གཞུང་ལུགས་དང་ལག་ལེན་བར་གྱི་རྙོག་དྲ།

རྨས་མ།

—《འཕེལ་རྒྱས་ཀྱི་རྩ་དོན》དང་འབྲེལ་ནས་༢༠༡༠ལོའི་རིག་གནས་སྣང་ཚུལ་ཆེ་ཤོས་ཤིག་ལ་བཟུང་བའི་མི་སྒེར་ལྟ་ཚུལ་གླེང་བ།

དབུ་ཁྱུད།

ད་ལོའི་རིག་གནས་སྣང་ཚུལ་ཟེར་དུས་མང་མང་ཞིག་གི་དྲན་པའི་མེ་ལོང་དུ་འཆར་ཡོང་བ་ནི་མཚོ་ལྷོ་དང་རྨ་ལྷོ།མགོ་ལོག་སོགས་ཀྱི་སློབ་མས་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཡིན་ངེས་རེད།ཁོ་བོའི་ལྟ་ཚུལ་ལ་ཁྲོམ་སྐོར་དེ་འདྲ་བྱེད་དགོས་པའི་རྒྱུ་རྐྱེན་ཉག་གཅིག་ནི《འཕེལ་རྒྱས་ཀྱི་རྩ་དོན》ཟེར་བའི་གཞུང་ལུགས་ཤིག་དང་དེའི་དགོངས་དོན་ལག་ལེན་བྱེད་པའི་བར་རྙོག་དྲ་ཞིག་ལས་མ་འདས།

