རྒྱང་འཕེན་པའི་ལྟ་བ་དང་་དེ་ལ་ནང་ཆོས་མཁས་བས་དགག་ཚུལ།

བཙན་སྲས།

རྒྱང་འཕེན་པའི་ལྟ་བ་དང་་དེ་ལ་ནང་ཆོས་མཁས་བས་དགག་ཚུལ།
ང་ནི་གནའ་རབས་གཞུང་ལ་ལེགས་པར་སྦྱངས་མཁན་བཙན་སྲས་དངོས་ཤིག་མིན།།
དེང་རབས་ཕྱི་ནང་ཤེས་བྱ་སྣ་དགུ་ཀློག་མཁན་སློབ་མཁན་དེ་བས་མིན།།
གནའ་དེང་རིགས་ལམ་ཟབ་མོའི་ལམ་བཟང་མཐོ་རུ་རྩོད་མཁན་སྙེག་མཁན་ཚོར།།
རིག་མེད་བླུན་རྨོངས་བཙན་སྲས་ང་རང་དགའ་བའི་དགའ་ཚལ་མཐོ་སར་གུས།།
ན་ནིང་བྱིས་པའི་རྩེད་རའི་གྲོང་ན་བྱིས་ཟས་འོ་ཆུ་ལྡག་རྒྱུར་དགའ།།
ད་ལོ་གྲོགས་བཟང་འདུས་བའི་སྡེ་ན་རྩོད་རིགས་དགའ་སྟོན་རོལ་རྒྱུར་དགའ།།
སང་ལོ་ལྟ་སྨྲས་མཁས་པའི་ཚོགས་ན་ལྟ་གྲུབ་གླེང་རྒྱུར་དགའ་མཁན་ཞིག།
ན་ནིང་ད་ལོ་ཆོས་ཀློག་བྱས་པས་བྱ་དགའི་ཚབ་དུ་རེ་འདི་སྩོལད།།

གསལ་བཤད།འདི་ནི་རྒྱང་འཕེན་པ་ངོ་སྤྲོད་ཁག་རྗེས་མ་ཞིག་གི་ཚུལ་དུ་བྲིས་བ་ཡིན་ལ།ཡང་རྩོམ་འདི་ནི་ཁ་སང་སྤེལ་ཟིན་པ་དང་ཡིག་ནོར་ཁ་ཤས་རེ་ཡོད་པས་བསྐྱར་སྤེལ་བྱས་བ་ཡིན་སྟབས། ཀུན་དགོངས་དག་ཞུ། རྒྱང་འཕེན་པའི་ལྟ་བའི་ཆ་དག་མཁས་པ་ཚོས་ཇི་ལྟར་བཞེད་པ།འདི་ནས་རྒྱང་འཕེན་པའི་ལྟ་བའི་ཆ་དག་མཁས་བ་རྣམས་ཀྱིས་ཇི་ལྟར་བཞེད་ཡོད་ཅེས་བརྗོད་ན།མཁས་པ་ཁ་ཤས་ཀྱིས།ཕྱི་ནང་སྐྱེ་མཆེད་ཆོས་རྣམས་ཐམས་ཅད་ནི།།ངོ་བོ་ཉིད་ལས་གྲུབ་པ་གཞན་ལས་མིན།།སྲན་ཟླུམ་སྐྱེར་ཚེར་གཟངས་རིང་རྣོ་བ་དང་། །རྨ་བྱའི་མཇུག་མ་མགྲིན་པའི་ཚོགས་བཀྲ་དང་།།ཉི་ཤར་ཆུ་རྣམས་ཐུར་དུ་འབབ་པ་རྣམས།།ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ཡོད་མིན། ཞེས་དང་།

ཡང་མཁས་པ་ཁ་ཅིག་གིས།མ་ཤི་བར་དུ་བདེ་བར་འཚོ།།ཤི་ནས་དེ་ཡི་སྤྱོད་ཡུལ་མེད།།ལུས་ཀྱང་ཐལ་བ་བཞིན་སོང་ནས།།སླར་འཚོ་བར་ལྟ་ག་ལ་འགྱུར།།དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན།།ཚེ་འདི་ཉིད་ལ་བདེ་བའི་ཕྱིར།།ལྷ་མཆོད་འདྲེ་སྲིན་མནན་བྱས་ན།།བཙན་ཕྱུག་མཐུ་སྟོབས་འགྲུབ་པར་འགྱུར།།ཞེས་དང་།

