སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་རྣམ་པའི་ཕྲག་ལ་བབས་པའི་བཟློག་མེད་ཀྱི་འགན་ཁྲི།

རྩོམ་པ་པོ་མི་གསལ།

དེ་ཡང་དུས་རབས་ཉེར་གཅིག་པའི་སྐྱ་རེངས་གསར་བ་ཡངས་བའི་ས་ཆེན་པོ་དང་ཁྱད་པར་དུ་གངས་ཅན་ཁ་བའི་ལྗོངས་སུ་ཤར་བ་ན།རང་རེའི་ཡུལ་འདི་ལའང་བསམ་བློ་གསར་བ་སྟེ།མི་ཆོས་རིག་གནས་དང་དེང་རབས་རིག་གནས་ལ་བློ་ཁ་ཕྱོགས་ཤིང་།སྲོལ་རྒྱུན་གྱི་རིག་ གནས་དང་བསམ་བློའི་ཆ་ལ་དགག་བཞག་དང་སུན་འབྱིན་བྱེད་མཁན་གྱི་སྐྱེ་བོ་སྐོར་ཞིག་ བྱོན་ཅིང་།ཁོང་རྣམ་པའི་ལྟ་བ་དང་བསམ་བློ་དེ་ཉིད་བོད་ཀྱི་རིག་གནས་པའི་སྡེའི་བྲོ་བ་མེད་ཅིང་།གསོན་ཤུགས་ཉམས་པའི་སྐྱ་ཐང་ཐང་གི་གཤིན་ཐང་དུ་བབས་པའི་ཆར་ཆུ་དང་འདྲ་ བར།དེ་མ་ཐག་འཕྲོད་སྦྱོར་གྱི་སྣང་ཚུལ་གསར་བ་ཞིག་མཐོ་སྒང་འཛིན་མའི་ཁྱོན་དུ་ཤར་ཞིང་།དེ་ནི་དཔྱིད་དུས་ཀྱི་ཉི་འོད་དང་ཆར་ཆུས་ཡངས་བའི་སྤང་ལྗོངས་ལྗང་མདོག་ཏུ་བསྒྱུར་བ་ དང་འདྲ་བར་གསོན་ཤུགས་ཀྱིས་ཀུན་ནས་བརྟས་བར་གྱུར།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་དཔལ་དོན་གྲུབ་རྒྱལ་ཞུ་བའི་མི་བུ་ཞིག་གིས་ཀྱང་མི་སྐད་ལྷང་ལྷང་ཞིག་བསྒྲགས་ཤིང་།འབོད་བརྡ་བྲེལ་མྱུར་ཞིག་བཏང་མྱོང་ མོད།སྐབས་ཐོག་དེ་ལ་མཚོན་ན་ང་ཚོའི་སྲོལ་རྒྱུན་རིག་གནས་ལ་དུས་འགྱུར་གྱི་བརྡབ་ གསིག་ཆེན་པོ་ཐེབས་ཏེ།སླར་ཡང་ཉེན་ཁའི་གནས་ནས་ཐར་ཞིང་སླར་གསོའི་སྐབས་དང་ ཁེལ་བས་ན།ཁོང་གི་རེ་བ་དེ་ཉིད་མངོན་འགྱུར་ཡོང་རྒྱུ་ཕར་ཞོག་ཐ་ན་རང་གི་ཚེ་སྲོག་ཀྱང་ཆེས་ཡིད་སྐྱོ་བའི་ངང་མཇུག་བསྡུས་པའི་སྐྱོ་གར་འཁྲབ་ཚན་ཞིག་ཏུ་གྱུར།རེད་དེ།༼དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ་༽ཞེས་པ་ནང་བཞིན་དམ་པ་ཁོང་ཉིད་ཀྱི་འབོད་བརྡ་འདི་ དང་རང་སྲོག་བློས་བཏང་གི་སྦྱོར་བ་འདིས་ནི་རྗེས་ཕྱོགས་ཀྱི་བསམ་བློ་གསར་བའི་བྱུང་ འཕེལ་ལ་སྔོན་འགྲོའི་མཐུན་རྐྱེན་ཞིག་བསྐྲུན་མེད་དང་བསམ་བློའི་ས་བོན་ཞིག་བཏབ་མེད་ཅེས་སུ་ཡིས་བརྗོད་པར་སྤོབས།

དེས་ན་ལོ་ངོ་དུ་མའི་སྔོན་ལ་དབེན་ཞིང་ཁུ་སིམ་པའི་རི་ལུང་འདིར་ཞོགས་པའི་དུང་བརྡ་བར་མེད་སྒྲོག་པར་དེར་བསྟུན་གྱི་བྲག་ཆའི་རོལ་མོ་རིམ་ཅར་དུ་འཁོར་བྱུང་བ་ནི་གཅིག་ཏུ་དུས་ཀྱི་བབ་དང་།གཉིས་སུ་ཁོར་ཡུག་གི་རྐྱེན་དང་།གསུམ་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ ཚད་དང་།བཞི་ན་མིའི་བསམ་བློའི་སད་རྟོགས་ཀྱི་སྐབས་བཅས་རྒྱུ་དང་རྐྱེན་དུ་མ་ཚང་ཞིང་དུས་རབས་ཀྱི་བརྗོད་གཞི་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་འགྲིགས་ཤིང་འཕྲོད་པར་གྱུར་བས་སོ།།

འདི་ལ་མི་མཐུན་པའི་ལྟ་བ་འདོན་མཁན་དང་།མི་འདོད་པའི་རྣམ་འགྱུར་སྟོན་མཁན།མི་དགའ་བའི་སྡང་སྡིགས་ལྟ་མཁན་ཡང་མང་དུ་བྱུང་མོད།གསར་བའི་སྟོབས་ཤུགས་ནི་ བཟློག་ཏུ་མེད་པ་ཞིག་སྟེ།དེས་ཅིས་ཀྱང་རྙིང་བའི་ཚབ་བྱས་ནས་འགྲོ་དགོས་པ་ནི་འཇིག་རྟེན་ཆགས་འཇིག་གི་ཆོས་ཉིད་དང་མིའི་རིགས་འཕེལ་རྒྱས་ཀྱི་སྤྱི་འགྲོས་ཡིན་ཕྱིར།སུ་ལའང་ འདི་ལྟ་བུའི་ཡིད་ཆེས་དང་བློ་སྤོབས་ལྡན་དགོས་པ་ནི་སྨོས་མ་དགོས་པ་ཞིག་གོ།

ད་ལྟའི་ཆར་སྣང་ཚུལ་འདི་མངོན་གསལ་དོད་པོ་དང་གསོན་ཤུགས་ལྡན་པའི་སྒོ་ནས་ཚུར་སྣང་བྱེད་ཡུལ་ནི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཚོའི་ཐོག་ན་ཡོད་པ་དང་།ལོ་ངོ་ འདི་དག་གི་རིང་ལ་བོད་ཀྱི་སློབ་ཆེན་པའི་སྡེ་གཙོ་བྱས་ནས་རིག་པའི་གནས་ལ་སྦྱོང་བཞིན་པའི་མི་རབས་ཤིག་བལྟས་བལྟས་རིག་རིག་ལ་རབས་སྔོན་མ་དང་མི་འདྲ་བ་བྱུང་ཡོད་པ་ དང་།བག་འཁུམས་དང་ལེ་ལོ།སྒྱིད་ལུགཁེངས་སྐྱུང་སོགས་ཀྱི་ཁྱད་རྟགས་ལྡན་པའི་དུས་ རབས་སྔོན་མའི་སློབ་མ་ཚོ་དང་བར་མཚམས་གསལ་བོ་ཞིག་ཕྱེས་འདུག་གོ།དེ་ཡང་དཔལ་ དོན་གྲུབ་རྒྱལ་གྱི་༼ལང་ཚོའི་རྦབ་ཆུའི་༽ནང་གི་༼བོད་གངས་ཅན་གྱི་མི་རབས་གསར་བ་༽དེ་ཁོང་གིས་འབོད་བརྡ་ཐོག་མ་བཏང་རྗེས་ཀྱི་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རྗེས་སུ་ད་ གདོད་བྱུང་བ་རེད་ཨང་།