མཐོང་སྣེ་སོ་སོ། བསྟན་བཅོས་ཁ་ཁ།

མཐོང་སྣེ་མི་གཅིག་ན་དེ་ལས་ཤར་བའི་དོན་སྤྱི་སོ་སོ་ཡིན་ལ།དོན་སྤྱི་སོ་སོ་ཡིན་ན་དེ་ལས་བརྩམས་པའི་བསྟན་བཅོས་ཀྱང་ཁ་ཁ་ཡིན།《འཕེལ་རྒྱས་ཀྱི་རྩ་དོན》ལག་བསྟར་མ་བྱས་གོང་དུ་མཚོ་སྔོན་གྱི་སློབ་གསོའི་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་གང་ཞིག་གཙོ་བོར་བྱེད་པའི་ཐད་ལ་དུས་རྒྱུན་ཁ་མི་འཆམས་པའི་གནས་དོན་ཞིག་ལྷག་འདུག་ཚུལ་ཁུལ་གཙོ་ག་གེ་མོས་སྨྲ།ཡིན་ནའང་།དེ་ནི་མཐོ་རིམ་ལས་བྱེད་པའམ་ཅ་ནེའི་སྡེ་ཡི་འགལ་བ་རང་ཡིན་པས་བསྡུམ་རྒྱུ་སླ་སྟེ།རྒྱ་ཡིག་གཙོ་བོར་བྱེད་པའི་ལུགས་ཀྱི《འཕེལ་རྒྱས་ཀྱི་རྩ་དོན》ཞིག་མི་ཡུལ་དུ་བལྟམས་ཤིང་བོད་ཡིག་གིས་མ་ནུས་པའི་དངོས་ཡོད་གནས་ཚུལ་གྱིས་ར་སྤྲད་འདུག་པ་མིན་ནམ།འཕེལ་རྒྱས་ཀྱི་རྩ་དོན་ལས་སྐད་གཉིས་སློབ་གསོ་གསར་སྒྱུར་གྱི་སྙིང་དོན་ནི་༢༠༡༥ལོ་ཚུན་ཆད་དུ་ས་ཆ་སོ་སོའི་མང་ཚོགས་ཀྱི་འདོད་བློ་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་རིམ་གྱིས་སློབ་ཆུང་གི་བོད་ཡིག་ཆིག་རྐྱང་བའི་སློབ་ཁྲིད་བྱེད་སྟངས་དེ་རྒྱ་ཡིག་འབུར་དུ་ཐོན་པའི་སློབ་ཁྲིད་བྱེད་སྟངས་ལ་སྒྱུར་བ་དང་།སློབ་འབྲིང་སོ་སོས་རང་གི་སྔར་ཡོད་ཀྱི་སློབ་ཁྲིད་བྱེད་སྟངས་རྒྱུན་མཐུད་བྱེད་པའི་དུས་མཚུངས་སུ་རྒྱ་ཡིག་གི་སློབ་ཁྲིད་བསྡུར་ཚད་མཐོར་འདེགས་གཏོང་བ་དེ་རེད།གཞུང་ལུགས་ཀྱིས་འདི་ལྟར་འཆད་ཀྱིན་འདུག་མོད།ལག་ལེན་གྱི་ཁྲོད་དུ་དེ་དེ་བཞིན་དུ་མཐོང་ཆོག་པ་ཞིག་ཁྱོན་ནས་མ་རེད།གཅིག་ནས་མང་ཚོགས་ཀྱི་འདོད་བློ་དང་མི་བསྟུན་ཞིང་དངོས་ཡོད་གནས་ཚུལ་ལ་མི་གཞིགས་པ།གཉིས་ནས་སློབ་འབྲིང་གིས་སྔར་ཡོད་སློབ་ཁྲིད་བྱེད་སྟངས་རྒྱུན་མཐུད་བྱེད་རྒྱུ་ཡལ་བར་དོར་ནས་རྒྱ་ཡིག་གི་སློབ་ཁྲིད་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ཡས་མས་སུ་མཐོར་འདེགས་བྱས་པ་སྟེ།བོད་ཀྱི་རིག་གནས་འབའ་ཞིག་བོད་ཡིག་གི་ལམ་ནས་འཁྲིད་པ་ལས་རྒྱལ་སྤྱི་རང་བཞིན་གྱི་རིག་གནས་མཐའ་དག་རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་ལམ་ལུགས་ཤིག་ང་ཚོས་སློབ་གྲྭས(མགོ་ལོག་ཁུལ་མི་རིགས་མཐོ་འབྲིང)དངོས་སུ་ལག་བསྟར་བྱས་སོང་ལ།འདི་ནི་གོང་མའི་ཡང་གོང་མ་བླ་མའི་ཡང་བླ་ན་མེད་པའི་སྒྲུབ་བྱེད་ཅིག་ཡིན།ཁོ་ཚོས་བཤད་ན་ལམ་ལུགས་འདི་ལག་བསྟར་བྱས་ཚེ་ས་གནས་དཔལ་འབྱོར་དང་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་སྨན་པར་མ་ཟད་སློབ་མ་རེ་རེས་འདྲ་མཉམ་གྱི་སློབ་གསོ་མྱོང་ཐུབ་པའི་ཕན་འབྲས་ཆེན་པོ་ལྡན་པ་རེད་ཟེར།ཡིན་ནའང་ང་ཚོའི་མཐོང་སྣེ་མི་རིགས་ཞེས་པའི་ངོ་གདོང་ལ་བསྐོར་ཚེ་དེ་ནི་དངོས་གནས་རྒུད་པའི་རྩ་དོན་ཞིག་ལས་མ་འདས་ཏེ།གོང་གི་ལམ་ལུགས་དེའི་རིགས་ལག་བསྟར་བྱས་ཚེ་བོད་སྐད་ཡིག་དར་སྤེལ་གྱི་ལམ་ཁར་བཀག་འགོག་ངེས་ཅན་ཞིག་ཐེབས་སྲིད་པ་དེ་རྗེས་དཔག་གི་ཤེས་རབ་བདོག་པ་སུ་ལ་ཡང་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟ་བུ་ཡིན།སྐད་ཡིག་གང་ཞིག་དར་སྤེལ་གཏོང་དགོས་ཚེ་དེ་ཉིད་མི་ཆོས་རིག་གནས་སྣ་མང་ཞིག་གི་སྟེང་བཀོལ་སྤྱོད་རྒྱ་ཆེར་བྱེད་དགོས་ཀྱི།དེ་ལྟར་མིན་ཚེ་བོད་ཀྱི་སྐད་ཡིག་འདི་ཡང་བསྐྱར་བླ་མའི་སྐད་ཡིག་ཅིག་ཏུ་མིི་འགྱུར་བའི་གདེང་ཚོད་སུ་ལའང་མེད།འདི་ལྟར་འདང་བརྒྱབ་ཚེ།ད་ལྟ་ང་ཚོས་སྐད་ཡིག་གིས་ཉེན་ཁ་རིགས་གཉིས་ལ་གདོང་གཏོད་དགོས་ཏེ།《འཕེལ་རྒྱས་ཀྱི་རྩ་དོན》གྱིས་བསྐྱལ་ཡོང་བའི་ཉེན་ཁ་དང་ཁྱིམ་མཚེས་རིག་གནས་ཀྱིས“བྱེད་མེད”ངང་བསྐྱལ་ཡོང་བའི་ཉེན་ཁ་གཉིས་ཡིན།དེ་བས་འདི་ལྟ་བུའི་མཐོང་སྣེ་ཞིག་བཟུང་སྟེ་གོམ་ཁ་གསར་ཏུ་བསྒྱུར་རྒྱུ་ནི་ངེས་པ་དོན་གྱི་འཕེལ་རྒྱས་ཀྱི་རྩ་དོན་ཞིག་ཡིན་པར་སེམས་སོ།།

