དཀར་ཟས་རིང་ལུགས།

འགལ་འདུ།

༼ཚེ་སྲོག་འདྲ་མཉམ་ནི་ཡོངས་ཁྱབ་ལ་མངའ་བའི་རིན་ཐང་གཞི་མ་ཅན་ཡིན་པས་ན་སྐྱེ་འགྲོ་ཀུན་ལ་ཐོབ་ཐང་དེ་མངོན་འགྱུར་ཡོང་དགོས་པ་ནི་སྨོས་མེད་རེད།དེའི་ཕྱིར་ཚེ་སྲོག་ཡོད་དོ་ཅོག་ལ་འགན་སྲུང་བྱེད་དགོས༽ཡོངས་ཁྱབ་རིན་ཐང་གི་ངོས་ཐད་ནས་བལྟས་ན་ད་ལྟའི་འཛམ་གླིང་གི་གཞི་འཛིན་ས་རུ་གྱུར་པའི་ཐོབ་ཐང་དེ་ནི་འགྲོ་བ་མིའི་ཞེ་འདོད་ལས་བྱུང་བའི་འགྲོ་བ་མི་ཙམ་གྱི་ཐོབ་ཐང་འགན་ལེན་དང་རང་དབང་དང་འདྲ་མཉམ་དམངས་གཙོ་སོགས་ཀྱི་རྩིས་ཐང་ཙམ་ལས།དུད་འགྲོ་སོགས་གཞན་པའི་ཚེ་སྲོག་གི་རྩིས་ཐང་དེ་དག་ལ་འགན་ཁུར་བའི་བསམ་པ་གཏན་ནས་མེད་པར་མ་ཟད། མཉམ་ཆུང་བའི་དུད་འགྲོའི་རིགས་ཀྱི་ཚེ་སྲོག་འདི་དག་ནི་སྐྱེས་ནས་འགྲོ་བ་མིའི་རིགས་ཀྱི་སྡུག་སྤྱོད་ཀྱིས་བཀོལ་ཆོག་ཆོག་ཡིན་པའི་འཚོ་ཆས་ ༼བཟའ་ཆས་དང་གྱོན་པ། གཞན་ཚན་རིག་པས་ཚོད་ལྟ་སྤྱོད་ཆས།ཆོས་ལུགས་ཁག་གི་མཆོད་ཆས་ཀྱི་རྫས་སུ་རུང་བར་རློམ།༽ ཞིག་དང་བྲན་ཁོལ་ཞིག་ལས་མི་དང་འདྲ་བར་བདག་དབང་ལ་མཉམ་སྤྱོད་བྱེད་ཆོག་པའི་གནས་ལུགས་གསོན་པོ་དེ་འདྲ་སུ་ཞིག་གིས་ཤེས་པར་ནུས་མི་འདུག’’དཀར་ཟས་རིང་ལུགས’’འཚེ་བ་མེད་པའི་བརྡ་ཆད་ཅིག་དང་ཡོངས་ཁྱབ་རིན་ཐང་།༽སྤྱིར་བརྡ་ཆད་འདི་༼དཀར་ཟས་རིང་ལུགས༽ དུས་ཀྱི་དབང་དུ་བྱས་ན་གདོད་མའི་འཚོ་བའི་ཁྲོད་ནས་ཐོན་ཡོང་བའི་མིང་ཚིག་ཅིག་དང་ཞི་བདེ་ལུགས་འགྱུར་གྱི་གནས་ལུགས་འཚོལ་བའི་བརྡ་ཆད་འོད་ཅན་དེ་ཡིན་སོང་ན་ཡང་། དུས་རབས་ཀྱི་ཀྱོག་མཚམས་གང་འདྲ་ཞིག་ནས་ཀྱང་ཡོངས་ཁྱབ་རིན་ཐང་ཅན་གྱི་གྲལ་དུ་མ་བགྲང་བར།ཚིག་ཕར་པ་ཙམ་དང་དོན་བརྩི་རིན་མེད་པར་ཕྱག་ལུད་ཁྲོད་དུ་སྐྱོ་ངེ་ལེ་བོར་བཞག་དུས།འགྲོ་བ་མི་དག་གིས་སྒེར་གཅོད་དང་དབང་ཤུགས་ཅན་གྱིས་བཟོས་པའི་སྡིག་སྤྱོད་ཀྱི་མཚོན་རྟགས་ཅིག་ལ་ཅི་ལ་མི་འགྱུར། ཡིན་ན་འདི་ནས་བརྡ་རྙིང་པར་བརྗོད་དོན་བླ་ལྷག་གོ་ནུས་ཁྱད་པར་ཅན་གྱིས་བསླང་ནས་དཀར་ཟས་ཀྱིས་འཚེ་བའི་རྩ་བ་སྐམ་པར་བྱེད་ཀྱང་།ཞི་བདེ་རང་དབང་ཆོས་ཅན་གྱི་ས་བོན་སྐྱེད་པར་བྱེད་པས། དཀར་ཟས་རིང་ལུགས་དང་འཚེ་བ་མེད་པ། ཞི་བདེ། རང་དབང་། འདྲ་མཉམ་སོགས་ནི་འཛམ་གླིང་ཡོངས་ཁྱབ་རིན་ཐང་གི་གཞི་རྩའི་གནད་དོན་རུ་འགྱུར་དགོས་པ་ཞིག་དང་།དམར་ཟས་མི་ཟ་བ་ནི་ཚེ་སྲོག་ཡོད་དོ་ཅོག་ལ་འགན་ཁུར་བའི་རྣམ་པ་ཅན་ཞིག་དང་།དཀར་ཟས་ཟ་བ་ནི་ཡོད་ཚད་ཀྱི་ཁ་ནས་སྨོན་བཞིན་པའི་རང་དབང་དང་འདྲ་མཉམ་ཟེར་བའི་ལྗིད་ཏིག་ཏིག་དེ་དག་དང་མཉམ་མཉམ་དུ་ཐོན་ཡོང་བས་ན། འཛམ་གླིང་རང་བཞིན་ཅན་གྱི་དོན་ལྡོག་ལྡོག་དེ་དག་དང་དངོས་ཚུལ་གྱིས་ཅིག་ཡིན་པར་གྱུར་པ་རེད་དེ། ཀུན་གྱིས་མི་ཞེས་དཔྱོད་ཤེས་ཅན་གྱི་སྨྲ་བ་ཡོད་མེད་ཙམ་གྱིས་ཁས་མི་ལེན་པ་ཙམ་དུ་ཟད་འདུག བདེ་སྡུག་གི་ཚོར་སྣང་མཚུངས་གྱུར་ཡིན་པས་ཁེ་དབང་ཐོབ་མཉམ་དུ་མངོན་འགྱུར་ཡོང་དགོས་པ་རེད།༽རང་གི་ལུས་ལ་དཔེ་ལོང་ལ།།གཞན་ལ་གནོད་པ་མ་བྱེད་ཅིག། ཆོས་གཞུང་ལས། གནས་ལུགས་ཀྱི་ངོས་ནས་སམ།མཛེས་སྤྱོད་ལྟ་ཚུལ་གྱི་ངོས་སོགས་ཕྱོགས་གང་ནས་ཚད་དུ་འཇལ་ན་མི་སུ་འདྲ་ཞིག་གིས་དུད་འགྲོ་དག་བྲན་བཀོལ་དང་འཚོ་ཆས་བྱེད་ཆོག་ཆོག་ཡིན་པའི་རྩ་དོན་རྙེད་མེད་རུང་།མིར་གྱུར་པའི་ཁ་ཡོད་དབང་ཅན་འདི་དག་དང་འདྲ་བར་དུད་འགྲོ་ཅན་གྱི་སྐྱེ་འགྲོ་གཞན་པ་དེ་ཚོའི་ཚེ་སྲོག་ནི་བདེ་འདོད་དང་སྡུག་མི་འདོད་པའི་གཞི་རྩའི་ཚོར་ཤེས་མི་ལས་མི་ཆེ་ན་མི་དམན་ཚོད་ཡིན་པས།ཆེས་གཞི་རྩར་གྱུར་པའི་ཚེ་སྲོག་ལ་བདག་དབང་སྤྲོད་དགོས་པའི་ཐོབ་ཐང་འདི་ནི་གང་ལྟར་ན་རང་དབང་གི་རྩ་བའི་འཇུག་སྒོ་ཡིན་པར་གྱུར་པས་ན། སུ་ལའང་གནས་ལུགས་འདི་འཕྲོག་ཆོག་པའི་ཐོབ་ཐང་ནི་མེད་པ་རེད་དེ། ད་དུང་ཡང་ཁྱེད་ཅག་གིས་གནས་ལུགས་དེ་དང་བདེན་པ་འདི་དག་རྩིས་མེད་དུ་བཞག་ནས་ཨུ་ཚུགས་འཁྲིག་འཛིན་གྱིས་ངང་ཚུལ་བཟུང་བཞག་ན།མི་དེ་རིགས་ནི་ནམ་ཡང་དབང་ཤུགས་ཡོད་པ་ཙམ་གྱིས་གཞན་པ་དག་མིག་ནང་ལ་མི་འཇོག་པའི་བཙན་ཚོད་མེད་སྡིག་སྤྱོད་རིང་ལུགས་པ་དེ་རེད་ཟེར་བ་ལས།ཁོ་བོའི་དེ་ལས་གཞན་ཞིག་སྨྲ་བར་སྤོབ་མ་སོང།སྤྱིར་མི་དང་མིའི་བར་དུ་ཡིན་ན་དབང་ཤུགས་སྤྱོད་རྒྱུ་ཡོད་སོང་དུས་གནས་ལུགས་དང་བདེན་པ་ནི