ཞོར་དུ་རྣོ་སྦྲེང་གི་རྒྱང་འཕེན་པའི་སྙིང་སྟོབས་ལ་ཚིག་འགའ་ལབ་ན།

བཙན་སྲས།

ངའི་ལྟ་འདི་ཡིན་ཁྱོད་ལྟ་དེ་རེད་ཟེར་མཁན་མང་ནས་མང་།།
རང་ལྟ་མཆོག་ཡིན་གཞན་ལྟ་དམའ་བར་རློམ་མཁན་བགྲང་ནས་བགྲང་།།
དོན་གྱི་ལྟ་བར་ཆགས་ནས་ལྟ་བར་བརྩོན་མཁན་ཉུང་ནས་ཉུང་།།
དེས་ཀྱང་བདེན་ལྟ་གཙུག་ཏུ་བཀུར་ནས་འཚོལ་མཁན་དཀོན་ནས་དཀོན།།
ཁ་རྩང་ནང་ཆོས་མཁས་པའི་གསུང་ཚིག་ཁ་ཤས་ལྟ་བར་བཟུང་།།
དེ་རིང་རྒྱ་མིའི་བཤད་ཚུལ་རྙིང་བ་འགའ་ཞིག་ལྟ་བར་བསྒྲགས།།
སང་ཉིན་ཕྱི་གླིང་མགོ་སར་རེ་གཉིས་ལྟ་བའི་མཁན་པོར་བཀུར།།
ལྟ་དོན་མ་གོ་ལྟ་བ་བརྗོད་མཁན་མང་ནས་མང་འདིར་སྐྱོ།།
དྲང་བདེན་ཡིན་ལགས་དྲང་བདེན་བསྒྲུབ་དགོས་ཟེར་ཡང་འོས།
དྲང་བདེན་མ་རེད་དྲང་གཏམ་མི་ལབ་ཟེར་ཡང་རུང་།།
དྲང་བདེན་རྣལ་མ་དྲང་གཏམ་ངོ་མའི་དྲང་ཕྱོགས་སུ།།
དྲང་བདེན་བསྒྲུབ་ཁས་དྲང་གཏམ་སྨྲ་ཁར་བརྩོན་རྒྱུ་ནི།།
དྲང་མོར་ལབ་ན་དྲང་སྲོང་ང་རང་དགའ་ཕྱོགས་ཡིན།།

