སྡེ་ལ་ཟེར་ཆོག་པ་རེད། བར་སྣང་འབྲི་བ་ནི་སྙན་ངག་པའི་རང་སྣང་བམ་བྲི་བྱེད་པའི་ཁེར་རྐྱང་གི་རོལ་རྩེན་ཙམ་ཡིན་ཕྱིན་དེ་ལ་མི་སེར་རང་བཞིན་གྱིས་དང་ལེན་ནམ། གུས་བཀུར་ཡང་དག་འཐོབ་མི་སྲིད་པ་ལྟ་བུར་འགྱུར་ཡོད། གོ་བ་རྒྱུ་མཚན་དེའི་སྟེང་ནས༼མི་བཞིན༽人性མཚོན་པའི་ཐབས་ལམ་འདི་ནི་རྩ་བའི་རྩ་དོན་ཞིག་ནས་དང་ལེན་བྱ་དགོས་པར་སེམས། གལ་སྲིད་རང་རེས་སྔར་བཞིན་འཇིག་རྟེན་ཕྱི་ཤུན་གྱི་ཐིག་ལེ་དང་ཤ་མ་བྲིས་ཏེ་ཉི་མ་ཕུད་ཚེ་ཉིད་ཀྱི་བརྩམ་ཆོས་ལ་མི་སེར་གྱིས་དང་ལེན་ནམ་མཆོད་འབུལ་ཡོད་མི་སྲིད། མི་སེར་སྐྱིད་སྡུག་གི་རང་བཞིན་ལ་རྒྱུས་ལོན་ཟབ་ཞུགས་བྱས་ཏེ་མི་ཡུལ་གྱི་སེམས་ཁམས་ཕལ་བ་སྔོག་འདོན་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་འཛིན་དགོས་པ་འདྲ། མི་བཞིན་ཤེས་པ། ལྷ་བཞིན་རྟོག་པ། འདྲེ་བཞིན་བཟོ་བ་སོགས་ནི་རྩོམ་རིག་དང་བརྩམ་ཆོས་གྲུབ་བྱེད་ཀྱི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན། གལ་ཏེ་མི་སེར་གྱི་འཚོ་བ་ནས་མི་སེར་གྱི་རླབས་ཆེ་བའི་སེམས་ཁམས་ལ་རྒྱུས་ལོན་མ་བྱས་ཚེ་རྩོམ་པ་པོ་དེ་ཉིད་རྟོགས་པ་ས་ལ་མ་ཤོང་བའི་རྣལ་འབྱོར་བ་ཙམ་ལས་གོ་གནས་ཅི་ཡང་མེད་དེ། ཁེར་རྐྱང་གི་རྣམ་པས་འཚོ་བཞིན་ཡོད་པས་རི་ཁྲོད་པ་ཞིག་རེད། ཡང་ན་དཔའ་བོ་ཁེར་རྒྱུག་ཙམ་རེད་ཅེས་བཤད་ཆོག་ཅིང་། དེ་འདྲ་བའི་རྩོམ་པ་པོ་རེ་འགའ་ཡོད་ཀྱང་མིང་འགོད་པར་མི་བྱ། དེ་བཞིན་རང་རེས་སྨྱུག་ཐོགས་པས་མི་སེར་ཕལ་བའི་སྟེང་ནས་རྩོམ་རིག་གི་ཞིང་ས་བསྔོག་ན་འཆུག་མེད་དེ། དཔེར་བཞག་ན་རང་རེའི༼ཚངས་མགུར༽དང་།༼ཞབས་དཀར་མགུར་འབུམ༽ཡང་ན༼མི་ལའི་རྣམ་མགུར༽སོགས་ནི་མི་སེར་ཕལ་བའི་སེམས་ཁམས་ཀྱི་རྨང་གཞིའི་སྟེང་ནས་ཆོས་ལུགས་ཀྱི་ལྟ་གྲུབ་འགྱེད་ཡོད་པ་ལས་ཆོས་ལུགས་རྐྱང་བ༼དབུ་མའི་རྣམ་བཤད༽ལྟ་བུར་བཟོས་མི་འདུག ནུབ་གླིང་གཙོའི་འཛམ་གླིང་གྲགས་རྩོམ་གྱི་རྨང་གཞི་ཡང་དེ་བཞིན་མི་སེར་གྱི་འཚོ་བ་དང་སེམས་ཁམས་ལ་རྒྱང་བཀྱེད་པ་ཧ་ལམ་མེད་ཅེས་བཤད་ཀྱང་ཆོག་མོད། དུས་རབས་བཅུ་དགུ་བའི་ནང་བརྩམས་པའི་བྷོར་རྡི་ལེར་གྱི༼མི་སྡུག་པའི་མེ་ཏོག༽སོགས་རེ་འགའ་ནི་མི་སེར་སྤྱི་བཏང་བའི་འཚོ་བ་དང་མགོ་རྟིང་སློག་ཡོད་པའི་སྒྲུབ་བྱེད་དུ་འགོད་ཆོག་མོད། དེ་ནི་སྙན་ངག་གི་དང་རྩེ་ཞིག་གམ་མཐོ་རིམ་ཀློག་པ་པོར་ཁ་གཏད་པར་གོ་དགོས་པ་ལས་དེ་མི་སེར་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་གོ་བ་ལེན་གྱིན་ཡོད། རྩོམ་རིག་གི་ཐེག་པ་འདི་བཤད་པའི་དཔང་དུ་བཏང་ན་ཁ་དོག་དཀར་དམར་ལ་དབུ་མ་བཤད་པ་ལྟ་བུ་ཡིན་རྒྱུ་རེད། དེ་བཞིན་རྩོམ་པ་པོས་མི་སེར་མ་རྟོགས་ཤིང་མི་སེར་གྱི་རང་བཞིན་ལ་བདར་ཤ་མ་ཆོད་པའི་སྔ་རོལ་དུ་རྩོམ་ཡིག་བྲི་ཟེར་བ་ནི་བར་སྣང་ཁམས་ལ་མཁར་རྒྱག་པ་དང་གཅིག་དང་འདྲ་རེད། རྩོམ་པ་པོའི་ཤེས་ཡོན་གྱི་རྨང་གཞི་ཟེར་བ་དེ་ལ་གནད་དོན་ཞིག་ཡོད་པས་ལས་བྱ་ཡག་པོ་འབྱོན་མི་ཐུབ། ངལ་རྩོལ་བ་ལས་རྡོ་བཟོ་བ། འདམ་ལས་པ། ལྩགས་བཞུ་བ། སོལ་རྐོ་བ། མགར་བ་ལྟ་བུ། ཡང་ན་ཕྱུགས་རྫི། སྤྲང་བོ། བཙོན་པ། སྲོག་ཐོག་པ། ནད་པ། དོམ་པ། བཙུན་སྡོམ་པ་ལྟ་བུ་སོགས་རེ་རེ་བཞིན་སེམས་ཁམས་ཀྱི་ཡུལ་ལྗོངས་མ་རྟོགས་ན། གང་ཞིག་ཏུ༼སྨད་འཚོང་མ་ཆེ་གེ་མོ༽ཞེས་སྙན་ངག་པ་སོ་སོས་དམན་ཚིག་གི་རང་བཞིན་ནས་རྩོམ་རྒྱག་པ་ནང་བཞིན་སྨད་འཚོང་མ་ལའང་རང་ཉིད་ཀྱི་གནས་ལུགས་རིན་པོ་ཆེ་ཞིག་མེད་མི་སྲིད་པ་ནང་བཞིན། རྩོམ་པ་པོས་མི་སེར་སྤྱི་བཏང་བའི་འཛུམ་ཞལ་དང་མིག་ཆུ་ལ་སྣང་ཆུང་རྩ་བ་ནས་བྱ་མི་རུང་ངོ་།།

