ལོ་སར་བར་ལེགས་སྐྱེས་འདི་ལས་མེད།

མི་ཁོམ་པའི་རྒྱལ་སྲས།

ངའི་སྙིང་ཉེ་བའི་བཙན་པོའི་བུ་རྒྱུད་པ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ལགས།

སྐུ་བདེ་མོ་ཡིན་ནམ།

གནམ་ལོ་གསར་བ་སྟེ་ལྕགས་ཡོས་ལོ་གསར་བ་ཚུར་ནས་ཚུར་སླེབས་པའི་ཉིན་འདི་དག་གི་རིང་ང་ཚོས་འདས་སོང་ལ་ཚང་བརྩིས་བརྒྱབ་པ་ཡིན་ན་ང་ཚོ་མི་སྒེར་སོ་སོ་དང་སྤྱི་མཐུན་གྱི་བྱ་བཞག་ཐམས་ཅད་ཡིད་བཞིན་དུ་གོང་ནས་གོང་དུ་འཕེལ་ཡོད་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ཡང་ངོས་ཡིད་ཆེས་བྱས་པས་ཅི་ཡང་མི་ཕན་ཏེ་ང་ཚོའི་རབས་འདིའི་སྤྱི་ཕན་གྱི་བྱ་བཞག་རླབས་པོ་ཆེ་ཅི་ཞིག་འགྲུབ་སོང་ཟེར་ན་ང་ཚོ་སུ་ལའང་ངོམས་རིན་ཡོད་པ་ཞིག་སྟོན་རྒྱུ་ཡོད་པ་མ་རེད། དེ་ཡང་ཆོག་སྟེ་སྤྱི་ཕན་གྱི་ལས་དོན་ཟེར་ཡ་དེ་དེ་འདྲའི་ལས་སླ་བོ་ཞིག་གིས་འགྲུབ་ཡོང་གི་མི་འདུག ཅི་རེད་ཟེར་ན་ང་ཚོ་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཕུ་ནུ་ཚོར་གཅིག་མཐུན་གྱི་བསམ་བློ་དང་སྤྱི་ཕན་གྱི་ལྷག་བསམ་ཅན་ཧ་ཅང་ཉུང་ཉུང་རེད། ང་ཚོ་སྤུན་ཟླ་ཚོ་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བར་བྱ་རྒྱུ་དང་བོད་རང་གི་སྐད་ཡིག་གཉིས་ལ་རང་ནུས་ཅི་ལྕོགས་ཀྱིས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་རྒྱུར་ཁུར་བརྩོན་ལྷོད་མེད་བྱ་རྒྱུ་ཡིད་འཇགས་ཡོང་དགོས་ཀི་འདུག དེ་བས་ང་ཚོར་ལྷག་བསམ་ཟེར་བ་འདི་ཤིན་ཏུ་ནས་དགོས་གལ་ཆེན་པོ་རེད། ང་ཚོ་གཞོན་སྐྱེས་གང་མང་ཞིག་གིས་རང་གི་སྐབས་བབ་ཀྱི་མིང་ཐོབ་གྲགས་སྙན་དང་ལྟོ་རྒྱབ་ཙམ་གྱིས་ཆེད་དུ་རང་གི་མེས་པོ་གོང་མ་ཚོར་དམོད་མོ་དང་སྡིག་སྐད་གང་དྲན་འདོན་གྱི་འདུག དེ་ནི་ང་ཚོ་བསམ་ཤེས་མ་བྱུང་པས་ལན་པ་རེད། ང་ཚོས་རང་ཐོག་ཏུ་བསམ་བློ་ཐོངས་དང་ང་ཚོས་ཅི་ཞིག་འཁྱོངས་ཡོད་ཨང་། ཅི་ཡང་འཁྱོངས་ཡོད་པ་མ་རེད། དེ་ནི་ང་ཚོའི་མེས་པོ་ཚོས་ལན་པ་མ་རེད།ང་ཚོའི་རིག་གཞུང་གིས་ལན་པ་མ་རེད།ང་རང་ཚོ་འཁྱོངས་མི་འཁྱོངས་དང་སྤྱི་ཕན་གྱི་ལས་དོན་སྒྲུབ་མི་སྒྲུབ་དེ་ང་ཚོ་མི་སྒེར་ཚོར་ཐུག་ཡོད།རང་ངོས་ནས་མ་བརྩོན་པ་དང་ལས་དོན་མ་སྒྲུབ་པར་མེས་པོ་གོང་མ་དང་རིག་གཞུང་གིས་ལན་སོང་ཞེས་ཁ་གཡར་ས་བཙལ་ན་ངོ་ཚ་རེད། དེ་ནི་རང་གི་མི་ཚེ་ལ་བརྙས་བཅོས་དང་ངན་དམས་ཙམ་འདོན་པའི་སྡུག་གྱོང་རེད། བོད་རང་གི་སྐད་ཡིག་རིག་གནས་བསྐྱུར་ཏེ་རིག་གནས་གཞན་ཞིག་བེད་སྤྱོད་བཏང་བ་ཡིན་ན་བོད་མི་མང་མང་ཚོགས་ལ་སྲི་ཞུ་སྒྲུབ་རྒྱུ་ཕར་ཞོག་ཐ་ན་རང་དང་ཆུང་མ་བུ་ཕྲུག་ཚོའི་ལྟོ་རྒྱབ་ལོ་ཟླ་འགའ་ཤས་ལ་བདེ་ཙམ་སྐྱོང་མཁན་ཡང་ང་རང་ཚོའི་ཁྲོད་ན་མང་པོ་ཡོད་རྒྱུ་མ་རེད་བསམ་བྱུང་། དེ་བས་ཁ་ཕོ་ཆེན་པོ་དེ་འདྲ་མ་ལབ་ན་ཡག་པོ་རེད། ཚང་མ་བསམ་ཤེས་ཡོང་བ་བྱ་རྒྱུ་གལ་ཆེན་པོ་རེད། རང་ཉིད་འུར་སྒྲོགས་དང་ལབ་སྟོང་རྒྱག་ཤེས་པ་ཙམ་ལ་མགོ་འཁོར་ནས་བསྡད་པ་ཡིན་ན་བདག་གཞན་སུ་ལའང་ཕན་ཐོགས་ཡོང་གི་མ་རེད། ང་ཚོ་འདི་ལྟར་ལེ་ལོ་དང་བག་འཁུམས་ཁྲོད་མི་ཚེ་བསྐྱལ་བ་ཡིན་ན་མ་འོངས་གངས་ལྗོངས་གསར་བའི་ལམ་ཁ་དེ་འགྲིག་པོ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གི་འདུག ང་ཚོས་བཙན་པོ་སྲོང་བཙན་གྱི་སྐུ་རིང་ནས་འདང་བརྒྱབ་པ་ཡིན་ནའང་ཁོང་གིས་ཆོས་སྲིད་གཉིས་ཐད་དུ་སྒྲུབ་པའི་མཛད་རྗེས་དེ་རླབས་ཆེན་པོ་རེད། སྐབས་ཐོག་དེའི་དཔའ་མཛངས་གཉིས་ལྡན་གྱི་བློན་ཆེན་ཐོན་མི་དང་མགར་སྟོང་བཙན་སོགས་ཀྱི་བྱས་རྗེས་གངས་རིའི་ལྗོངས་སུ་ཉི་མ་ཤར་བ་ལྟར་ཡིན་ལ་བཙན་པོའི་སྙིང་སྟོབས་ཟེར་བ་དེ་ཡང་དཔའ་མཛངས་གཉིས་འཛོམས་ཀྱི་བོད་ཀྱི་རྒྱལ་བློན་དེ་དག་གི་མི་ཚེའི་ལོ་རྒྱུས་ལ་མཇལ་བས་ཤེས་ཐུབ། བཙན་པོ་རྒྱལ་བློན་རྣམ་པས་རང་ཅག་ཁ་བའི་ལྗོངས་འདིར་མི་ཆོས་གཙང་མ་བཅུ་དྲུག་གི་ལམ་སྲོལ་ཡངས་པོར་ཕྱེས་པས་འཇིག་རྟེན་མི་ཆོས་ཀྱིས་མགོ་ནག་བོད་པ་ཚང་གི་འཚོ་བའི་གོམས་སྲོལ་བཟང་བོ་རྣམས་མི་རིགས་གཞན་དང་གཞན་གྱིས་བསྟོད་བསྔགས་དང་ཡི་རངས་བྱ་ཡུལ་དུ་གྱུར་ཡོད། ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་གང་ལ་གང་འཚམ་གྱི་སྲོལ་བཟང་མ་ཉམས་པར་ཡོད་པ་དག་ལ་ད་ལྟ་ཀླད་མེད་ཅོལ་ཆུང་འགའ་ཤས་ཀྱིས་ལག་ལེན་བྱ་མ་ཤེས་པར་གད་སྙིགས་སུ་འདོར་འདོད་པའི་ངུ་འབོད་བྱེད་ཀྱིན་འདུག་ཀྱང་ང་ཚོ་བློ་དྲང་བོ་དང་རྒྱུ་འབྲས་བརྩི་མཁན་དག་ལ་མཚོན་ན་བསམ་མེད་དེ་དག་གི་ཁ་ལ་ཉན་དགོས་དོན་གང་ཡང་མེད། ཁོ་རང་ཚོས་སྐད་བརྒྱབ་སྟེ་ཐང་ཆད་པའི་སྐབས་སུ་རང་རང་གི་སྐྱོན་ཡོན་ལ་བསམ་བློ་གཏོང་བའི་གོ་སྐབས་འཕྲད་ཡོང་གི་འདུག་དེ་དུས་ཁོ་ཚོས་བསམ་ཤེས་ཡོང་ཐུབ་པ་རེད།