སྐད་ཡིག་གཅིག་གྱུར།“འདུ་ཤེས་གཅིག་གྱུར།”

རྒྱལ་ཁབ་ཅིག་ལ་མཚོན་ན་དེའི་རྒྱལ་ཁོངས་སུ་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རེ་ཡོད་ལ།གལ་ཏེ་ཐུན་མོང་ཏུ་སྤྱོད་པའི་སྐད་ཡིག་ཅིག་མེད་ཚེ།རྒྱལ་ཁབ་དེ་ནི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་མི་བརྩི།འདི་ནི་ཕལ་ཆེར《འཕེལ་རྒྱས་ཀྱི་རྩ་དོན》གྱིས་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་ཡིག་གི་བསྡུར་ཚད་མཐོར་འདེགས་གཏོང་དགོས་པའི་རྩ་བའི་རྒྱུ་རྐྱེན་ཡིན་པ་འདྲ།ཀྲོང་གོའི་སྤྱི་དམངས་ཤིག་ཡིན་ཕྱིན་རྒྱ་ཡིག་སྦྱོང་རྒྱུ་ནི་སོ་སོའི་ཁེ་དབང་ཡིན་ལ་འོས་འགན་ཀྱང་ཡིན་ཟེར།བརྒྱ་ལ་དེ་འདྲ་མིན་ནའང་ཡིག་རིགས་གཞན་པ་སྦྱང་རྒྱུ་ནི་རིག་གནས་ཤིག་གི་ཕར་སྐྱེལ་ཚུར་ལེན་སོགས་ལ་དགེ་བ་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད།དེ་ནི་སྦྱང་འོས་པ་ཞིག་རེད།ཡིན་ནའང་གྲངས་ཉུང་མི་རིགས་ས་ཁུལ་གྱི་བསླབ་བྱའི་ཁྱབ་ཁོངས་སུ་རྒྱ་ཡིག་གི་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ཡས་མས་སུ་འཕར་ཚེ་ཁོ་ཚོའི་ཡིད་སེམས་བློང་བློང་བོར་མི་འགྱུར་རང་དབང་ཅི།《འཕེལ་རྒྱས་ཀྱི་རྩ་དོན》གྱིས་སྐད་ཡིག་གཅིག་གྱུར་བྱེད་དགོས་ཞེས་གཏན་ནས་གསུངས་མེད་མོད།ཡིན་ནའང་ལམ་དེར་བཞུགས་ཚེ་སྐད་ཡིག་ནི་རང་ཤུགས་ཀྱིས་གཅིག་གྱུར་བྱེད་འགྲོ་བ་རེད།《འཕེལ་རྒྱས་གྱི་རྩ་དོན》གྱིས་“འདུ་ཤེས་གཅིག་གྱུར”བྱེད་དགོས་ཞེས་གཏན་ནས་གསུངས་མེད་མོད།ལམ་དེར་བཞུགས་ཚེ་འདུ་ཤེས་ནི་ངམ་ངམ་ཤུགས་ཀྱིས་གཞི་གཅིག་ཏུ་འདྲེས་འགྲོ་བ་རེད།ཡང་འཕེལ་རྒྱས་ཀྱི་རྩ་དོན་ལས་སྐད་གཉིས་སློབ་གསོ་གསར་སྒྱུར་གྱི་བྱ་བ་དེ་རིམ་གྱིས་བརྟན་འཇགས་དང་འོས་འཚམས་སུ་བསྒྱུར་ཏེ་ལག་བསྟར་བྱེད་པ་ལས་རྦད་དེ་གཅོད་པའི(一刀切)ལས་གཏན་ནས་མི་བགྱི་ཟེར།རེད་དེ།འདུ་ཤེས་ཀྱི་སྟེང་ནས་འདོར་དགོས་པ་གང་ཞིག་རྦད་དེ་གཅོད་བསམ་ཡང་དེ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མི་མཐུན་པས་ཐབས་མེད།དེ་བས་རིམ་གྱིས་བརྟན་འཇགས་དང་འོས་འཚམས་སུ་བསྒྱུར་ནས་ལག་བསྟར་བྱས་ན་ནམ་ཞིག་བདེ་བླག་ངང་འགྲུབ་པར་ཐེ་ཚོམ་ཅི།《འཕེལ་རྒྱས་ཀྱི་རྩ་དོན》ལས་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་པ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་སྔོན་ཐོན་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་འགྲོགས་ནས་རི་བོ་བརྒལ་ཞིང་རྩྭ་ཐང་བསྐྱུར་ཏེ་གོམ་ཁ་རྒྱལ་ཡོངས་དང་འཛམ་གླིང་ལ་ཕྱོགས་ནས་རང་ལུས་ཀྱི་ཆེས་ཆེ་བའི་རིན་ཐང་འཚོལ་ཕྱིར་ཡིན་ཟེར།ཡིན་ནའང་ང་དང་ང་འདྲའི“ཀླད་རྙིང་བ”འགའ་རེས་རྩྭ་ཐིང་བསྐྱུར་ཏེ་འཛམ་གླིང་ལ་ཕྱོགས་པ་ནི་རང་ལུས་ཀྱི་ཆེས་ཆེ་བའི་རིན་ཐང་དུ་ངོས་ལེན་བྱེད་ཧ་ཅང་དཀའ་ཨང་།《འཕེལ་རྒྱས་ཀྱི་རྩ་དོན》ལས་སྐད་གཉིས་སློབ་ཁྲིད་ལག་བསྟར་བྱེད་པ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་བྱ་བའི་རེག་ཚད་མཐོར་འདེགས་གཏོང་བའི་ཕྱི་མོའི་བྱེད་ཐབས་ཡིན་ཟེར།འདི་ཉིད་བྱེད་ཐབས་ཤིག་ཡིན་ངེས་ནའང་རྩ་བའི་བྱེད་ཐབས་ཡིན་ཟེར་ན་དོན་ལ་མི་གནད་པའི་གཏམ་སྟེ།མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་འགལ་བར་བོད་ཡིག་གིས་བྱ་བ་བསྒྲུབ་སའི་ལས་ཁུངས་ཇེ་མང་དང་རྒྱུགས་གཞི་དག་ལས་བོད་ཡིག་གི་བསྡུར་ཚད་ཇེ་ཆེར་བཏང་ན་ཡང་ཅིས་མི་ཆོགའོན་ཀྱང་།ད་ལོའི་མགོ་ལོག་གི་གཞུང་ཞབས་པའི་རྒྱུགས་ཡིག་ཁྲོད་ཀྱི་བོད་ཡིག་གི་རྒྱུགས་ཤོག་ལྟ་བུ་ནི་བསྐལ་བའི་མཐར་ཡང་མི་མཐོང་བའི་སྨོན་ལམ་རྒྱག་རྒྱུ་ཡིན།(བློ་ཡུལ་ལས་འདས་པ་ཞིག་ལ་ད་ལོར་མགོ་ལོག་ཏུ་གཞུང་ཞབས་པ་བསྡུ་བར་རྒྱུགས་བླངས་པའི་བོད་ཡིག་གི་རྒྱུགས་ཤོག་ནི་རྒྱ་ཡིག་གི་རྒྱུགས་ཤོག་གི་ནང་དོན་ཐད་གར་བསྒྱུར་བ་ཞིག་རེད་ཟེར།འདི་ནི་སྔར་བྱུང་མ་མྱོང་བའི་རྒྱུགས་ཤོག་བཟོ་སྟངས་གསར་བ་ཞིག་རེད།བོད་ལ་ཡི་གེ་རྐྱང་རྐྱང་ཞིག་ལས་ཡི་གེ་དེས་སྟོན་པར་བྱེད་པའི་རིག་གནས་ཀྱི་ནང་དོན་མེད་སོང་བ་རེད་དམ།)གོང་གི་འགལ་བ་མཐའ་དག་ནི་མཐོང་སྣེ་སོ་སོ་བ་ལས་བྱུང་བ་ཤ་སྟག་ཡིན་པས་མཐོང་སྣེ་གཅིག་པ་དག་ལ་དེ་འདྲའི་རྙོག་དྲ་ཡོད་མི་སྲིད།གཞུང་ལུགས་ནི་དོན་དག་གཅིག་རེད།ལག་ལེན་ནི་དོན་དག་གཞན་ཞིག་རེད།གཞུང་ལུགས་གང་ཞིག་རྙོག་དྲས་མ་གོས་པར་ལག་བསྟར་བྱེད་དགོས་ཚེ།ལག་ལེན་བྱེད་མཁན་གང་དེར་གཞུང་ལུགས་དེས“འདུལ་སྦྱོང”ངེས་ཅན་དགོས་པ་དེའོ།།