སྟོན་པ་འཇིག་རྟེན་མིག་གིས།ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཞེས་སོགས་གསུངས་འདུག

གོང་གི་མཁས་པ་ཚོའི་གསུངས།མཁས་རྣམས་ཀུན་ལ་གྲགས་པའི་ཚིག་བཅད་འདི་དག་གི་དོན་ནི་སྐྱེ་བ་སྔ་ཕྱི་མེད་ཚུལ་དང་ལུས་སེམས་རྫས་གཅིག་ཏུ་འདོད་ཚུལ་སོགས་གསུངས་ཡོད་ལ།དོན་རགས་ཙམ་ཞིག་གོང་དུ་རྒྱང་འཕེན་པའི་གྲངས་འདྲེན་གྱི་དང་སྐུར་བ་འདེབས་ཚུལ་སོགས་ཀྱི་སྐབས་ནས་ཅུང་ཙམ་ལབ་ཟིན་ཡོད་པ་དེ་ག་རང་རེད།

ཡང་སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་།

བློ་ནི་ལུས་ལ་བརྟེན་པའི་ཕྱིར།།གོམས་པས་གྲུབ་པ་མེད་ཅེས་ན།།

ཞེས་བློ་འཇིག་པ་དེ་ནི་ལུས་ཞིག་པ་ལ་བརྟེན་པས། ལུས་ཞིག་པ་ན། བློ་དེ་ཡང་འཇིག་པའི་ཕྱིར།

དཔེར་ན། སྒྲོན་མེ་ལ་འོད་ལྟར། ལུས་ཀྱི་འབྲས་བུའམ། ཆང་དང་མྱོས་པའི་ནུས་བ་ལྟར། ལུས་ཀྱི་ཡོན་ཏན་ནམ།

རྩིག་པ་དང་དེ་ལ་བརྟེན་པའི་རི་མོ་ལྟར།དེ་དག་ནི་རང་བཞིན་གྱི་ཚུལ་གྱིས་བརྟེན་ནོ་ཞེས།སྐྱེ་བ་སྔ་ཕྱི་དུ་མ་མེད་པའི་ཕྱིར། སྙིང་རྗེ་སྐྱེ་བ་དུ་མར་གོམས་པས་གྲུབ་པ་མེད་ཅེས་རྒྱང་འཕེན་པས་དེ་ལྟར་་བརྗོད་ཀྱིན་ཡོད་ཙ་ན། ཞེས་གོང་གི་རྐང་བ་གཉིས་པོ་འདིས། སྐྱེ་བ་སྔ་ཕྱི་མེད་པ་དང་། སྙིང་རྗེ་སྐྱེ་བ་དུ་མར་གོམས་འགྲོས་སུ་འགྲོ་རྒྱུ་མེད་པ། བློ་ནི་ལུས་ལ་ལྟོས་དགོས་པའམ་བརྟེན་དགོས་བ།བློ་འཇིག་པ་ན་ལུས་ཀྱང་འཇིག་དགོས་པ།ལུས་སེམས་རྫས་གཅིག་ཏུ་འདོད་པ་དག་དཔེ་དོན་ལ་སྦྱར་ནས་རྒྱང་འཕེན་པའི་འདོད་པ་བརྗོད་ཀྱིན་ཡོད་འདུག།

རྒྱང་འཕེན་པའི་ལྟ་བའམ་སྐུར་འདེབས་ཀྱི་ཆ་དེ་དག་ལ་སྔོན་བྱོན་མཁས་པ་ཚོས་ཇི་ལྟར་དགག་ཚུལ།