་གང་ལྟར་ཀྱང་རྩི་བར་མི་བྱེད་ན། མི་རྒོད་དང་། ཀླ་ཀློ། སྡུག་སྤྱོད་ཅན་གྱི་མི་དག་ལ་དབང་ཤུགས་ཡོད་པའི་དུས་ཤིག་ཚེས་ན་དེ་ནི་མུན་ནག་གི་དུས་རབས་ཡིན་ལ་འོད་སྟོང་ལྡན་པའི་བདེ་སྐྱིད་ཀྱི་ཉིན་མོ་དེ་ཡང་རིམ་གྱིས་འགྲིབ་པར་འགྱུར་བ་ཆོས་ཉིད་རེད། ཉེ་རབས་ཨ་ཧྥེ་རི་ཀའི་གླེང་ཆེན་ཐོག་ཏུ་མི་བརྒྱུད་ནག་པོ་དག་ལ་བྲན་གཡོག་གི་ལོ་ཟླ་ནག་པོས་ཁྱབ་པར་གྱུར་པ་མ་རེད་དམ།དེའི་དུས་སྡིག་སྤྱོད་ཅན་གྱི་དབང་ཤུགས་ལ་དཔུང་རྟེན་པ་ལས། སུ་ཞིག་གིས་གནས་ལུགས་ལ་བདེན་དཔང་བྱེད་དུ་མ་སྟོབས་པར་བལྟོས་དང། ཤ་ཟ་པོ་མེད་ན་གསོད་གཅོད་ཀྱི་སོན་རྩ་སྐམ་པར་གྱུར་སོང་བས་དང་ཐོག་ཚེ་སྲོག་ལ་འགན་སྲུང་བྱེད་ཐུབ་ཡོད། ཚེ་སྲོག་གང་ཞིག་ཡིན་ན་འགན་དབང་ཡོད་དགོས་པ་འདི་ནི་ཆེས་གཞི་རྩར་གྱུར་པའི་ཡོངས་ཁྱབ་རིན་ཐང་དེ་ཡིན་འོས་ཀྱང་ས་རྒོད་དང་གྲོག་རོང་གིས་ཁེང་པའི་ང་ཚོའི་ས་སྒང་འདིའི་ཐོག་ད་དུང་ལེབ་ལེབ་པོར་སྙོམ་པའི་ས་གཞི་མཛེས་པོ་ཞིག་ཆག་ཐོབ་མེད་པ་འདྲ།དེ་ལྟར་ཁོད་སྙོམ་པའི་ས་གཞི་དེ་ནི་ཡོངས་ཁྱབ་རིན་ཐང་ཅན་དུ་གྱུར་པའི་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་བདག་དབང་རྩ་དོན་དུ་བཟུང་ནས། དེ་དང་ཐོག་དོན་ངོ་མར་ཇི་ལྟར་འགན་སྲུང་བྱེད་དགོས་པ་ཡིན་ནམ། འཚེ་བ་མེད་པའི་ཞི་བདེའི་རྭ་བ་ཞིག་མིའི་འགྲོ་བ་དག་གིས་བཟོ་བསྐྲུན་འོས་པའི་འགན་འཁྲི་དངོས་མ་དེ་ཡོད་པའི་རྒྱུ་མཚན་གྱིས། དེ་ནི་ཐོག་མ་ཉིད་ནས་མི་རེ་རེའི་ངོ་ཐོག་ནས་གཞན་གྱི་ཚེ་སྲོག་འཕྲོག་པ་ནི་ཤ་ཟ་བའི་ཆེད་གྱི་དམིགས་ཡུལ་མཐར་ཐུག་དེ་ཡིན་པ་ཤེས་ན་ཤ་ཟ་རྒྱུ་སྤང་དགོས་པའི་གནས་ལུགས་དེ་ངང་གིས་རྟོགས་པར་འགྱུར་བའི་དོན་གྱིས།དེ་ནས་སྲོག་སྐྱོབ་པར་བྱེད་པའི་བརྟན་འབྱུང་དེ་ཤུགས་ཀྱིས་ཐོན་ཡོང་བས།ཞི་བདེ་འདྲ་མཉམ་གྱི་སྒོ་མོ་དེའང་དེ་ནས་དྲོད་ལྷིང་ངེ་འབྱེད་པར་འགྱུར། ཁྱོད་ཀྱི་ལྕེའི་བྲོ་བར་ངའི་ཚེ་སྲོག་སྦྱར་ནས་འགྲོ་སོང་བྱེད་དགོས་པའི་གནས་ལུགས་དེ་ཇི་ལྟར་ཡོད་འོས་པའི་ཁྱོད་ཀྱིས་བདེན་དཔང་ཅིག་བྱེད་རོག་དང་བསམ་ཤིང་བསམ་ན་གནས་ལུགས་དང་མཐུན་ལ་ཀུན་སྤྱོད་དང་མཚམས་པ་ཤིག་གང་ནས་ཀྱང་སྲིད་པར་གྱུར་པའི་གནས་མི་རྙེད་དོ། མིའི་རིགས་ཀྱི་བཤགས་ཐབས་བྲལ་བའི་སྡིག་ཉེས་དང་ཁེ་དབང་འབོད་སྐུལ།གདོད་མའི་འཚོ་གནས་རིང་མོའི་བར་གསང་ནས་སྐྱེ་འགྲོ་གང་མང་མང་ཏེ་དང་པོ་རྩ་ན་ཆོས་ཉིད་ཀྱིས་གྲུབ་ནས་ཡོད་པའི་ལུས་སྒུར་ནས་འགྲོ་བའམ་དུད་ནས་འགྲོ་བར་བྱེད་པས་ན་འགྲོ་བ་ཡོངས་སུ་རྫོགས་པ་ཅིག་མཚུངས་ཡིན་པ་རེད།དེ་ནས་རིམ་གྱིས་བགྲེང་མི་དང་པོ་ཏེ་སྤྲ་དག་མིའི་རིགས་ཀྱི་རྒྱུད་རིམ་ལ་འགྱུར་འགོ་ཚུགས་ནས་ཤེས་རབ་དཔལ་ཡོན་ཅན་གྱི་ད་ལྟའི་མིའི་འགྲོ་བ་འདི་འདྲར་གྱུར་པ་རེད་དེ། ང་ཚོ་ཅག་སྔོན་ཆད་དུད་འགྲོ་དག་དང་འདྲ་བར་སྒུར་ནས་འགྲོ་བའི་ད་ལྟའི་དུད་འགྲོ་དག་གི་མཐུན་གྱུར་གྱི་གྲོགས་བཟང་པོ་ཡིན་པ་དེ་བརྗེད་ནས། ཤེས་རིག་ཀྱི་འགུལ་ཤུགས་ཁྱད་པར་ཅན་དེ་འདྲ་མི་ལ་ཡོད་པ་འཁོ་སྤྲོད་བྱས་ནས་ཉམས་ཆུང་དུད་འགྲོ་དག་ལ་བཟོད་རླག་བྲལ་བའི་གནར་གཅོད་འཛད་མཐའ་མེད་པ་བཟོ་དང་བཟོ་བཞིན་པ་ནི་འཇིག་རྟེན་འདིའི་ཆེས་ཡིད་སྐྱོ་བའི་སྡུག་རྩུབ་ནས་སྡུག་རྩུབ་ལ་མཐུད་པ་དང་མུན་དག་ནས་མིན་ནག་ལ་མཐུད་ནས་མིའི་རིགས་ཀྱིས་བཤགས་ཐབས་བྲལ་བའི་བྱས་ཉེས་ཚབ་ཆེན་འདི་འདྲ་ད་ལྟ་ལ་ཐུག་གི་བར་བཞག་པ་རེད། དེ་རིང་འདི་ནས《དུད་འགྲོ་དག་གི་ཁེ་དབང་གསལ་བསྒྲགས།》ཞེས་འཛམ་གླིང་ཡོངས་ཁྱབ་རྩ་འཛིན་ནང་དུ་འཁོད་པའི་དུས་ཤིག་མ་ཤར་ཚེ་འཛམ་གླིང་གི་མི་ཡོངས་ཀྱིས་སྔར་བཞིན་ཕྱི་གཤོལ་མི་བྱེད་པར་མུན་ནག་གི་ལོ་རྒྱུས་འདི་རྒྱུན་ཐུད་ངེས་རེད་འདུག། སྡིག་ཉེས་འདི་འདྲ་བྱས་པར་འགྱོད་བཤགས་དང་ངོ་ཚ་ནི་གཏན་ནས་མེད་ཁར། ད་དུང་སྡིག་ཉེས་འདི་བྱེད་པར་རྒྱབ་སྐྱོར་དང་བདེན་དཔང་འཚོལ་བཞིན་པའི་མིའི་འགྲོ་བ་འདི་དག་ཇི་འདྲའི་འཇིག་སུ་རུང་བ་ལ་ཨང་། དེས་ཕྱིར་ང་ཚོས་དུས་རྒྱུན་བཤད་བཤད་བྱེད་ཀྱིན་པའི་རང་དབང་དང་། འདྲ་མཉམ།དམངས་གཙོའི་ཐོབ་ཐང་སོགས་སྐྱེ་འགྲོ་ཡོངས་ཁྱབ་ལ་འགན་སྲུང་ཐུབ་པའི་འགན་ཆིངས་ཡིག་ཆ་《དུད་འགྲོ་དག་གི་ཁེ་དབང་གསལ་བསྒྲགས།