གཞུང་ཞབས་པ་དག་གི་ཚབ་ཏུ་སྦྲོན་པ།

ཞོགས་ལྗང་།

༼འུ་ཚོའི་བོད་འདི་ངོ་མ་བཙོག་གི་ཞེས་པ་ལས་ཁག་བཞི་པ༽

སྐད་ཆ་འདི་སུ་ལ་བཤད་དགོས་མི་ཤེས་ལ། ཇི་ལྟར་བཤད་འོས་ཀྱང་མི་ཤེས་མོད། ཡུན་རིང་བསམ་གཞིག་བཏང་མཐར། གང་ལ་ཕོག་ན་དེ་ལ་བཤད་པ་ཡིན་ཞིང་། ཇི་ལྟར་ཕོག་ན་དེ་ལྟར་བཤད་པ་ཡིན་ཞེས་པ་དེའོ། །

ཟླ་འགའི་སྔོན་ལ་དགའ་རོགས་ཀྱིས་གཞུང་ཞབས་པར་རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་ཀྱིན་འདུག ཁོ་མོའི་གྲོགས་པོ་ཞིག་གིས་ཁ་པར་འོང་སྟེ། གལ་ཏེ་རྒྱུགས་ལེན་རྒྱུ་ཡིན་ཚེ། རྒྱ་ཡིག་གིས་ལོངས་ཤིག བོད་ཡིག་གིས་བླངས་ན་རྒྱུགས་འཕྲོད་དཀའ་ནི་རེད་ཟེར་སྐད། ངས་སྐད་ཆ་དེའི་ཕུགས་སུ་ཅི་ཞིག་ཉར་ཡོད་པ་ཡེ་ནས་མ་ཤེས།

ཉེ་སྔོན་གྲོགས་པོ་ཞིག་འདིར་འོང་སྟེ། ད་ལོ་བསང་ཆུ་རྫོང་ནས་བོད་ཡིག་གི་ལམ་ནས་རྒྱུགས་སྤྲད་པ་དག་གི་གྲས་ནས་གཅིག་གིས་མ་གཏོགས་རྒྱུགས་འཕྲོད་མི་འདུག རྒྱ་ཡིག་གི་ལམ་ནས་རྒྱུགས་སྤྲད་པ་དག་གིས་རྒྱུགས་འཕྲོད་འདུག་ཟེར། ངས་རྒྱུ་རྐྱེན་ཅི་ཡིན་བསམ་གཞིག་མ་བཏང་སྔོན་དུ། ཁོས་ཡང་བསྐྱར་བཤད་རྒྱུར། བོད་ཡིག་གིས་རྒྱུགས་བླངས་ན་དེར་བཤེར་མཁན་དག་བོད་ཀྱི་དགེ་རྒན་རེད། ཁོ་ཚོས་སྐར་མ་མང་པོ་མི་སྟེར་ཟེར། ངའི་སེམས་སུ། རྒྱུགས་བླངས་པ་མ་བཟང་ན་སྐར་མ་ཇི་ལྟར་སྟེར་རམ་སྙམ་པར། གྲོགས་པོས་མུ་མཐུད་ནས་བཤད་རྒྱུར། རྒྱ་ཡིག་གི་ལམ་ནས་བླངས་ན་བཤེར་མཁན་དག་རྒྱ་རེད་ཟེར། ༼དེ་ལོས་ཡིན། བོད་ཀྱི་དགེ་རྒན་དག་གིས་རྒྱ་ཡིག་གི་ལམ་ནས་བྲིས་པ་དེར་ལྟ་ཐུབ་བམ། ཀུ་རེ།༽ ཁོས་ད་དུང་བཤད་རྒྱུར། རྒྱའི་དགེ་རྒན་དག་གིས་སྐར་མ་མཐོན་པོ་སྟེར་གི གལ་ཏེ་འདྲི་གཞི་ལ་སྐར་མ་བརྒྱད་ཅུ་ཡོད་པའི་དབང་དུ་བཏང་ན། རྒྱའི་དགེ་རྒན་དག་གིས་སྐར་མ་ལྔ་བཅུ་དྲུག་ཅུ་སྟེར་གི བོད་ཀྱི་དགེ་རྒན་དག་གིས་སྐར་མ་ཉི་ཤུ་སུམ་ཅུ་ལས་མི་སྟེར་གི་ཟེར། སྐབས་འདིར་ཁྱོད་ཀྱི་སེམས་སུ། བོད་ཀྱི་སློབ་མ་དག་གིས་འདྲི་གཞི་ལ་ལན་བཏབ་པ་མི་བཟང་བར་སྙམ་ན། ཁོ་རང་ཚོ་ནི་ལྟོས་བཅས་ཀྱིས་བོད་ཀྱི་སློབ་མ་ཆུ་ཚད་ཅུང་ཙམ་བཟང་ཤོས་རེད། རྒྱ་ཡིག་གི་ལམ་ནས་རྒྱུགས་བླངས་པ་དག་ནི་ལྟོས་བཅས་ཀྱིས་བསམ་གཞིག་གི་ཆུ་ཚད་ཞན་ཤོས་རེད། ཡིན་ན་ཡང་། སྤྱི་འགྲོས་ཤིག་ཡོད་པ་ནི། རྒྱ་ཡིག་གི་ལམ་ནས་རྒྱུགས་བླངས་ན་རྒྱའི་དགེ་རྒན་དག་གིས་སྐར་གྲངས་མཐོ་ཤོས་སྟེར་བར་བྱེད་པས། ད་ལྟ་མང་པོ་ཞིག་གིས་རྒྱ་ཡིག་གི་ལམ་ནས་གཞུང་ཞབས་པར་རྒྱུགས་སྤྲོད་པའི་གྲ་སྒྲིག་བྱེད་ཀྱིན་འདུག་སྐད།