རྒྱང་འཕེན་པའི་ལྟ་བའམ་སྐུར་འདེབས་ཀྱི་ཆ་དག་ལ་སྔོན་བྱོན་མཁས་པ་ཚོས་ཇི་ལྟར་དགག་ཅེས་ན།

སློབ་དཔོན་ཆོས་ཀྱི་གྲགས་པས། མ་ཡིན་རྟེན་ནི་བཀག་ཕྱིར་རོ།།

ཞེས་གོང་དུ་སྨྲས་མ་ཐག་པ།རྒྱང་འཕེན་པ་ཁྱོད་ཀྱིས་བརྗོད་པ་ལྟར་སེམས་ནི་ལུས་ཀྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཁྱད་པར་ཅན་གྱི་རྟེན་ནི་མ་ཡིན་ཏེ། དེ་ལྟར་ན། དེ་འདྲའི་རྟེན་ཡིན་པ་དེ་ནི་ཚད་མས་བཀག་ཅིང་འགོག་པར་ཡང་འགྱུར་པའི་ཕྱིར་རོ། ཞེས་་དང་། ཡང་།ཁྱོད་ཀྱིས་བཤད་པ་ལྟར། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་སྙིང་རྗེ་སྐྱེ་བ་དུ་མ་གོམས་སུ་མི་རུང་བ་དེ་ལྟ་ཞིག་མ་ཡིན་ཏེ། དེ་མེད་པའི་རྟེན་ནི་ཚད་མས་བཀག་ཅིང་འགོག་པར་འགྱུར་པའི་ཕྱིར་རོ། ཞེས་བཀག་པ་ཡིན་ནོ།

འདི་ལ་ཅུང་ཙམ་རྒྱས་པའི་སྒོ་ནས་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ་དང་། ལུས་བློ་ཡི་རྟེན་ཁྱད་པར་ཅན་དང་། བློ་ལུས་ཀྱི་ཉེར་ལེན་ཡིན་པར་དགག་པ། སྤྱིར་རྒྱུ་མེད་པར་དགག་པ། ཀུན་མཁྱེན་ཡོད་པར་བསྒྲུབ་པ་སོགས།རིགས་པ་དང་ལུང་དག་གཞུང་ནས་ཇི་ལྟར་གསུངས་བ་དེ་བཞིན་དགོད་དེ་བརྗོད་ན།

དེ་ཡང་དང་པོ་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ་དེ་ལ། སློབ་དཔོན་ཆོས་ཀྱི་གྲགས་པས་ཐོག་མར་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་བཀོད་དེ། དེ་ནས་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དག་དགག་པ་ཡིན་ལ།

དང་པོ་ནི་སློབ་དཔོན་གྱིས།སྐྱེ་བ་ཡོངས་སུ་ལེན་པ་ན།འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།། ཧ་ཅང་ཐལ་ཕྱིར། ཞེས་ཐ་མལ་བ་དག་སྐྱེས་མ་ཐག་གི་དབུགས་འབྱུང་རྔུབ་དང་། དབང་པོ་དྭངས་བ།བློ་ཁྱད་པར་གཡེར་བག་ལ་སོགས་པ་དག་ནི། སྐྱེ་བ་ཡོངས་སུ་ལེན་པ་དེའི་ཚེ་ན། རང་གི་རིགས་འདྲ་སྔ་མ་ལ་ལྟོས་བ་མེད་པ་ཅན་མ་ཡིན་ཏེ། དབུགས་འབྱུང་རྔུབ་ལ་སོགས་པ་ཅན་ཡིན་པའི་ཕྱིར།བློ་གཡེར་བག་སོགས་རང་རྒྱུ་གོམས་པ་ལས་སྐྱེས་པར་རྗེས་སུ་འགྲོ་ལྡོག་ངེས་པས་འགྲུབ་ལ། དེ་ལྟར་མིན་ན། ཧ་ཅང་ཐལ་ནས་རྒྱུ་འབྲས་ཡོད་ཚད་མེད་པར་ལབ་ནས། དེ་དག་ངེས་བྱེད་ཀྱི་ཚད་མ་ཡང་མེད་པར་འགྱུར་རོ། ཞེས་དང་། ཡང་གོང་གི་དེ་དག་ནི། བློ་ཡིད་སེམས་དག་ནི་འབྱུང་བའི་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། བློ་ལ་སོགས་པའི་རིགས་འདྲ་སྔ་མ་ལས་སྐྱེས་པའི་ཕྱིར།དེ་ལྟ་མིན་ན་ཡང་ཧ་ཅང་ཐལ་ནས་འབྱུང་བ་ཀུན་སྲོག་ཆགས་སུ་ཐལ།བློ་འབྱུང་བ་འབའ་ཞིག་ལས་སྐྱེ་བའི་ཕྱིར་རོ་ཞེས་རྟགས་དེ་བཞིན་དགོད་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དུ་བཀོད་ཡོད་འདུག