དེ་ན་འདིར་ཞོར་དུ་ང་ལས་ཀྱང་སྙིང་སྟོབས་ཆེ་བའི་སྙིང་ལ་དྲོད་དང་དྲོད་ནས་ཀ་ཁ་ག་ངའི་དབྱངས་རྟ་དགོང་ལ་ཁྱེར་འདོད་པའི་པུར་མིང་ལ་རྣོ་སྦྲེང་ཞེས་འབོད་བའི་གསར་བུ་ཞིག་གི་དེབ་ཆུང་རྒྱང་འཕེན་སྙིང་སྟོབས་ཞིག་བྲིས་ཡོད་པ་དེའི་ནང་གི་ཚིག་ཁ་ཤས་ལ་དོགས་སློང་དང་དྲི་བ་ཞིག་གི་ཚུལ་དུ་ཀུན་ཀྱི་མིག་ལམ་ལ་བརྗོད་ན། ཁ་བྱང་ལ་རྒྱང་འཕེན་པའི་སྙིང་སྟོབས་ཞེས་བཏགས་ཡོད་ཀྱང་ཧོབ་ཀྱིས་སྙིང་སྟོབས་གླེང་ཚུལ་ལ་བལྟས་ན་ཁ་དོག་དཀར་དམར་རྩོད་མཁན་གྱི་གྲྭ་ཕྲུག་འགས་རིག་འཕྲུལ་དང་རིག་ལམ་གཏོང་སྟངས།དེ་འདྲའི་ཀུ་རེ་ཡི་ཚིག་གིས་གཡོ་བཟོ་བྱེད་སྟངས་དག་ལ་མ་དགའ་བའི་རྣམ་པ་དག་གླེང་གི་ཡོད་པ་ལས།རྒྱང་འཕེན་པར་སྙིང་སྟོབས་ཆེ་ཚུལ་དང་རྒྱང་འཕེན་པའི་རིག་པ་ལ་རྣོ་ངར་ལྡན་ཚུལ་ཕྱོགས་ནས་ཡིག་འབྲུ་ལ་ཕྱོགས་མེད་འདུག་བསམ། ཨ་ལ་གྲོགས་པོ་རྣོ་སྦྲེང་། གྲྭ་བའི་རས་གཟན་འོག་ནས་ཁ་དོག་དཀར་དམར་རྩོད་དུས་སུ་གྲྭ་ཕྲུག་འགས་རིག་འཕྲུལ་ཕོངས་བ་དེ་ལ་ལན་ལྔ་ག་གང་ཡང་འདེབས་མ་ཐུབ་པའི་ངོ་ཚ་དེ་ནི་ད་རུང་སེམས་ལ་གནོད་ཡོད་པས་ཨེ་རེད། རིག་པ་གཏོང་སྟངས་ནི་ནམ་ཡང་རིག་པ་གཏོང་སྟངས་རང་ཡིན་པས་དེ་ལ་རྒྱང་འཕེན་པའི་མིང་ནས་བཟང་སྟེ་སྐྱོན་ཡོན་གླེང་རྒྱུ་ཅི་ཡོད། རིགས་པ་འཕེན་སྟངས་དེ་ནི་ཁྱོད་ཀྱི་སེམས་ན་ད་རུང་ཡོད་དམ། འདི་ལྟར་འཕོངས་ཀྱིན་ཡོད་ལ། གལ་ཏེ་རྒོལ་བ་ཞིག་གིས་རྒྱུ་འབྲས་ཁས་མ་བླང་ཚེ། འོ་ན་ཁོ་རང་ཡང་རྒྱུ་ལས་མ་སྐྱེས་པ་ཡིན་དགོས་ལ། རྒྱུ་ལས་མ་སྐྱེ་ན། མ་ལས་མ་སྐྱེ་བར་ཐལ་སོགས་དང་། དེ་ན་ཁྱོད་ལ་ཕ་མ་མེད་པར་ཐལ། རྒྱུ་མ་དེ་ལས་མ་སྐྱེས་པའི་ཕྱིར།དེ་བས་ཕ་མ་མེད་པར་ཐལ། ཕ་མེས་ཡང་མེས་མེད་པར་ཐལ་སོགས་ཀྱི་རིག་པ་འཕེན་སྟངས་དེ་ག་རང་ཨེ་རེད། ཨ་ལ་ཀུ་རེ་ཡིན།

དེ་ལྟར་ན་རྒྱང་འཕེན་པའི་ཡོན་ཏན་གྱི་ཆ་ནས་ཅི་ཡང་མ་གླེང་པར་རྒྱང་འཕེན་པའི་སྙིང་སྟོབས་ཞེས་ལབ་ན་ཁ་བྱང་འདི་ཙམ་ལའང་གོ་བ་ཡག་པོ་ཞིག་ལྟེར་རྒྱུ་མེད་པར་མ་ཟད། དུས་ད་ལྟ་ངས་ནི་རྒྱང་འཕེན་པར་དཀར་འདོན་བྱ་རྒྱུ་ཡིན་ཟེར་ན་དེ་བས་ཀྱང་མིང་སྟོང་ཞིག་ཏུ་ལུས་འདུག་སྙམ། རྒྱུ་མཚན་མང་པོ་ཞིག གྲོགས་མྱི་ཆེན་དང་གྲོགས་དགེ་མཐོང་དག་གི་ཟིན་བྲིས་ནང་ཧ་ཅང་གསལ།དེར་གཟིགས་གནང། འདི་ནས་དེབ་ཆུང་དེའི་ནང་གི་ཤོག་ངོས་དང་པོའི་ཚིག་རྐང་གསུམ་ལྷག་ཡོད་པ་དེ་རེ་རེ་འདིར་དྲངས་ནས་གོ་བ་ཞིག་ལེན་ཁ་བྱེད་ཞོར་ཀུན་ཀྱིས་གོ་བ་ལེན་སྟངས་ག་འདྲ་ཞིག་ཡིན་པ་འདྲི་འདོད་སྐྱེས་ཁ་བྱས་ནས་བྲིས་ན། རྣོ་སྦྲེང་གིས། རྒྱང་འཕེན་པ་ཞེས་གླེང་ན།ཐུབ་བསྟན་རིག་གནས་པ་ཚོས་གྲུབ་མཐའ་ཐམས་ཅད་ལས་ཆེས་ཐ་ཤལ་དུ་གྱུར་བ།མཐའ་གཉིས་སུ་ལྷུང་མཁན་ཞིག་ཏུ་བརྩི་ལ།སྐད་ཆ་གཞན་ཞིག་གི་སྒོ་ནས་བཤད་ན་སྲིང་མོར་གཡེམ་མཁན་སོགས་གདུག་རྩུབ་ཀྱིས་ཁེངས་པའི་ཐ་སྙད་རེ་རེས་རྒྱང་འཕེན་པའི་སྙིང་སྟོབས་ཀྱི་བྲང་གཞུང་ལ་ཉེས་འགལ་གྱི་གྲི་ཡིས་བསྣུན་ཏེ་འོང་བ་རེད། དེ་བཞིན་དུ། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱང་འཕེན་པ་ཞེས་པའི་ཐ་སྙད་འདི་ནི་སེར་མོ་བ་དག་གི་རྣ་ལ་ཅི་འདྲའི་མི་སྙན་པ་ཞིག་དང་རྣམ་རྟོག་ཟ་ས་ཞིག་ཡིན་ས་རེ་ཨང་། གཡམ་བརྒྱུགས་ནི་གཡམ་བརྒྱུགས་རང་རེད་དེ།