ཡིན་ན་ཡང་།བདག་གིས་ཤེས་རྟོགས་བྱུང་བར་གཞིགས་ན་བོད་ཀྱི་སློབ་ཆེན་པའི་སྡེའི་དགེ་རྒན་ཕལ་མོ་ཆེ་ཞིག་ནི་ད་དུང་ཡང་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་འཛིན་མཁན་ཡིན་པ་དང་།མངོན་ལྐོག་ཅི་རིགས་ཀྱིས་བསམ་བློ་གསར་བའི་ཆ་ལ་དགག་བཞག་དང་།སུན་འབྱིན།ཕུད་འདེད་བྱེད་ཀྱིན་ཡོད་སྐད།མང་པོ་ཞིག་ནི་མི་སྨྲ་བའི་བརྟུལ་ཞུགས་ཅན་དང་ཅི་དང་གང་ལ་ཡང་ཁ་ཡ་མི་བྱེད་པའི་སེམས་ཆུང་འབའ་ཞིག་ཡིན་ཕྱིར།དོན་དམ་པའི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཚོའི་ངག་ན་སློབ་མའི་ཁམས་དང་མོས་པར་འཕྲོད་ཅིང་།དུས་རབས་ཀྱི་བརྗོད་གཞི་དང་འཚམས་ལ།མི་རིགས་ཀྱི་འཕེལ་རྒྱས་ལ་མཁོ་གལ་ཆེ་བའི་སྐད་ཆ་དང་སློབ་གསོ་མེད་པར།སློབ་དེབ་ཁོ་ན་གཙིགས་སུ་བཟུང་ནས་སྡོད་པ་འདི་ཅིས་ཀྱང་མི་འོས་པའི་ གནས་སོ།།

ད་དུང་བདག་གིས་རྒྱུས་ལོན་བྱས་པར་གཞིགས་ན།བོད་ཀྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་མང་པོ་ཞིག་ལ་བསམ་བློ་གསར་བའི་བག་ཆགས་ཨེན་ཙམ་སད་པ་འདི་ནི་དགེ་རྒན་གྱི་ སློབ་ཁྲིད་དང་སློབ་གསོ་ལས་མ་བྱུང་བར།སློབ་ཕྱིའི་བྱ་འགུལ་སྐོར་ཞིག་དང་ལྟ་ཀློག་དཔེ་ཆ་སྐོར་ཞིག་ལས་བྱུང་བ་གཙོ་ཆེ་ན།དེ་ནི་དགེ་རྒན་དང་སློབ་མའི་བར་གྱི་བསམ་བློའི་ཐོག་གི་ འགལ་ཆ་ཆེན་པོ་ཞིག་ཅི་ལ་མིན།དགེ་རྒན་རྣམ་པས་སྣང་ཚུལ་འདི་ལེགས་པར་མཐོང་ཞིང་ཤེས་དགོས་པ་མ་ཟད།ཟུར་གྱི་ལྟད་མོ་བ་ཞིག་མི་བྱེད་པར།དུས་ཀྱི་འགྲོས་དང་མཐུན་པའི་ འཕེལ་རྒྱས་འདིའི་ནང་དུ་ཞུགས་ཤིང་།དེའི་སྣེ་སྟོན་དང་མགྲིན་ཚབ་པ་བྱས་ནས།སློབ་མའི་ བསམ་བློའི་ཐོག་གི་ཧོལ་རྒྱུགས་དང་གོལ་ས་ཐ་དག་ཡང་དག་པའི་ལམ་དུ་འགོད་པར་བྱེད་ དགོས།འདི་ནི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཚོའི་ཕྲག་ལ་བབས་པའི་འགན་ཁྲི་ བཟློག་མེད་ཅིག་སྟེ།གལ་སྲིད་དགེ་རྒན་གྱི་བསམ་བློ་སློབ་མའི་རྗེས་སུ་ལུས་པ་ཡིན་ན།དགེ་ རྒན་གང་ཉིད་ཀྱི་བྱེད་ནུས་རིགས་ཤིག་ཤོར་བའི་རྟགས་སུ་མི་ལྟ་ཀ་མེད་རེད།

མི་རིགས་འདི་ལ་ཐུན་མོང་དུ་གནས་པའི་མི་གཞིའི་ཐོག་གི་ཞན་ཆ་དང་གས་ཆག་དེ་རིགས་དང་།གུས་ལུགས་ཐོག་གི་ཡ་མ་བརླ་དང་ཚུལ་འཆོས་དེ་རིགས།རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བའི་ཐོག་གི་འགལ་འཁྲུལ་ཅི་རིགས་མཆིས་པ་ཀུན་ད་ནི་འདོར་འོས་པ་འདོར་དགོས་ལ།བསྒྱུར་འོས་པ་བསྒྱུར་དགོས་ཤིང་།བསབ་འོས་པ་བསབ་དགོས་པའི་དུས་ལ་ཐོན་པས།སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་རྣམས་ནི་མི་གཞི་བཟོ་བསྐྲུན་གྱི་ལས་གཞི་འདིའི་འཆར་འགོད་པ་དང་སྣེ་ཁྲིད་པ་ཅི་ལ་མིན།