འདི་ནས་ང་རང་གི་ཁྱར་ཁྱོར་གྱི་བསམ་ཚུལ་ཞིག་དང་སྦྱར་ནས་འདོད་པ་རགས་ཙམ་ལབ་ན། མངལ་དུ་སྐྱེས་མ་ཐག་པའི་བྱིས་པ་ཆུང་ངུ་དེའི་རྒྱུད་ཀྱི་རྣམ་ཤེས་དེ་ནི། རང་གི་ཉེར་ལེན་རྣམ་ཤེས་སྔ་མ་ཞིག་ལ་བརྟེན་ལས་བྱུང་བ་ཡིན་ཏེ། དེ་འདྲ་བའི་རྣམ་ཤེས་དེ་ནི་རིག་པ་ཞིག་ཡིན་པའི་ཕྱིར་རོ། དཔེར་ན། ད་ལྟའི་རིག་པ་སྐད་ཅིག་དང་པོ་དང་གཉིས་བ། ཁ་སང་གི་རིག་པ་དང་དེ་རིང་གི་རིག་པ་བཞིན།

སྐད་ཅིག་སྐད་ཅིག་བར་གྱི་རིག་པ་སོགས་ལ་འབྲེལ་བ་ཆགས་ཡོད་པ་དེ་ག་རང་ཡིན་པ་བཞིན་ནོ།

འདིར་ཡང་ཁ་སྐད་གོ་བདེ་བའི་ངང་ལབ་ན།སྐད་ཅིག་གཉིས་པའི་རིག་པ་དེ་སྐད་ཅིག་དང་པོའི་རིག་པ་ལས་མ་སྐྱེས་ན་སྐད་ཅིག་དང་པོའི་རིག་པས་རྟོགས་བྱ་དེ་སྐད་ཅིག་གཉིས་པའི་རིག་པ་ལ་འབྲེལ་མེད་པར་འགྲོ་ལ། དེ་ལྟ་ན། སྐད་ཅིག་དང་པོའི་རིག་པས་རྟོགས་བྱ་དེ་སྐད་ཅིག་གཉིས་པའི་རིག་པས་རྟོགས་ཚུལ་མེད་པ་སོགས།

ཡང་ཉིན་གཅིག་ལ་རྒྱུ་མེད་རྐྱེན་མེད་ལས་བྱུང་བའི་རིག་པ་སྟོང་ཕྲག་འབྱུང་བ་དེ་བཞིན་ཉིན་གཅིག་ལ་སོ་སོ་དང་འབྲེལ་བ་མེད་པའི་རིག་པ་སྟོང་ཕྲག

ཡང་ཁ་སང་མི་ཞིག་གི་ཤེས་པས་བྱ་བ་དག་ནི་རྒྱུན་གཅིག་པའི་དེ་རིང་གི་མི་དེའི་ཤེས་བ་ལ་འབྲེལ་མེད་དུ་འགྲོ་ལ། དེ་ལྟ་ན། ཁ་སང་གི་ཕ་མ་དང་། ཁ་སང་ཟ་མ་ཟོས་བ་སོགས་བྱ་བ་དང་དངོས་པོ་ཡོད་རྒུ་ལའང་འབྲེལ་བ་མེད་པས་དེ་དག་ནི་མི་ཤེས་ཟེར་དགོས་བ་སོགས་བྱུང་དགོས།