བཟའ་ཚང་རྐུན་མ། མི་ཡིས་མི་ཁོག

མགོ་ལོག་ནས་མཚོ་སྔོན་སློབ་གསོ་ཅུའུ་ཡི་འཐུས་མི་འགའ་དང་བསམ་བློ་བརྗེ་རེས་བྱེད་སྐབས་འཐུས་མི་ཞིག་གིས་གདེང་ཆེན་པོས་བཤད་དོན།བོད་ཡིག་ཉམས་མི་སྲིད་དེ།《སྦྲང་ཆར》གཙོའི་དུས་དེབ་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན།བོད་ཡིག་དྲ་བ་སོགས་ཅི་འདྲ་མང་ཨང་ཟེར།འོན་ཏེ།ངས་སེམས་ཁུར་བྱེད་ས་སྣང་ཚུལ་ཙམ་ག་ལ་ཡིན།ངས་མཐོང་བའི་ཉེན་ཁ་ནི་རྩོམ་ཡིག་དགོད་སའི《སྦྲང་ཆར》ལྟ་བུ་མིན་པར་འགོད་མཁན་བོད་ཀྱི་རྩོམ་པ་པོ་ཇེ་ཉུང་དུ་འགྲོ་བ་ངེས་པ་དེ་ཡིན་ཞིང་།བལྟ་ས་མཚོ་སྔོན་བརྙན་འཕྲིན་ཁང་མིན་པར་ལྟ་མཁན་བོད་མི་ཇེ་ཉུང་དུ་འགྲོ་ངེས་པ་དེ་ཡིན།གནད་དོན་ཡོད་རྒུ་ཡུལ་ཅན་གྱི་སྟེང་དུ་ཡོད་པ་ལས་ཡུལ་གྱི་སྟེང་ན་ག་ལ་ཡོད།དེ་རིང་ཁ་སང་ང་ཚོའི་འདུ་ཤེས“འདུལ”རྒྱུ་ནི་གང་ལས་ཀྱང་སླ་བའི་ལས་ཤིག་ཡིན་ཚོད་རེད་དེ།གཅིག་ནས་འདུལ་བ་བོ་གང་དེར་ཁྱིམ་མཚེས་རིག་གནས་ཀྱིས“བྱེད་མེད”ངང་གཞོགས་འདེགས་བྱེད་ཅིང་།གཉིས་ནས《འཕེལ་རྒྱས་ཀྱི་རྩ་དོན》ལས་གཟེངས་མཐོན་པོར་བསྒྲགས་པའི་དགེ་རྒན་དང་འབྲེལ་ཡོད་མི་སྣ་ལ་སྐད་བརྡའི་ནུས་པ་ཞན་པའི་གནད་དོན་སོགས་རྐྱེན་བྱས་ཏེ་ལས་གནས་ལས་དབྱུང་བའམ་ཟླ་ཕོག་བཅག་པ་སོགས་ཀྱི་གནད་དོན་མི་འབྱུང་བ་ཁག་ཐེག་བྱེད་ཟེར་བ་དེས་ཀྱང་མི་རེ་གཉིས་ཤིག་སྔ་མོ་ནས་བཏུལ་ཚར་འདུག་སྐད།མ་ཟད་བདག་གི་གཡས་དང་གཡོན་མདུན་དང་རྒྱབ་ན《འཕེལ་རྒྱས་ཀྱི་རྩ་དོན》ལ་དད་པ་གཏིང་ནས་བྱེད་མཁན་མང་བོ་ཡོད་པས།ནམ་ཞིག་སྲིད་གཞུང་ག་གེ་མོའི་སྒོ་མདོ་ནས་བོད་མི་མང་བོ་མཉམ་དུ་འདུས་ཏེ་སྐད་མཐོན་པོས།གདངས་མཉམ་པོས།ང་ཚོས་བོད་ཡིག་མི་སྦྱོང་ཞེས་ཀི་གདབ་ན་ཅི་བྱ།སྐབས་དེར་བློ་དང་ཇུས་བཀོད་ཡེ་ནས་ཡོད་མི་སྲིད་དེ།ཁོ་ཚོ་ཚང་མ་བཟའ་ཚང་ནང་ཁུལ་གྱི་རྐུན་མ་རེ་རེ་ཡིན་པའི་གནད་ཀྱིས་སོ།།