ནང་བསྟན་གྱི་གཞི་རྐང་ཚུགས་པའི་བོད་ཀྱི་རིག་གཞུང་འདི་ད་ལྟ་འཛམ་གླིང་གི་ཚན་རིག་པ་དང་བསམ་བློ་བ།མཁས་དབང་གང་མང་མང་གིས་ཞིབ་འཇུག་དང་གོང་བཀུར་བྱ་ཡུལ་དུ་གྱུར་ཡོད་པ་དངོས་པོའི་གནས་ཚུལ་རེད། འདི་ཡང་མཐར་གཏུགས་ན་རྗེ་མི་ལ་རས་པ་དང་ཇོ་ནང་ཏཱ་ར་ན་ཐ། ཀློང་ཆེན་རབས་འབྱམས་པ། ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན། ཁྱད་པར་དུ་ཡབ་རྗེ་བླ་མ་ཙོང་ཁ་པ་དང་ཁོང་ཅག་གི་རྗེས་འཇུག་པ་རེ་གཉིས་ཀྱིས་སྐུ་ཚགས་འོ་བརྒྱལ་དང་མཛད་རྗེས་བླ་མེད་ཀྱི་བཀའ་དྲིན་ཡིན་ངེས་རེད། དེ་ང་ཚོ་གཞོན་རབས་པ་རྣམས་ཀྱིས་ཀྱང་ངེས་ཤེས་བྱུང་ན་རེད། ཤེས་འོས་པ་ཞིག་རེད། སྐྱེས་བུ་ཆེན་པོ་ཁོང་རྣམ་པའི་རྣམ་ཐར་ཞིབ་གསལ་མི་ཤེས་མོད་བླ་མ་ཙོང་ཁ་བ་ལྟ་བུ་ལ་མཚོན་ན་ཁོང་ཡང་ང་ཚོ་དང་འདྲ་བར་ཨ་མདོ་བའི་གྲྭ་རྐྱང་ཞིག་ཡིན། ཡིན་ཡང་ཁོང་ལ་རྒྱ་བོད་ཀྱི་རིག་གཞུང་རྒྱ་ཆེན་པོ་དག་ལ་སྦྱོང་རྒྱུའི་སྙིང་སྟོབས་དང་སྡུག་རུས་ཧ་ལས་པ་ཞིག་ཡོད་པར་འདུག དེ་བས་ཁོང་གི་མཛད་བཟང་ཕྱི་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ་བ་དང་ནང་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན་པ། མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར་བའི་བློ་བཟང་རྒྱལ་བའི་བསྟན་པ་ད་ལྟ་འཛམ་གླིང་དུ་ཉི་འོད་ལྟར་ཁྱབ་ནས་འགྲོ་བཞིན་པ་འདི་རེད། གྲྭ་ས་ཁག་ན་ཡོད་པའི་དེང་གི་བླ་སྤྲུལ་དགེ་བཤེས་ཚོའི་ཁྲོད་དུ་ཁོང་གི་ལུགས་བཟང་ཁ་ཞེ་གཉིས་མེད་ཀྱིས་སྐྱོང་མཁན་ག་ཚོད་ཡོད། འདི་ལ་ང་ཚོས་བསམ་བློ་གཏོང་དགོས་ཡ་འདུག མི་ཚེ་གང་བོར་ཆོས་ལུགས་རིག་གནས་ཀྱི་དོན་དུ་ཟེར་ན་འདྲ་ཚེ་ཕྱི་མའི་ཆེད་དུ་ཟེར་ན་ཆོག་གང་ལྟར་ཆུང་དུས་ནས་སྡུག་རུས་བརྒྱབ་སྟེ་ཤ་ཟད་རུས་ཟད་བྱས་ཀྱང་བདག་གཞན་སུ་ལའང་ཕན་ཐོགས་མ་བྱུང་བར་མི་ཚེ་རས་གཟན་ཟད་པོར་སྟིམ་མཁན་བླ་རྒན་དག་གི་ལོ་རྒྱུས་དགོན་པ་སོ་སོ་ན་མང་པོ་འདུག