དེ་ནི་རིག་པ་སོ་སོ་ཕན་ཚུན་ལ་འབྲེལ་མེད་ཡིན་སྟབས་རེད།དེ་བས་ན་ད་གཟོད་ནི་ཁྱོད་ཀྱིས་ཕ་མེས་ཡང་མེས་ཡོད་པར་མི་ཤེས་པར་ཐལ་བ་དང་།ཕ་མ་ངོ་མི་ཤེས་པར་ཐལ་བ་སོགས་འཇིག་རྟེན་ཐ་སྙད་ལ་འགལ་བའི་རིགས་པ་མང་པོ་ཞིག་ཀྱང་དེ་ནས་བྱུང་བ་རེད། སྤྱིར་ཡིན་ན་དེང་སྐབས་ཕྱི་ནང་མཁས་པ་དང་། ནང་ཆོས་མཁས་བ། ཚན་རིག་མཁས་པ་མང་པོ་ཞིག་གིས་རྩོད་པ་བྱེད་ས་འང་ཐག་གཅོད་དཀའ་བའི་གནས་ནི་སྔོན་མཁས་བ་རྣམས་ཀྱིས་གསལ་ཆ་བྱས་ཡོད་པའི་རིགས་པ་འདི་དག་ནི་མ་རེད་སྙམ་ལ། དེ་དག་གིས་ནི་ཕུང་བོར་ནང་རྣམ་ཤེས་ག་འདྲ་ཞིག་གི་སྟེང་ནས་ཞུགས་ཚུལ་སོགས་ལ་དཔྱོད་ཀྱིན་དང་།

མཚམས་གང་ཞིག་ནས་ད་གཟོད་རྣམ་ཤེས་དེ་ནི་ཉེར་ལེན་གྱི་ཕུང་པོའི་ནང་ཞུགས་པ་ལ་སོགས་པ་དག་ལབ་ཀྱིན་ཡོད།

འདི་ནས་ངས་གོང་གི་ཚིག་འདི་དང་འབྲེལ་བ་ཡོད་པའི་སྐད་ཆ་ལྷག་མ་ཐུང་ཐུང་ཞིག་ལབ་ན།

ཕོ་མོ་ཡི་ཁུ་བ་དང་ཁམས་དག་ལས་མི་བུ་ཇི་ལྟར་བྱུང་ཚུལ་དང་དེ་དག་ག་འདྲ་ཞིག་ཏུ་ངེས་འཛིན་རྒྱུ་ཡོད་པ་སོགས་ཀྱི་ཆ་ནས་ལབ་ཁ་ཞིག་བྱས་ན།

ཕོ་ཡི་ཁུ་བ་དེ་ནི་བགྲང་གིས་མི་ལང་པའི་སྲིན་བུ་ཆེས་ཕྲ་མོ་མང་པོ་འཚོགས་པའི་ཚོགས་པ་ཞིག་རེད་ལ་སྲིན་བུ་ཕྲ་མོ་དེ་དག་རེ་རེའི་དབྱིབས་ནི་འབུ་མགོ་ཆེ་ཞིང་རྔ་མ་ཕྲ་བུའི་དབྱིབས་ཅན་ཞིག མོ་ཡི་ཁམས་དེ་ནི་ཡང་བགྲང་གིས་མི་ལང་པའི་སྲིན་བུ་ཕྲ་མོ་མང་པོ་འཚོགས་པའི་ཚོགས་པ་ཞིག་ཡིན་པར་འཇོག་ལ། དེ་དག་གི་དབྱིབས་ནི་སྒོ་ངའི་དབྱིབས་ཅན་ལྟ་བུ་ཞིག་ཏུ་བཞག་ཡོད། དེ་བས་གང་ཟག་ཕན་ཚུན་འདོད་པའི་སྐྱོད་པ་ལ་གནས་བའི་ཚེ་ན། ཕོ་ཡི་སྲིན་བུ་ཕྲ་མོ་དེ་དག་ནི་གཅིག་ལ་གང་མགྱོགས་ཀྱིས་མོ་ཡི་སྲིན་བུ་དེ་དག་གི་ཉེ་སར་རྒྱུ་བ་ན།

དེའི་ནང་གི་གང་ཞིག་སྔོན་དུ་ཐོན་པ་ན་དེ་ནི་མོ་ཡི་སྲིན་བུ་ཞིག་གི་ནང་དུ་ཞུགས་པ་དེ་ནི། ཆེས་ཐོག་མར་ཕོ་ཡི་སྲིན་བུ་གང་ཞིག་མོ་ཡི་སྲིན་བུ་ཞིག་གི་ཁོག་ལ་འཛུལ་ཚར་དུས་ད་གཟོད་བྱིས་པ་གྲུབ་པའི་མགོ་རྩམ་སྟེ་རིམ་གྱིས་ཡན་ལག་ཉིང་ལག་སོགས་ཆགས་པར་གྲུབ་པ་རེད་ཅེས་ལབ་ཚུལ་ཞིག དེ་ན་ཁ་ཤས་ཀྱིས་ཕོའི་སྲིན་བུ་ཕྲ་མོ་དེ་ནི་ཅིའི་ཕྱིར་མོ་ཡི་སྲིན་བུ་ཕྲ་མོར་ཉེ་སར་རྒྱུ་བ་ཡིན་ཞེས་དྲིས་ཚེ། དེ་ནི་མོ་སྲིན་ཕྲ་མོས་དྲི་མ་ཞིག་གིས་དྲངས་བ་རེད་འདུག་ཅེས་ཕྱིར་ལན་བྱིན། རེད་དེ། འདི་ནི་ཚན་རིག་པས་བཤད་ཚུལ་ཞིག་རེད།