བཞི་ཤད།

དཔེ་དེབ་ཅིག་གི་ས་བཅད་འགའི་དགོངས་དོན་ལ་སེམས་ཀྱི་གཏིང་ནས་མ་རངས་བའི་བསམ་བློ་ཐན་ཐུན་ཞིག་མངལ་དུ་སྦྲུམ་པའི་ཡིག་འབྲུ་ཁ་ཤས་ཤོག་ངོར་གཏོར་བ་འདིས།རབ་ན་《འཕེལ་རྒྱས་ཀྱི་རྩ་དོན》ཚང་གི་དོ་སྣང་རེག་ཅིང་།འབྲིང་ན་འཕེལ་རྒྱས་ཀྱི་རྩ་དོན་ལ་དད་པ་གཏིང་ནས་བྱེད་མཁན་ཚོར་དོགས་སློང་གི་བརྡ་ཙམ་བརྒྱག་ཐུབ་པ།ཐ་ན་ཀློག་པ་པོ་རྣམ་པར་ཁོ་བོ་མི་སྒེར་གྱི་ལངས་ཕྱོགས་རབ་རིབ་ཙམ་བསྟན་ཐུབ་པས་ཀྱང་འཐུས་སོ།།

གསལ་བཤད།《发展纲要》ཟེར་བའི་མིང་ཆ་ཚང་ལ《青海省中长期教育改革和发展规划纲要(2010-2020年)》ཟེར་ཞིང་།༢༠༡༠ལོའི་ཟླ༩བའི་ཚེས་༡༢ཉིན་ཞིང་ཆེན་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་དངོས་སུ་སྒོར་ཐོན་པ་ཞིག་རེད།

Extensive Collection of Extraordinary Designer Jewellery
VIDEO PORNO XXX America's Next Top Model

Mobile Gundam Suit Gundam SEED DESTINY Vol
Bridesmaid Dresses One of the toughest aspects of this course is compensating for wind

The Men's Wearhouse Management Discusses Q1 2012 Results
VIDEOS PORNO M formal shirts lend a professional and tailored effect to its wearer

Chaos to Couture fashion exhibition deepens in the roots of punk culture
Download Free Games Schools of in Chicago

Top 10 Worst Superhero and Villain Costumes
Kostenlose Pornos von So rather than send a cab

How to Get a Patent
PORNO FRANCAIS What message will Google Glasses send

The Case for Not Buying the Dip on Urban Outfitters
Tube XXX it all comes together quite well

Great Fit Chinos and Selvage Denim
Free Porno Wife on what it's like to be
བསྟོད།7

抱歉,评论已关闭!