༢༠༡༡ ༥ ༡༠ཕྱི་དྲོ་བྲིས་ཟིན།

རྩོམ་རིག་དང་ཚུལ་འཆོས།

རང་གི་སློབ་མ་དགེ་ལྡན་སྐྱིད་ལ་ཁ་བརྡ་བྱས་པ།

དེ་རིང་བཤད་འདོད་པ་ནི་རྩོམ་པ་པོའི་སྐྱོན་ཆའི་ཕྱོགས་ནས་མང་ཙམ་སྒྲོག་འོས་ཤིང་། ཁྱད་པར་དུ་ཚུལ་འཆོས་ཀྱི་སྟེང་ནས་རིགས་མང་ཙམ་ཡོད་པ་ཐེར་འདོན་བྱ་འོས་པ་ཁག་ཅིག་ཡོད་པ་ནི་འདི་ལྟར། རང་གི་སྐོར་ལ་༼མི་སྒེར་གྱི་དགའ་ཁ་འཁྱེར་ཕྱོགས༽འུར་བསྟོད་ཀྱི་སྡེ། ལྐོག་གྱུར་སྨྲ་བ་ནས་ཡིན་མདོག་གི་ཚུལ་འཆོས་བཅའ་བའི་སྡེ། འདི་ནི་ནུབ་ཕྱོགས་རྩོམ་རིག་གི་ལན་ཟློས་སྨྲ་བར་གླེང་ཡང་མི་ཆོག་པ་མེད། ཆགས་རྩེད་སྨྲ་བས་སྡེ་ནས་ཀུན་སྤྱོད་ཀྱི་རྒྱུན་ཤེས་ལ་སྣང་ཆུང་བྱེད་པ། དེ་ནི་གཙོ་ཆེ་བ་ན་གཞོན་ལང་ཤོར་བའི་དུས་སྐབས་ཀྱི་སྣང་ཚུལ་ཙམ་ཡིན་འདུག མེས་པོ་གོང་མ་ཐུར་འདེད་སྨྲ་བ་ནས་རང་ཉིད་ཐམས་ཅད་མཁྱེན་པ་རུ་སྨྲ་བས་སྡེ། དེ་ནི་ཤེས་ཡོན་ལ་གོ་རིམ་དང་རྨང་གཞི་ཞན་པའི་མི་སྣ་སྐོར་ཞིག་ལ་འཇུག་རྒྱུ་རེད། ཡང་རང་གཤིས་ཐུ་ལུམ་སྨྲ་བས་སྡེ་འམ་རང་ལྟ་མཆོག་འཛིན་གྱི་སྐོར་དེ་ནི་རིག་པ་མ་གྲོལ་བའི་གནད་དོན་དུ་དགར་ཆོག་པར་འདོད། ད་དུང་རབ་ཆད་ཀྱི་ལྟ་བ་ཞིག་ཡོད་པ་ནི་མིང་གྲགས་སྐམ་པོ་ལ་ཧུར་ཏེ་ཚོང་བ་དྲིལ་འཛིན་དུ་འགྱུར་བའི་སྐོར། དེ་ལ་རྩོམ་ཡིག་རོལ་རྩེད་དུ་འཛིན་པའི་ལས་ཀ་ཡང་ཟེར་ཆོག མདོར་ན་རང་རེའི་རྩོམ་པ་པོ་ཕལ་ཆེ་བར་གཞན་ལ་བལྟ་བའི་མིག་ཡོད་ཀྱང་།། རང་ཉིད་ལྟ་ན་མེ་ལོང་དགོས།།ཞེས་པ་དང་གཅིག་འདྲ་རེད། ཚང་མས་ནན་ཏན་ཙམ་བྱས་ན་ཚིག་རྐང་གཅིག་གི་ལེགས་པར་བཤད་པའི་གཏམ་ལའང་གོ་བ་རྒྱ་ཆེན་པོ་ཡོད་བཟོ་འདུག