གང་ལྟར་འདིའི་ཕྱོགས་ནས་ནང་བསྟན་ཆོས་པ་ཚོས་ཀྱང་ཚན་རིག་པས་བཤད་ཚུལ་དེ་ལྟ་ནི་མ་རེད་ཅེས་ལབ་ཀྱིན་མེད་ལ། ནང་བསྟན་གཞུང་ལུགས་དག་ལས་འདི་དག་གི་སྐོར་ཚན་རིག་པས་བཤད་པ་ལྟ་བུ་ཞིབ་ཚགས་ཤིག་ལབ་མེད་ཚོད་ཡིན་པས། དེ་ལྟ་བུའི་གོ་རིམ་ལ་གཅིག་མཚུངས་སུ་གནས་ཡོད་པར་བསམ། དེ་ན་ཡང་བཤད་ཚུལ་གཞན་ཞིག་ལ། སྲིན་བུ་ཕྲ་མོ་གཉིས་སྦྱོར་ཁོ་རང་དག་གི་རྣམ་ཤེས་ནི་ཡང་ཇི་ལྟར་ཞུགས་པ་དང་། ས་མཚམས་གང་ཞིག་ནས་ ཕོ་ཡི་སྲིན་བུ་ཕྲ་མོ་དེ་འཛུལ་སའི་སྲིན་བུ་ཕྲ་མོ་དེ་དག་ནི་ཤི་ནས་རྣམ་ཤེས་གཞན་ཞིག་གང་འདྲ་ཞིག་གི་འོག་ནས་ཞུགས་པ།སྲིན་བུ་གཉིས་སྦྱོར་གྱི་ཕུང་པོ་གྲུབ་མཚམས་ག་འདྲ་ཞིག་ལ་ཐོན་དུས་རྣམ་ཤེས་གཞན་ཞིག་ཞུགས་དགོས་པ་སོགས་ནང་ཚན་གཉིས་ཀྱིས་མཁས་པས་དཔྱད་གནས་སུ་གྱུར་ཡོད་འདུག ངོ་མ་བཤད་ན། འདི་དག་ལ་ནང་བསྟན་ཆོས་པ་ཚོས་འབྲེལ་གནང་དགོས་པའི་གནས་སུ་ལྷུང་ཡོད་འདུག་སྙམ།

ཡ་ད་དུ་བྱོས། ད་རུང་དོགས་པ་ཅན་དང་། འདྲི་ཚིག་མང་པོ་ཀླད་པའི་ནང་གཅིག་འཕྲོ་གཅིག་རྒྱུ་ནས་ཡོང་གི་ཡོད་ལ། རྙོག་རོ་མང་པོ་ཞིག་ལབ་ན། གྲོགས་པོ་ཚོ། མགོ་ན་བའི་གནས་སུ་འགྲོ་འདུག་པས་དེ་ཙམ་གྱིས་བཞག་པར་བྱ།

ད་ཡང་མུ་མཐུད་དུ་གོང་གི་བྲིས་འཕྲོ་ལབ་ན།

སློབ་དཔོན་གྱིས་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ་ནི། རྣམ་འགྲེལ་རྩ་བ་ལས། ཐ་མའི་སེམས་ནི་སེམས་གཞན་དང་། མཚམས་སྦྱོར་བ་ལ་འགལ་ཅི་ཡོད།།ཞེས་ ཐ་མ་འཆི་ཁ་མའི་སེམས་དེ་ནི། རིགས་འདྲའི་སེམས་གཞན་མཚམས་སྦྱོར་བ་དང་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཞེས་སོགས་དཔེ་དོན་མང་པོས་མ་གྲུབ་པའི་སྒོ་ནས་རྒྱས་པར་དགག་ཡོད་ལ།

