རྡོ་སྦིས་མི་དམངས་ཀྱི་རེ་འབོད་ཡི་གེ

མ་པ་ཚེ་རིང་གིས་འོས་སྦྱོར་བྱས།

རྡོ་སྦིས་མི་དམངས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཚེ་སྲོག་བདེ་ཐང་གི་ཆེད་དུ་
ལྕགས་གཏེར་བཙོ་སྦྱོང་གི་བཟོ་གྲྭ་འཛུགས་པར་འགོག་རྒོལ་བྱེད་པའི་
ཐད་ཀྱི་རེ་འབོད་ཡི་གེ

ང་ཚོའི་སྐྱིད་པའི་ཕ་ཡུལ་རྡོ་སྦིས་གསེར་སྨུག་ལྗོངས་འདི་ནི་སྐྱེས་ཁམས་ཁོར་ཡུག་ལ་སྦགས་སྐྱོན་མ་ཐེབས་པའི་མཛེས་སྡུག་ཡིད་དབང་འཕྲོག་པའི་ཡུལ་ཁྱད་པར་བ་ཞིག་དང་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ལྷ་ཁང་དང་མཆོད་རྟེན་མང་པོ་ཁྲ་ལམ་མེར་བཞུགས་པའི་ཆོས་ཀྱི་ཞིང་ཁམས་ཉམས་དགའ་བ་ཞིག་ཀྱང་ཡིན།ཁྱད་པར་དུ་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་གཞོང་དཀྱིལ་ན་གཟི་བརྗིད་ལྷམ་མེར་འབར་ཞིང་བྱིན་རླབས་ཀྱི་གཏེར་མཛོད་དམ་པར་གྱུར་བའི་ཨ་མདོ་མཆོད་རྟེན་རང་བྱོན་ནམ་རྡོ་སྦིས་མཆོད་རྟེན་རང་བྱོན་ཆེན་མོ་འདི་ནི་ཡུལ་གྲུ་འདིའི་དད་ལྡན་མང་ཚོགས་ཀྱི་དད་པའི་ཞིང་དང་མཆོད་པའི་རྟེན་དུ་གྱུར་བ་ཙམ་དུ་མ་ཟད་བོད་མདོ་དབུས་ཁམས་གསུམ་གྱི་དད་ལྡན་ཁྲི་ཕྲག་མང་པོའི་ཡིད་སེམས་རང་དབང་མེད་པར་འཕྲོག་སྟེ་ལམ་ཐག་རིང་བོའི་དཀའ་ངལ་ལ་མ་འཛེམས་པར་སྤྲིན་གྱི་འདུ་འགོད་བཞིན་དུ་མཇལ་སྐོར་དུ་ཕེབས་དང་ཕེབས་བཞིན་པ་ལགས་སོ།།

ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོབ་བྱ་ཡུལ་དུ་གཏོགས་ཤིང་།བྱིན་རླབས་ཀྱི་གཏེར་མཛོད་ཆེན་མོར་གྱུར་བའི་རྡོ་སྦིས་མཆོད་རྟེན་རང་བྱོན་ནམ་ཨ་མདོ་མཆོད་རྟེན་རང་བྱོན་འདིའི་ལོ་རྒྱུས་མདོར་ཙམ་ཞིག་བརྗོད་ན།མདོ་སྨད་ཆོས་འབྱུང་དུ་གསུངས་པ་ལྟར་ན་སྔ་དུས་གྲུབ་ཆེན་བརྒྱད་བཅུས་བཞེངས་པར་གྲགས་ཤིང་།དགྲ་བཅོམ་པ་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་ཡིད་བཞིན་ནོར་བུ་ལྷུང་བཟེད་གང་ནང་བཞུགས་སུ་གསོལ་བའི་མཆོད་རྟེན་ཞིག་དངོས་གཏེར་དུ་སྦས་པར་གསུངས་ཤིང་།ཡང་ལོ་རྒྱུས་ཁ་ཅིག་ན།ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་གྱི་གྲོགས་ལ་བརྟེན་ནས་རྫུ་འཕྲུལ་གྱི་སྒོ་ནས་ཞག་མ་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་པའི་ནང་གི་ཞག་མ་གཅིག་ཡིན་པར་གསུངས་ཤིང་།ཡང་ལོ་རྒྱུས་ཁ་ཅིག་ན།དགྲ་བཅོམ་པ་ལྔ་བརྒྱས་རྫུ་འཕྲུལ་གྱིས་ཞག་མ་གཅིག་ལ་བཞེངས་པར་གྲགས།གང་ལྟར་འདི་ལ་མི་ལོ་ཉིས་སྟོང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བཤད་རྒྱུན་ཡོད་པ་དང་།སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་རིན་པོ་ཆེ་ལྷུང་བཟེད་གང་གཟུངས་འཇུག་ཏུ་བཞུགས་པ་ཕལ་་ཆེར་ཞལ་མཐུན་པས་ཨ་མདོ་རང་བྱོན་མཆོད་རྟེན་འདི་ནི་སངས་རྒྱས་དངོས་དང་མཉམ་པའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་།ཁྱད་པར་དུ་དུས་བཟང་སོགས་ཀྱི་མཚན་མོར་དྲི་ཞིམ་གྱི་ངད་ལྡང་ཞིང་དང་དང་རོལ་མོ་སོགས་ཀྱིསྒྲ་གྲགས་པ་དད་ལྡན་དག་སྣང་ཅན་གྱི་མི་མང་པོས་མངོན་སུམ་དུ་ཐོས་ཐུབ་པར་བཤད།དེ་ལྟང་རྟེན་གྱི་གན་མཛོད་ཆེན་མོའམ་རླབས་ཀྱི་གཏེར་མཛོད་གཅིག་པུ་ཨ་མདོ་མཆོད་རྟེན་རང་བྱོན་འདི་ནི་ང་ཚོ་རྡོ་སྦིས་མི་དམངས་ཐེ་བའི་བོད་ཁ་བ་ཅན་གྱི་གཅེས་ནོར་ཡིན་པར་མ་ཟད།ཞིང་ཆེན་རིམ་པའི་སྲུང་སྐྱོབ་རིག་རྫས་སུ་གཏོགས་པའི་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་པ་དང་།འཛམ་གླིང་གི་ནང་པ་སངས་རྒྱས་པའི་གཅེས་ནོར་ཡང་ཡིན་ནོ།།

ཡིན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཚེ་སྲོག་བདེ་ཐང་རྩྭ་ལྟར་འདོར་བའི་ནང་ལོགས་ཀྱི་བཟོ་གྲྭའི་སྦྱིན་བདག་ཞིག་གིས་རྡོ་སྦིས་མི་དམངས་ལ་བརྡ་ཙམ་ཡང་མ་བཏང་པར་གསང་སྟབས་ཀྱིས་རང་བྱོན་མཆོད་རྟེན་གྱི་རྒྱབ་རི་བཀྲ་ཤིས་རྟགས་ཀྱི་ཐོག་ལ་ལྕགས་གཏེར་བཙོ་སྦྱོང་བཟོ་་གྲྭ་འཛུགས་པའི་ལས་གཞི་དངོས་སུ་ཚུགས་ནས་ས་བརྐོ་རྡོ་སློག་རྒྱ་ཆེར་བྱས་ཤིང་།མཆོད་རྟེན་གྱི་ཆ་ཤས་ཡིན་པའི་རྒྱབ་རི་བཀྲ་ཤིས་རྟགས་ལ་གང་འདོད་དུ་ལམ་གཤགས་ནས་གཏོར་བརླག་ཚབས་ཆེན་བཏང་བ་འདིས་རང་བྱོན་མཆོད་རྟེན་འདིའི་ཁོར་ཡུག་དང་རྡོ་སྦིས་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་མ་ཟད།རྡོ་སྦིས་སེར་སྐྱ་མང་ཚོགས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས།བཀྲ་ཤིས་རྟགས་ཀྱི་རི་བོ་འདི་རང་བྱོན་མཆོད་རྟེན་གྱི་རྒྱབ་རི་ཡིན་པ་རྩོད་མེད་ཡིན་པ་དང་།སྔོན་ཆད་རྡོ་སྦིས་ཡུལ་གྱི་སྨད་པ་སྡེ་བདུན་གྱི་ས་ཡིན་པ་ལོ་རྒྱུས་སུ་གསལ།ལྕགས་གཏེར་བཙོ་སྦྱོང་བཟོ་གྲྭ་འདི་ནི་དུག་གི་རང་བཞིན་ཤིན་ཏུ་ཆེ་སྟེ།བཟོ་གྲྭའི་རྫས་འགྱུར་ལས་ཐོན་པའི་དུག་རླངས་དང་དུག་ཆུ་འདིས་སྐྱེ་ཁམས་ཁོར་ཡུག་ལ་རྩྭ་དང་རྩི་ཤིང་སྐྱེས་པ་རྣམས་ཀྱང་རྫས་ཀྱིས་བསླད་དེ་ཕྱུགས་ཀྱིས་ལོངས་སྤྱ་དུ་མི་རུང་བ་དང་།གལ་ཏེ་ཕྱུགས་ཀྱིས་ཟོས་པ་ཡིན་ན་ཁ་ནང་གི་སོ་ལྷུང་བ་སོགས་གནོད་པ་ཤིན་ཏུ་ཆེ།མི་དང་སེམས་ཅན་རྣམས་ལ་ནི་དུག་རླངས་དང་དུག་ཆུའི་དྲི་ཙམ་ཕོག་པས་ཀྱང་རིག་པ་དང་དབང་བོ་མི་གསལ་བར་འགྱུར་ཞིང་ཡན་ལག་ཉིང་ལག་རྣམས་ཀྱང་ཞ་བོར་འགྱུར་ཞིང་མི་རབས་རྗེས་མ་རྣམས་དེ་བས་ཀྱང་གནོད་ཚབས་ཆེ་བ་ལོ་རྒྱུས་དང་དོན་དངོས་ཀྱིས་དབེན་དཔང་བྱས་ཡོད།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་།ཤུལ་བཞག་རིག་གནས་དངོས་རྫས་ལ་སྲུང་སྐྱོབ།རྒྱ་ཆེ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཚེ་སྲོག་བདེ་ཐང་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་བླ་ན་མེད་པའི་འགན་ཁུར་དང་ཁེ་དབང་ཡིན།