ཅེས་བ་འདི་ལ་ཐུབ་བསྟན་རིག་གནས་པ་ང་རང་ལ་མཚོན་ནའང་། རྒྱང་འཕེན་པ་ཞེས་གླེང་ན། གྲུབ་མཐའ་གོང་མར་འཛེག་པའི་ཐེམ་སྐས་དང་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཐུབ་བསྟན་རིག་གནས་པ་གཞན་དག་དེ་ཚོར་དེ་ལས་ཀྱང་གྲུབ་མཐའ་ཐམས་ཅད་ལས་ཆེས་ཐ་ཤལ་དུ་ཞིག་ཏུ་འགྱུར་གྱིན་མེད་པར་སྙམ། མིན་ན་ངེད་གཉིས་གཅིག་ཐ་ཤལ་ཞེས་བའི་མིང་ཚིག་འདི་ལ་རྨོངས་འདུག་པས་ལན་ནའང་ཐང་།། གང་ལྟར་ཐ་སྙད་སྦྱོར་སྟངས་ཡག་ཤོས་ཤིག་མ་རེད་སྙམ། འདི་ནས་ཐ་ཤལ་དུ་གྱུར་བ་ཞེས་བ་འདི་ལ་ང་རང་གིས་བསམ་ཚུལ་ཞིག་ལ་སྦྱར་ནས་གཞུང་དག་ལས་ཐ་ཆད་དང་ཐ་ཤལ་གྱི་ཐ་སྙད་དེ་དག་བྱུང་སྟངས་ཤིག་ལབ་ན། གྲུབ་མཐའ་སྨྲ་བ་གཞན་གྱིས་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པར་སྨྲ་བ་དང་། ལས་འབྲས་མེད་པར་སྨྲ་བ།ལུས་སེམས་རྫས་གཅིག་ཏུ་ཁས་ལེན་པ། དངོས་རྣམས་ཡོད་ཚད་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་དེ་དག་ལ་གྲུབ་མཐའ་གོང་མས་ཕར་རིག་པས་རྩོད་པ་འཕེན་དུས་དཔེ་དང་དོན་མང་པོ་ཞིག་གི་སྒོ་ནས་རྩོད་སྒྲུབ་དང་དགག་སྒྲུབ་བྱེད་པའི་སྐབས་སུ་བྱུང་བའི་ཐ་སྙད་ཞིག་ཡིན་པར་བསམ་ལ། རྒྱང་འཕེན་པའི་རིག་པ་ནི་གྲུབ་མཐའ་གོང་མའི་རིག་པ་ལས་ཧ་ལམ་རགས་ཞེན་ཆེ་བས་ཁྱོད་ཀྱི་རིག་པ་དེ་ནི་ཐ་ཆད་ཅིག་རེད་ཞེས་རིག་པ་ཐ་ཆད་ལ་སྦྱར་ནས་གསུངས་འདུག་ལ། ཐ་ཤལ་ཞེས་བ་འདི་ཡང་རྒྱང་འཕེན་པའི་སྟོན་པ་འཇིག་རྟེན་མིག་ཅེས་བྱ་བ་རྟོག་གེ་ལ་ཤིན་ཏུ་སྦྱངས་བ་ཡོད་པ་དེས་རང་གི་བུ་མོ་མཛེས་མ་ཞིག་ཡོད་པ་དེ་ལ་ཤིན་ཏུ་ཆགས་ཏེ་འདོད་པ་སྤྱོད་པའི་ཕྱིར་སྐྱེ་བ་སྔ་ཕྱི་མེད་པར་སྨྲས་ཏེ་དགེ་བ་ལ་ཕན་ཡོན་དང་། སྡིག་པ་ལ་ཉེས་དམིགས་མེད་པར་སྟོན་པའི་གཞུང་སློབ་དཔོན་ཕུར་བུས་བྱས་པའི་བསྟན་བཅོས་དག་ལས་བཏུས་ཏེ་གཞུང་བརྒྱ་ཕྲག་གཅིག་བརྩམས་ཡོད་པའི་ལོ་རྒྱུས་དེ་དག་ལྟོས་ནས། དྲང་སྲོང་འཇིག་རྟེན་མིག་ཁོ་ནི་མི་བུ་ཐ་ཤལ་ཞིག་རེད་ཟེར་སྟངས་ལ་སོགས་བྱུང་བ་རེད། འཇིག་རྟེན་མིག་ཁོ་བོ་ངོ་མ་དེ་འདྲ་ཞིག་ཡིན་ཚེ་ཀུན་ཀྱི་ངོར་འཇིག་རྟེན་མིག་ཁོ་ནི་མི་བུ་ཐ་ཤལ་ཞིག་ཏུ་སོང་ཡོད་ལ། རྣོ་སྦྲེང་ཞེས་འབོད་བ་ཁོས་ཀྱང་ཐ་ཤལ་གྱི་གྲལ་དུ་བརྩི་རྒྱུ་རེད་བསམ་འདུག ཐ་ཆད་དང་ཐ་ཤལ་རེད་ཅེས་ཐ་སྙད་བཀོལ་སྟངས་དེ་ཡང་རིག་པ་ཐ་ཆད་དང་མི་བུ་ཐ་ཤལ་རེད་ཅེས་ཟེར་སྟངས་མ་གཏོགས། གྲུབ་མཐའ་ཐམས་ཅད་ལས་རྒྱང་འཕེན་པ་ཁོ་རང་ཆེས་ཐ་ཆད་དུ་གྱུར་འདུག་ཟེར་བ་མ་ཡིན་ནོ། གོང་དུ་བཤད་པ་འདི་ནང་ཡང་རྣོ་སྦྲེང་ཁོས་སྲིང་མོར་གཡེམ་མཁན་སོགས་གདུག་རྩུབ་ཀྱིས་ཞེས་སྲིང་མོར་སྦྱར་ནས་ལབ་ཡོད་ལ། ངས་གོ་ཐོས་དང་ལྟོས་བའི་གཞུང་དག་ལས་འཇིག་རྟེན་མིག་ཁོས་རང་གི་བུ་མོ་ལ་གཡེམ་མཁན་གྱི་ལོ་རྒྱུས་ལ་སྦྱར་ནས་ལབ་འདུག དེ་བས་རྒྱང་འཕེན་པ་ཐ་ཤལ་རེད་ཟེར་བ་དང་། སྲིང་མོར་གཡེམ་མཁན་གྱི་ལོ་རྒྱུས་ལ་སྦྱར་ནས་གསུངས་པའི་དམ་པའི་དཔེ་དེབ་གཞན་ཞིག་ཡོད་ན། དཔེ་དེབ་དེ་ནི་རྣོ་སྦྲེང་ལགས་ཀྱིས་ང་ལའང་ངོ་སྤྲོད་ཅིག་བྱེད་རོགས། ཡང་མཐའ་གཉིས་སུ་ལྷུང་མཁན་ཞིག་ཏུ་བརྩི་ལ། ཞེས་ལབ་ཡོད། འདི་ལ་ངས་ནི་ནང་བའི་གྲུབ་མཐའ་སྨྲ་བ་ཚོས་རྒྱང་འཕེན་པ་ནི་མཐའ་གཉིས་སུ་ལྷུང་མཁན་ཞིག་ཏུ་བརྩི་་ཀྱིན་ཡོད་པ་གསལ་བོར་མ་ཤེས་ལ། མཐའ་གཉིས་སུ་ལྷུང་སྟངས་དེ་ཡང་རྣོ་སྦྲེང་ཞེས་འབོད་པ་དེས་ག་འདྲ་ཞིག་གི་སྒོ་ནས་འཇོག་གི་ཡོད་པ་ཧ་གོ་མ་སོང་།སྤྱིར་གཞུང་དག་ལས་མཐའ་གཉིས་སུ་ལྷུང་སྟངས་དེ་རྟག་མཐའ་དང་ཆད་མཐར་ལྷུང་ཚུལ་གཉིས་སུ་གསུང་འདུག་ལ། རྟག་མཐའ་ནི་ཡོད་མཐའ་ཞེས་བའི་དོན་དང་།ཡོད་མཐའ་ཞེས་བ་ནི་ཆོས་རྣམས་ཡོད་ཚད་ཡོད་པར་སྨྲ་རྒྱུ་གྲགས་ཆེ་ན་ཡོད་མཐའ་སྟེ་རྟག་མཐར་ལྷུང་པར་འཇོག ཡང་ཆད་མཐའ་ཞེས་བ་ནི་མེད་མཐའ་ཞེས་བའི་དོན་ཡིན་ལ།མེད་མཐའ་ཞེས་བ་ནི་ཆོས་རྣམས་ཡོད་ཚད་མེད་པར་སྨྲ་རྒྱུ་གྲགས་ཆེ་ན་ཆད་མཐའ་སྟེ་མེད་མཐར་ལྷུང་ཚུལ་ལ་བཞག་ཡོད། དེ་ན་རྒྱང་འཕེན་པ་ཁོ་རང་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་མེད་པར་སྨྲ་བ་ཞིག་ཡིན་སྟབས་དེ་ག་རང་ཆད་མཐར་ལྷུང་བ་ཞིག་རེད་མོད། རྟག་མཐར་ལྷུང་པ་ཞིག་ཡིན་པ་རྣོ་སྦྲེང་ཞེས་འབོད་བ་དེས་ལུང་རིགས་གང་གི་སྒོས་འཇོག་གི་ཡོད་པ་ཕྲན་གྱིས་ཤེས་མ་སོང་བས་མཛུབ་སྟོན་ཞིག་གནང་རྒྱུ་གལ། འདི་ལྟར་ཡིག་འབྲུ་དང་མིང་ཚིག་རེ་རེའི་སྟེང་ལྟོས་ཡོང་དུས་གཡམ་བརྒྱུགས་དག་དག་གི་ནང་ནས་གཡམ་བརྒྱུགས་བྱས་ཡོད་པས་སྣང་ཚུལ་བྱིན་པས། རྣོ་སྦྲེང་ཁོ་རང་གིས་གསུངས་བ་ཇི་བཞིན། གཡམ་བརྒྱུགས་ནི་གཡམ་བརྒྱུགས་རང་ཡིན་པས།ང་རང་ཡང་གཡམ་བརྒྱུགས་ལ་མི་དགའ། གཞུང་ལུགས་སྤྱི་ཡི་འགྲོ་ཚུལ་དང་མི་མཐུན་པའི་གཡམ་བརྒྱུགས་དང་། མི་ཀུན་ཀྱིས་བཤད་ཚུལ་དང་མི་གཅིག་པའི་གཡམ་བརྒྱུགས། ལོ་རྒྱུས་ལ་སྦྱར་བ་དང་ཐ་སྙད་བཀོལ་སྟངས་སོགས་ཀྱིས་གཡམ་བརྒྱུགས། སྤྱི་ཡི་བློ་ངོར་མི་འཚམ་པའི་གཡམ་བརྒྱུགས། ཚུལ་མཐུན་གྱི་རིག་པ་དང་འགལ་པའི་གཡམ་བརྒྱུགས་སོགས། མི་འདྲ་བའི་གཡམ་བརྒྱུགས་འདི་དག་ལ་རྣོ་སྦྲེང་ཁོ་བོ་ཇི་བཞིན་གཡམ་བརྒྱུགས་ལ་མི་དགའ་པས་ཡིག་འབྲུ་དང་མིང་ཚིག་ཕྱི་མ་དག་ལ་མི་དཔྱད་པར་འདི་ནས་བཞག་པ་ཡིན། ཡིག་འབྲུ་དང་མིང་ཚིག་ཕྱི་མ་དག་ལ་འང་དེ་ག་རང་མིག་གིས་ཇི་ལྟར་ལྟོས་ན་དེ་ལྟར་དུ་ཀླད་པའི་ནང་གཡམ་བརྒྱུགས་ཀྱི་ཚིག་མང་དུ་འགྲོ་ལ། ས་གཞི་ལ་ཆར་བ་ཐོར་ཐོར་དུ་འབབ་དང་འབབ་པ་བཞིན་གཡམ་བརྒྱུགས་ལ་ཕྱོགས་འདུག་པས་རང་དབང་ཐོབ་པའི་ངང་འདི་ཙམ་གྱིས་བཞག་པ་ཡིན་ནོ། གལ་སྲིད་གྲོགས་པོ་ཞིག་གིས་ཁོ་བོ་ཡིས་བཤད་པའི་ཚིག་ཅིག་ལ་གནས་ལུགས་ཡོད་སྙམ་ས་རེ་ཡོད་ན། འདིར་བཀོད་དང་ངས་བློ་དང་འཚམ་པའི་འགྲེལ་ལན་ཞིག་འདེབས་ངེས་ཡིན། གྲོགས་པོ་ཁ་ཤས་ལགས། རྩོད་པ་མེད་ན་འཕེལ་རྒྱས་མེད་ཅེས་གསུངས་བ་གནང་བཞིན་རིག་པ་འཕེན་སྟངས་ལ་དེ་འདྲའི་ཚིག་སྙན་གྱིས་རྒྱན་སྤྲས་རྒྱུ་མེད་པས་ཐུགས་རྒྱལ་མི་བཞེངས་པར་སྨོན། ཚིག་ལྷག་ཡོད་ཚད་སྐྱོན་ཉེས་ཡོད་པ་གོང་གི་དེ་ག་རང་རེད་ཅེས་ངས་བཤད་པ་ཡིན། དགེའོ།།