ད་ནི་ལབ་རྒྱུ་མང་གྲགས་ན་ཡིག་ཚོགས་སུ་འགྲོ་བར་དོགས་ནས་ས་བཅད་རྗེས་མ་དག་ཉུང་ཉུང་ཚིག་གིས་བརྗོད་ཁ་བྱས་ནས་འགྲོ་རྒྱུ་ཡིན།

གཉིས་བ། ལུས་བློ་ཡི་རྟེན་ཁྱད་པར་ཅན་ཡིན་པ་དང་། བློ་ལུས་ཀྱི་ཉེར་ལེན་ཡིན་པར་དགག་པ་ཇི་ལྟར་ན།

སློབ་དཔོན་ཆོས་ཀྱི་གྲགས་པས། ལུས་ནི་གནས་པ་ཉིད་ན་སེམས།།ལྡོགཔ་མེད་པར་ཐལ་བར་འགྱུར།།ཞེས་ཤི་བའི་ལུས་དེ་ལ་ནི་སེམས་ལྡོག་པ་མེད་དེ། ཤི་བའི་ལུས་དེ་ལ་སེམས་ཀྱི་ཉེར་མེད་པའི་ཕྱིར་ཞེས་སོགས་དང་།

ལུས་ཁོ་ན་སེམས་ཀྱི་རྒྱུ་ཡིན་ན།ཤི་བའི་ལུས་ལའང་སེམས་ཡོད་པར་ཐལ་བ་དང་།ལུས་ཡོད་པ་ཙམ་གྱིས་སེམས་ཀྱི་དངོས་རྒྱུ་ཐོགས་པ་མེད་པ་མ་ཚང་བ་མེད་པའི་ཕྱིར་ཞེས་སོགས་རིགས་པ་མང་པོ་དང།

ཡང་། ལུས་བློ་སོགས་ཀྱི་བདག་རྐྱེན་ཡིན་པར་དགག་པ་དག སློབ་དཔོན་གྱིས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར།།བློ་ཡི་བྱེད་པའི་ཁྱད་པར་གྱིས།།ཤེས་རབ་ལ་སོགས་ཕུལ་བྱུང་དང་།།འགྲིབ་པ་དག་ཏུ་གྱུར་བ་ཡིན། ཞེས་ལུས་དེ་ཤེས་རབ་དང་བརྩེ་བ་ལ་སོགས་པའི་རྟེན་ཁྱད་པར་ཅན་མ་ཡིན་ཏེ།བློ་དེ་ནི་ཕུལ་དུ་བྱུང་བ་ཡིན་མིན། ལུས་ཀྱི་ཕུལ་བྱུང་དང་འགྲིབ་པའི་རྗེས་སུ་བྱེད་པ་མ་ཡིན་པར། བློ་ཁོ་རང་སྔ་མ་གོམས་པ་ཡི་འདུ་བྱེད་པའི་ཁྱད་པར་གྱིས་བློ་ཁོ་རང་ཕུལ་དུ་བྱུང་བ་དང་འགྲིབ་པ་དག་ཏུ་འགྱུར་བ་ཡིན་ནོ། ཞེས་སོགས་རིགས་པ་མང་པོས་སྒྲུབ་ཀྱིན་ཡོད།

གསུམཔ། སྤྱིར་རྒྱུ་མེད་པར་འདོད་པ་དགག་པ་ནི། སློབ་དཔོན་གྱིས།རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར།།རྟག་ཏུ་ཡོད་པའམ་མེད་པར་འགྱུར།།

ཞེས་དངོས་པོ་རྣམས་རྟག་ཏུ་ཡོད་པའམ་གཏན་མེད་པ་འམ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་ཏེ།། རྒྱུ་མེད་ཀྱང་གཞན་ལ་མི་ལྟོས་པའི་ཕྱིར་རོ། ཞེས་དང་། གོང་གི་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་གིས་ཀྱང་འདི་དག་དེ་ག་རང་འགག་པ་ཡིན་ནོ།