སྐད་ཆ་འདི་ཐོས་དུས། བདག་གི་ཡིད་སེམས་རྨང་ནས་གཟེར་བར་བྱས། ཁྱོད་ཀྱང་དེ་བཞིན་ཡིན་ཚོད་འདུག

འདི་ལ་བདག་གིས་ལྟ་ཚུལ་རིགས་གཉིས་འཛིན་པར་བྱེད་ཀྱིན་ཡོད། དང་པོ། བོད་ཀྱི་དགེ་རྒན་དག་གིས་བོད་ཡིག་གིས་བྲིས་པའི་འདྲི་གཞི་ལ་སྐར་གྲངས་ཉུང་ཙམ་ལས་མི་སྟེར་བ་དེ་ཨ་མཚར། སྐབས་འདིར་བདག་གི་སེམས་སུ། བོད་ཀྱི་གཏམ་དཔེ་ཞིག་སྟེ། ཕྱི་ལ་བསྐོར་ན་བལ་དཀར་གྱི་ཁ་ཆུ། ། ནང་དུ་བསྐོར་ན་དུག་ཚེར་གྱི་ལོ་མ། ། ཟེར་བ་དེ་དྲན་པའོ། ། རང་གིས་རང་ལ་བསམ་གནག་ན། ཁ་གནམ་ལ་འཁོར་ནས་གཅིན་ཐོངས་ཟེར་བ་བཞིན་དུ། འུ་ཚོའི་བོད་དག་གིས་ནམ་རྒྱུན་རང་གིས་རང་ལ་བསམ་གནག་རྒྱུ་ལས་གཞན་ཅི་ཡང་འཇོན་གྱིན་མེད་པ་འདི་སྐྱོ་ཨང་། གཉིས་པ། བོད་རིགས་སློབ་མ་དག་གིས་བསམ་གཞིག་ཅི་ཡང་མི་གཏོང་བར་རྒྱ་ཡིག་གི་ལམ་ནས་རྒྱུགས་སྤྲོད་པར་བྱེད་པ་འདི་ཨ་མཚར། སྤྱིར་རྒྱུགས་ལེན་རྒྱུ་ཁོ་ན་ལས་གཞན་ཅི་ཡང་སེམས་ཀྱིན་མེད་མཁན་ཞིག་ལ་མཚོན། བོད་རྒྱ་ཡིག་རིགས་གང་གི་ལམ་ནས་རྒྱུགས་སྤྲད་ཀྱང་། གཙོ་བོ་ནི་རྒྱུགས་སྐར་ལོངས་རྒྱུ་དེ་ཡིན་ན་ཡང་། འུ་ཚོ་མ་གཞི་ནས་སློབ་གྲྭ་འགྲིམ་ཁུལ་བྱས་པའི་མི་ཞིག་ཡིན་པའི་ཆ་ནས་བསམ་གཞིག་ཨེན་གཏོང་ལོས་དགོས་ཨང་། དེ་ཡང་། ཁྱོད་ཀྱིས་རྒྱ་ཡིག་གི་ལམ་ནས་རྒྱུགས་སྤྲད། ངས་ཀྱང་རྒྱ་ཡིག་གི་ལམ་ནས་རྒྱུགས་སྤྲད་ཚེ། ནམ་ཞིག བོད་ཡིག་ཅེས་པའི་ཡིག་རིགས་འདི་ཉིད་ཐ་སྙད་ཙམ་དུ་མི་འགྱུར་བའི་གདེང་ཚོད་སུ་ལ་ཡོད། བརྒྱ་ལ་དེ་ལྟར་མི་འགྱུར་ཚེ། འདི་ཉིད་ནི་དགོན་པའི་ཚོགས་འདོན་གྱི་སྤྱོད་སྒོ་ཙམ་ལས་མེད་ན། ང་ཚོས་ནམ་རྒྱུན་རང་ཉིད་ལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པར་འུར་བའི་གཏམ་དེ་དག་ལ་བདག་པོ་མི་རྒྱག་གམ། བྱིན་སྐར་གྱི་མཐོ་དམའ་ཙམ་གྱི་ཕ་རོལ་ན་ཚང་རྩིས་གསལ་བོ་ཞིག་ཡོད་ན། དེ་ཡི་ཚུར་རོལ་ནས་ཀྱང་གྲ་སྒྲིག་ལེགས་པོ་ཞིག་བྱེད་ལོས་དགོས་ཨང་།

༼འདི་ཡང་དྲ་ཐོག་ཟིན་བྲིས་པ་དག་གི་ཡི་གར་གང་འཚམ་གྱིས་ཉུང་ཙམ་ལས་མ་བྲིས་པས། རྒྱ་བསྐྱེད་དེ་བསམ་གཞིག་གཏོང་རྒྱུ་ནི་མི་སྒེར་རང་རང་གི་ལས་སུ་བྱའོ། །༽

༼མུ་འགོད།༽

Is A Woman Allowed To Wear A Brazilian Micro Bikini In Public
VIDEO PORNO XXX footjoy can easily weathersof handwear cover styles 2

Beautenizer Volume Lash Mascara delivers big
Wedding Dresses crafting some in way tell outfits

How to Put on a Paris Style Fashion Show
PORNO I definitely enjoy the story of Yuki

Where are Columbia consignment shops
Download Free Games dip dye color in which the ends are dipped in color

What Is the Job of a Fashion Journalist
pornos Two such creatures

futuristic style of Spike Jonze's new film
Pornofilme and Lars Spuybroek will reveal congruencies with fashion design

The World's Most Expensive Handbags
free porno This trail guide contains two trails ranging from 4

A Guide to Cnc Tube Bending Machines
Darmowe Porno But in earlier years
བསྟོད།6

抱歉,评论已关闭!