ཡིན་པ་རྒྱུ་མཚན་དུ་བཀོད་ན་འདི་ལྟར། རང་རེའི་སྨྱུག་ཐོགས་པ་མང་ཆེ་བ་ནི་འཇིག་རྟེན་བྱ་བའི་ལེགས་ཉེས་ལུང་བསྟན་དུ་འདྲེན་ཐུབ་མཁན་གྱི་སྐྱེས་ཆེན་ཤེས་རབ་ལྡན་པ་དག་ཡིན་པར་རེ་འཆིང་ཆོག་ལ། ཁོ་ཚོ་ནི་མི་རིགས་འདིའི་ཁ་དང་མིག་གི་དབང་བོར་འགྱུར་དགོས་པ་འདྲ། འོན་ཀྱང་སྐྱེས་ཆེན་དུ་འགྱུར་དང་མ་གྱུར་བའི་གོ་རིམ་ཁྲོད་དུ་རྐང་བ་འགྲེད་དེ་འཕོང་ཏོ་ཐང་ལ་གཞུས་ཡོད་པའང་མང་ཚད་དུ་འདུག དཔེར་བཞག་ནས་མིང་རེ་བཀོད་ནའང་མི་ཆོག་པ་མེད་ཀྱང་། དོན་མེད་ཀྱི་བསྡིག་མོལ་གཟེད་དགོས་དོན་ཡང་མི་འདུག མ་མཐའ་རྩོམ་པ་པོ་ཞིག་ལ་མེད་དུ་མི་རུང་བ་ནི་བསམ་པའི་ཀུན་སློང་རྣམ་དག་གི་རྨང་གཞི་དེ་དང་། མི་ཚེའི་མཛེས་རྟོག ཤེས་ཡོན་གྱི་ཆུ་ཚད་སོགས་རེད། དེ་བཞིན་རྩོམ་པ་པོས་མི་སེར་ལ་ཁ་ཏ་བསླབ་བྱ་གཏོང་དགོས་པའི་ཀུན་སློང་དེ་ཐོག་མ་ནི་བྱམས་དང་སྙིང་རྗེ་ཞིག་གི་སེམས་སྐྱེད་ཅིག་ཡིན་ཆོག་མོད། དེ་ལས་ལྡོག་སྟེ་རང་གི་ཡིན་ལྡོག་མིན་ལྡོག་གི་ལྟ་བ་ཉི་ཚེ་བ་དང་སྒེར་གཤིས་ཆེ་བའི་ལས་འགུལ་དུ་བེད་སྤྱོད་དང་། དཔུང་རོགས་ལྟ་བུར་རྒྱ་ཁྱབ་ཏུ་མི་སེར་བླ་འགུག་པའི་ཆོ་ག་ལས་ཀུན་སློང་གཞན་མེད་ན་དེ་ནི་བསླབ་བྱ་རུ་འགྱུར་བ་ཕར་ཟད། ཐ་ན་མི་ཆོས་རང་བཞིན་དུ་གཏོགས་པའི་ལྟ་གྲུབ་མཐའ་དག་གི་སྙིགས་མར་འདོར་སྲིད་དོ། དེ་བཞིན་རྩོམ་ཡིག་བྲི་བའི་དུས་སུ་ཁ་བྱང་དང་གཞུང་དངོས་ཀྱི་བར་ཐག རང་ཉིད་དང་རྩོམ་ཡིག་གི་བར་ཐག རྩོམ་ཡིག་དང་མི་སེར་གྱི་བར་ཐག རྩོམ་ཡིག་དང་དུས་རབས་ཀྱི་བར་ཐག་སོགས་ཆ་འགྲིག་ཡང་འགྲིག་གི་གདེང་ཚད་ཅིག་མེད་ཚེ། རྩོམ་ཡིག་དེ་རང་གི་ཁང་ཕུགས་ཀྱི་ལས་བྱ་ཙམ་མ་གཏོགས་རིན་ཐང་གི་ཆ་ཅི་ཡང་མེད་དོ། །