》ཞིག་མ་འོང་པར་རྒྱལ་སྤྱིའི་སྤྱི་ཆིངས་ཡིག་ཚང་ནང་འཁོད་དགོས་པའི་སྐད་འབོད་དྲག་པོ་ངས་འདི་ནས་བྱེད་འདོད་བྱུང་བས། དོན་འདི་མི་དག་གིས་བཤད་པ་བཞིན་རང་དབང་དང་འདྲ་མཉམ་སོགས་དངོས་གནས་རྩ་གལ་ཆེན་པོ་དེ་འདྲ་ཅིག་ཡིན་ཕྱིན་ཡོངས་རྫོགས་ཀྱིས་སྣང་མེད་ལ་འཇོག་འོས་པའི་བྱ་བཞག་ཆུང་ཆུང་ཞིག་དང་རྩ་དོན་ཆུང་ཆུང་དེ་འདྲགཏན་ནས་མ་ཡིན་པས་བསམ་ཞིག་བཏོང་བར་ནན་གྱིས་བཀུལ་བ་ཡིན།བདག་གི་གཞི་རྩའི་ལངས་ཕྱོགས།༽ ཚེ་སྲོག་ནི་འདྲ་མཉམ་ཡིན་དགོས་པས་ན་དུད་འགྲོ་ཉམས་ཆུང་དག་ལ་ཕན་པར་ནུས་པ་མ་གྱུར་ཀྱང་བདག་གི་ལྕེ་ལ་བྲོ་བ་ཙམ་འབྱིན་པ་དང་ལུས་ལ་འཇམ་རེག་ཙམ་གཏེར་ཕྱིར་ཁྱེད་ཅག་གི་ཚེ་སྲོག་འཕྲོག་པ་ནི་འོས་ཤིང་ཐོབ་པ་ཞིག་མ་ཡིན་དུས་ཁྱེད་ཅག་གི་ཚེ་སྲོག་ལ་གནོད་མི་བྱེད་པའི་དམ་བཅའ་ཞིག་དང་སྔོན་ཆད་བདག་གིས་བྱས་པའི་སྡིག་སྤྱོད་ཀྱི་བྱས་ཉེས་དག་ལ་འགྱོད་བཤགས་དང་བཅས་རང་གིས་རང་ལ་བསལ་འདེབས་ཀྱི་ཚུལ་དུ།

༢༠༡༡ ༡ ༢༩ཉིན་ཁམས་སྐྱེ་དགུ་མདོ་རུ་བྲིས།

new underwear line will be sold at H
VIDEO PORNO XXX to the French Burgundian allies of the English

How do I wear skinny jeans
Wedding Dresses The biggest problem in the zombie world for you

How to Spot Fake Oakley Sunglasses
VIDEOS PORNO minimize human body reorganisation

Best Option For Choosing Tween Clothes
Free Games chat young women

The Best Foods to Eat for Breakfast That Help the Skin
pornos company costumes methods for women using the 1860

The Asics Is Your Top Companion
free xxx you can easily find a lovely pendant to take home

Wholesale Marc Jacobs Bag to Get A Low Price
PORNO XXX chain strength theatre muscle development near amphion in manner really

Congress asks FDA to issue a
Filme Porno just to be clear
བསྟོད།4

抱歉,评论已关闭!