བཞི་བ། ཀུན་མཁྱེན་ཡོད་པར་བསྒྲུབ་པ་ནི། གོང་གི་དེ་ལྟར་སྐྱེ་བ་སྔ་ཕྱི་སོགས་བསྒྲབས་པས་ཐམས་ཅད་མཁྱེན་པ་ཡང་འགྲུབ་པ་ཡིན་ཏེ། སྐྱེ་བ་ལས་སྐྱེ་བ། སྐྱེ་བ་ལས་སྐྱེ་བར་སེམས་དང་བརྩེ་བ་སོགས་གོམས་པར་བྱས་བ། སྐྱེ་བ་ལས་སྐྱེ་བར་སེམས་དང་བརྩེ་བ་སོགས་ངོ་བོ་གོང་འཕེལ་དུ་འགྲོ་བ། དེ་ལྟར་སྐྱེ་བ་ལས་སྐྱེ་བར་སེམས་དང་བརྩེ་བ་སོགས་ཀྱི་ངོ་བོ་གོམས་པ་དང་གོང་འཕེལ་དུ་སོང་ཚེ། མཐའ་མེད་དུ་འཕེལ་བར་འགྱུར་བ་ཡིན་ལ། མཐའ་མེད་དུ་འཕེལ་ཚེ་དེ་ནི་ཐམས་ཅད་མཁྱེན་པ་དང་རྣམ་མཁྱེན་གྱི་ངོ་བོར་གྱུར་བ་རེད་ཅེས་དང་།

དེ་འདྲའི་དཔེ་ནི་ང་ཚོས་ཇི་ལྟར་བརྩོན་པར་བྱས་ཏེ་དེ་ལྟར་སྦྱངས་ན་བློ་དང་རིག་པ་དེ་ནི་དེ་བཞིན་གོང་འཕེལ་དུ་འགྲོ་བ་ལྟར་རོ། ། ཞེས་འདི་དག་ཐམས་ཅད་རིགས་པ་བརྒྱ་ཕྲག་གིས་སྒོ་ནས་རྒྱས་པར་རྣམ་འགྲེལ་སོགས་དང་། དེ་དག་གི་འགྲེལ་བ་མང་པོ་ནས་གཅིག་གཅིག་གཉིས་གཉིས་ཀྱིས་དཔེ་ལ་སྦྱར་ནས་གསལ་བར་གསུངས་ཡོད་ལ།རང་གཞན་ཐམས་ཅད་ལ་དཔེ་མང་དེ་ཀུན་མ་ལུས་པར་ལྟ་བའི་སྐལ་བ་ལྡན་པར་ཤོག འདི་ནས་ཀུན་ཀྱི་བློ་ངོར་ངོ་སྤྲོད་བྱེད་ཐུབ་མེད་པ་དང་། ལོག་བཤད། ཡིག་ནོར་ལ་སོགས་དེ་བཞིན་འབྱུང་སྲིད་ལ་དེ་བས་ངེད་ཀྱིས་གྲོགས་ཀུན་ལ་དགོངས་དག་བརྒྱ་ཚར་ཞུ་བ་ལེགས། དགེའོ།

འདི་ནི་རྒྱང་འཕེན་པ་ངོ་སྤྲོད་ཁག་རྗེས་མ་ཞིག་གི་ཚུལ་དུ་བྲིས་བ་ཡིན་པས་རྒྱང་འཕེན་པ་ངོ་སྤྲོད་ཁག་སྔ་མ་༼༡༽ནི། འདིར་ནོན། u/tenli/archives/2011/12441.html

How to Wear a Pencil Skirt for Petites
PORNO the third largest economy in the world

Plans for a Pilot Christian Recovery Program
Gowns Online Shop 5 affairs all users forgets evaluate when you are residence camping

Courteney Cox rock bikinis in Mexico
PORNO these high boots are definitely in style

The Best Dresses for Girls With Broad Shoulders
Download Free Games every little thing your old is completely new far more

Ashworth WOMEN'S FLAT FRONT BLEND SOLID PANTS
pornos make a plan dispose of your actual gain

changing style through the centuries
PORNO FRANCAIS burst angel complete established viridian group

Spartanburg Fashion Show for a Cause this Friday
PORNO XXX alter the straps

Tracking Your Online Shopping With Your Account
Filme Porno emeril's cochon pour lait springtime goes to satsuma
བསྟོད།11

抱歉,评论已关闭!