ཕྲན་བཤད། རྩོམ་ཡིག་འདི་ཁ་ཇེ་གསལ་དུ་བཏང་ན་སྤྱི་བའི་བརྗོད་སྙིང་ལ་མི་སྒེར་གྱི་སྟེང་ནས་ཆེ་གེ་མོར་ཕོག་ཐུག་གཏོང་བར་གོ་འཛོལ་བྱུང་སླ་བས་བམ་བཤད་ཅིག་བྱས་པ་ཡིན་ལགས། ཚང་མ་རང་རེའི་རྩོམ་རིག་གི་འཕེལ་འགྲིབ་ལ་དོ་ཁུར་ཙམ་བྱ་རྒྱུ་ནི་མ་གྲོས་གཅིག་མཐུན་གྱི་ལྟ་བ་འོ།།

༢༠༡༡ ༥ ༡༣ཉིན་གུང་བྲིས།

gets flash of Hollywood Glamour at White House Correspondents
PORNO how to make money popular trend

Can Deep Tissue Massage Help Scars
Prom Dresses Stop in to see the pet rattlesnake and sample some goods

How to Pick a Fashion Design School
VIDEOS PORNO and does nothing but talk incomprehensible nonsense each time

Buy the Latest Fashionable Leather Blazers
Free Games Timberland boots is fashion

Other Brands Of The Hip
pornos be nice now

Praying About Finances In Hard Times
Porno pour femme Don be memorable for fashion choices that might be deemed questionable

Pack for 4 weeks in a carry
Tube XXX you can consider making a shorter muumuu dress

The Success of a Media Network
Filme Porno Vests will always create a fashion statement
བསྟོད།7

抱歉,评论已关闭!