དེས་ན་ང་ཚོ་རྡོ་སྦིས་སེར་སྐྱ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ཕ་ཡུལ་གྱི་སྐྱེས་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་།རང་བྱོན་མཆོད་རྟེན་ལ་སྲུང་སྐྱོབ།རྒྱ་ཆེ་བའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཆེད་རྡོག་རྩ་གཅིག་སྒྲིལ་དང་སྲོག་བསྡོས་གྱི་སྒོ་ནས་བཟོ་གྲྭ་འདི་ས་འདི་ནས་འཛུགས་པར་མཐའ་གཅིག་ཏུ་འགོག་རྒོལ་བྱེད་རྒྱུ་དང་།བཟོ་གྲྭ་འདི་ས་འདི་ནས་གཏན་ནས་བཙུགས་མི་ཆོག་ཅེས་ཐ་ཚིག་དྲག་པོ་བསྒྲགས་པ་ཡིན།

ཞེས་རྡོ་སྦིས་མི་དམངས་ཡོངས་ཀྱིས་སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་ལྔ་པའི་ཚེས་ལྔ་ཉིན་ལ།

སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་རྡོ་སྦིས་པ་རྣམ་པས་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོབ་གནང་རྒྱུར་རེ་བ་སྙིང་ནས་ཞུ་ཞུ།

ཞེས་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་མིང་ཙམ་འཛིན་པ་སྒོམ་པ་ཚེ་རིང་གིས་འོས་སྦྱོར་བྱས།

Blue Nile Management Discusses Q1 2013 Results
PORNO but are dressy enough to be worn with various shoes and clothes

Five things to look for in a good fashion blog
Prom Dresses OP is way out of line

Have Designer Wears for Men
PORNO you want to look effortlessly elegant and ladylike

Origins of My Shapewear Addiction
Download Free Games as have 1950s feminine glamor

Beach Shoes What are the Styles of Beach Sandals
pornos AnimEigo picked up this title in the 90s

Best Brands for Diabetics Shoes
Porno pour femme With its strong cash position

Markets Close Up on Positive IIP Data
free porno and his death was apparently at his own hand

Memos From and About Your Stepchild
Filme Porno set of clothing breakdown fixing
བསྟོད།8

抱歉,评论已关闭!