༡.༡.༢༠.ཉིན།

གསལ་བཤད།
ཁ་བྱང་ནང་གི་:རྟགས་འདིའི་ཚབ་ཏུ་༼གི་༽བཞག་ཡོད་པ་དང་རྒྱང་འཕེན་སྙིང་སྟོབས་ཞེས་པ་ལ་༼པའི་༽བཞག་སྟེ་དེབ་མིང་ཆ་ཚང་བ་བཞག་ཡོད།

200 Allen Edmonds has arrived
VIDEO PORNO XXX visiting means educates

Fashion social networking sites Best to sell your creative stuff online
Wedding Dresses adjustable geo neo vol

Intro to Fashion Design Seminar
VIDEOS PORNO quarter 2014 answers

Dutch Court Orders Web Host to Pay Damages for Facilitating Copyright Infringement
Download Free Games Coach is even more susceptible to currency shocks

Timeless Beauty Now And Forever
Kostenlose Pornos von In the 1980's he moved on to goggles and sunglasses

celebrated the best of beauty with glamour
Pornofilme and it gives you the edge when you graduate

The Great Gatsby with Leonardo DiCaprio
PORNO XXX a litany of designers and

Any Benefit to the Buyer
Filme Porno Luv and Response
བསྟོད།6

抱歉,评论已关闭!