བར་མཚམས་འདི་ལ་དགེ་རྒན་གྱིས་སློབ་མ་ལ་འཁྲིད་དགོས་པ་ནི་ཆོས་ཀྱི་བརྡ་ཆད་དང་གྲངས་འདྲེན་འགའ་ཞིག་མིན་ལ།ནང་ཆོས་ཀྱི་ལྟ་གྲུབ་སྐོར་ཞིག་མིན།ལོ་རྒྱུས་ཀྱི་ལྷ་སྒྲུང་ཁག་ཅིག་ཀྱང་མིན་པར།དེ་ལས་ཀྱང་གལ་ཆེ་བ་ནི་དུས་རབས་འདི་དང་སྤྱི་ཚོགས་འདི་ལ་ཁ་གཏད་པའི་ཤེས་བྱ་རིག་གནས་དང་འཇོན་ནུས་ཡིན་པ་མ་ཟད།སློབ་མ་རེ་རེ་སྤྱི་ཚོགས་འདི་ནས་མི་ཇི་ལྟ་བུ་བྱེད་པ་སྟེ།མི་ཚུགས་ཇི་ལྟར་གདོད་པ།མི་གཞི་ཇི་ལྟར་མངོན་པ།མི་གཤིས་ཇི་ལྟར་ཆགས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་རེད་འདུག

མིའི་རིགས་འཕེལ་རྒྱས་ཀྱི་ཚད་འདི་ལ་ཐོན་དུས་ང་ཚོ་ལ་སྦྱང་དགོས་པའི་ཤེས་བྱ་ཅི་ འདྲའི་མང་པོ་ཞིག་ཡོད་པ་རེད་ཨང་།བོད་ཀྱི་སློབ་མས་རང་གི་རིག་གནས་ཙམ་སྦྱངས་བས་ཅི་ལ་ཆོག་སྟེ།ཇི་ལྟར་བཤད་ཀྱང་དེ་ནི་མི་རིགས་ཤིག་གི་རིག་གནས་ཡིན་པས་ན།འདི་ཡིས་འཛམ་གླིང་རིག་གནས་རྒྱ་མཚོ་ཆེན་པོའི་ཁྲོད་དུ་བྱེད་ནུས་ཅི་ཙམ་ཐོན་ཐུབ།དེས་ན་བོད་ཀྱི་སློབ་ཆེན་སློབ་མས་འཛམ་གླིང་མིག་གིས་མཐོང་དགོས་ཤིང་།དུས་རབས་ཀྱི་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་དགོས་སོ།དགེ་རྒན་ནི་དེ་ལྟ་བུའི་ཤེས་བྱའི་འཇིངས་སུ་ཁྲིད་མཁན་དང་།ལམ་སྟོན་མཁན།རོགས་སྐྱོར་མཁན་ཡིན་དགོས་ལ།སློབ་མ་ཡི་མིག་རྒྱ་ དང་སེམས་རྒྱ་ཚད་མེད་དུ་བསྐྱེད་ནས་ཡང་དག་པའི་རིན་ཐང་ལྟ་བ་དང་མི་གཞི་རྩིས་ཐང་།མི་ཆོས་བསམ་བློ་གཟུག་རྒྱུ་མ་ཟད།སྤྱི་ཚོགས་ཀྱི་ཆར་རླུང་ཁྲོད་ཁེར་ཚུགས་འགྲེང་ཐུབ་ཅིང་།རང་གི་འཚོ་གནས་དང་རང་གི་མདུན་ལམ་རང་གིས་ཐག་གཅོད་པའི་རྣམ་པ་གསར་བའི་ འཇོན་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་ནི་དུས་རབས་ཀྱི་བཏོན་པའི་བཟློག་ཏུ་མེད་པའི་འགན་ཁྲི་ལགས་སོ།

How to Make the Most of the Camcorder and Camera Pen
PORNO steer clear of stretchy jeans such as jeggings

6 Awesome Things I'm Not Cool Enough To Own
Bridesmaid Dresses buy one take one

I work for the often debated Orlebar Brown
PORNO I try to find that inner spark

Begin your own tradition with Vintage Smoking Pipes
Download Free Games or you can wear all black

Will Amazon Have A Tough Time In India
pornos do-it-yourself rooster tamales meal

Luxury Massage Experience in Dublin North
free xxx trends all categories

Its Cultural and Managerial Implications
Tube XXX This recipe has made people beg

La Quinta Inn Suites Fresno North West
Filme Porno Don't let shoes kill your outfit
བསྟོད།5

抱歉,评论已关闭!