ཆོས་ཀྱི་ཉམས་ལེན་ཟེར་བ་དེ་ལག་པའི་ཐལ་ལྕག་རྒྱག་ཤེས་མ་ཤེས་ཙམ་ཞིག་མ་རེད། སྙིང་རྗེའི་གཞན་ཕན་གྱི་བསམ་པ་བཟང་པོ་ཞིག་གིས་སྤྱི་ཚོགས་ལ་ངོ་ལྐོག་དང་མདུན་རྒྱབ་མེད་པའི་སྒོ་ནས་ཕན་འདོགས་ཅི་ཐུབ་བྱ་དགོས། དེ་བཞིན་དུ་སྤྱི་ཚོགས་ནང་གཞུང་སྒེར་གྱི་བྱ་ལས་སྒྲུབ་མཁན་སུ་ཡིན་ཡང་ཚང་མས་རང་ཉིད་གཅེས་འཛིན་གྱི་བློ་ཁོ་ནས་མི་སྒེར་གྱི་ལྟོ་རྒྱབ་ཙམ་ལས་གཞི་རིམ་མང་ཚོགས་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་ཕྲན་ཚགས་ཙམ་ཡང་གཉེར་མི་ཐུབ་པ་ནི་ཐབས་སྡུག་པོ་རེད། འདི་ཙམ་གྱིས་མི་ཚེ་བསྐྱལ་བ་ཡིན་ན་རང་གི་རྒྱལ་ཁབ་དང་མི་རིགས་ཕར་ཞོག་རང་གི་ཕ་མའི་རེ་བ་ཉག་གཅིག་པོ་ཡང་འགྲུབ་ཡོད་པ་མ་རེད། ཐ་ན་རང་ཉིད་མི་ཡུལ་འདིར་ཐོན་པའི་ཟས་རིན་ཙམ་ཡང་མཇལ་མ་ཐུབ་ན་ང་ཚོས་ད་དུང་གསར་རྟགས་བསྟན་ནས་སྐྲ་ལོ་སེར་མདོག་མ་དང་དཔུང་ཤ་འབྲུག་རིས་མ་བཟོས་པའི་ཅི་ཡང་མི་ཕན། གང་ལྟར་རང་རང་ཚོས་མི་ནུས་ན་གྲོགས་པོ་ཚོའི་ནང་དུ་མི་རིགས་དང་ཁོར་ཡུག་གི་གཞི་རིམ་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཕན་ལས་ཅུང་ཟད་སྒྲུབ་མཁན་དག་ལ་ཕྲག་དོག་དང་ཟུར་ཟ། ངན་དམོད་གཏོང་གི་མི་འདུག་རྒྱུ་ང་ཚོ་བཙན་པོ་གདུང་རྒྱུད་པའི་སྤུན་ཟླ་ཡོངས་ཀྱིས་སེམས་ལ་འཛིན་རོགས་ཞུ་ཞུ་ཞེས་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པའི་ཉི་ཟླ་ཚེས་བཟང་བོར་གུས་པས་ཕུལ།

What to Look For When Making Your Next Diamond Purchase
PORNO qualifications needed in view of styles styling

Fashion social networking sites Best to sell your creative stuff online
Wedding Dresses Online Fashion Shopping On A Budget

Attractive Rosenthal's Product in Etabletop
VIDEOS PORNO this is an example

Retail Sales Forecast from a Fashion Perspective
Free Games Technical aspects like fashion art

With The Famous Damier Print Of Louis Vuitton
pornos village in my case

Usefulness of Wrought Iron In Stair Rails
PORNO FRANCAIS That had to be Swayze

Inside Parallels Automation for Microsoft Services
Tube XXX Even though there is something about her look that doesn't exactly say

The Carlyle Suites Hotel Brunch in Washington D
Filme Porno job explanation your current panache asst
བསྟོད།10

抱歉,评论已关闭!