རྐུན་མའི་ཡི་གེ

ཧེ་ཅིན་ཆན་ཚིས་བརྩམས། དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།

(འཇར་པན)ཧེ་ཅིན་ཆན་ཚིས་བརྩམས།
དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།

ལག་པས་གཟབ་གཟབ་ཀྱིས་ཕར་བསྟད་ཙ་ན་སྒྲ་ཅི་ཡང་མེད་པར་སྒོ་ཕྱེས་སོང་ལ། ཆར་བས་སྒོ་གླེགས་སྦངས་ནས་ཡོད་པས་རང་གི་འདོད་པ་བཞིན་སྒྲ་ཅི་ཡང་མ་གྲགས།

རྭ་སྒོ་ཁ་ནས་ནང་སྒོའི་བར་གོམ་པ་གཉིས་གསུམ་ཙམ་ལས་མི་འདུག རྒྱ་སྲང་གི་གློག་འོད་ཁྱིམ་མཚེས་ཀྱི་སྡོང་བོས་བསྒྲིབས་ཟིན་པས་འདི་གར་འཕྲོ་མི་ཐུབ། ཁོ་རང་མུན་ནག་ཁྲོད་ཙོག་པུར་བསྡད་ནས་ལྕགས་ཟྭ་ལ་བཀོད་པ་འཐེན། སྐབས་འདི་ནི་གཞན་གྱི་ཁྱིམ་དུ་འཛུལ་ན་ཆེས་བྲེད་ཤ་ལངས་པའི་དུས་ཤིག་རེད། ལས་མ་ལེགས་ན་ཕ་གི་ན་མི་གང་རུང་གིས་མིག་ཟུང་ཧྲིག་ཧྲིག་གིས་བལྟས་ཡོད་ཀྱང་སྲིད། ཁོའི་རྒྱབ་ནས་བྲེད་ཤའི་རྔུལ་ཆུ་བཞུར།

དེ་དགོང་གི་སྒོ་ཟྭ་འདིར་བཀོད་པ་འཐེན་དཀའ་ཚོད་འདུག སྤྱིར་བཏང་གི་སྒོ་ཟྭ་ཡིན་ན་ལག་ཆ་བཀོལ་ནས་ལན་འགར་བརྟག་པས་གསང་བ་བརྟོལ་འགྲོ། ཡིན་ཡང་དེ་རིང་གི་ཟྭ་འདིར་ཉིན་ཕྱེད་རིང་བརྟག་ནའང་ཕྱེས་ཐུབ་པའི་ལྟས་ཤིག་མི་འདུག ཁོས་ཤུ་རེ་བྱེད་ཚུལ་ལ་བལྟས་ན་དོ་ཡ་མི་ཡོང་པའི་དམག་དཔོན་ཞིག་དང་གཡུལ་འགྱེད་པར་སྟ་གོན་བྱེད་པ་དང་ཡོངས་སུ་མཚུངས།

ཁོས་ཟྭ་འདིའི་གསང་བར་ཡུན་ཙམ་བརྟག་རྗེས་གློ་བུར་དུ་བགད་བྱུང་། ཁོ་ཧོན་ལོག་འདུག གསང་བ་ཤིན་ཏུ་སླ་བོ་འདུག་པ་ལ་ཨང་། ......

མ་གཞི་སྒོ་འདི་ལ་ཟྭ་གཏན་ནས་བརྒྱབ་མི་འདུག་གོ །

ཁོའི་ཤེས་པའི་གནས་ཚུལ་ལྟར་ན། དུས་ཚོད་འདིའི་ནང་ཁང་བདག་ཕྱིར་ལོག་མི་སྲིད། ཡིན་ཡང་ངེས་པ་ཏན་ཏན་ག་ལ་ཡོད། ཁོ་སེམས་ཆུང་གིས་ཁང་བའི་ནང་དུ་འཛུལ་བ་ན། གློ་བུར་དུ་སྲ་ཞིང་མཁྲེགས་པའི་དངོས་པོ་ཞིག་རྡོག་པས་མནན་ཏེ་ཅུང་ཙམ་མིན་ན་འགྱེལ་སོང་། ཁོས་འཚབ་འཚུབ་ངང་དབུགས་ཀྱི་གཏོང་ལེན་ཡང་མཚམས་བཞག་སྟེ་བསྡད་པ་ན་ནག་རོག་རོག་གི་ཁང་པའི་ནང་དུ་གྲགས་འགུལ་ཅི་ཡང་མ་བྱུང་། ་

ཁོས་ལག་སྒྲོན་རྐང་འོག་ལ་བཀར་བར་ཡིན་རྒྱུ་ནི་ལྷམ་ཞབས་རིང་ནག་ནག་ཡ་གཅིག་ལ་ཐོགས་སོང་བས་རེད། ལྷམ་ཞབས་རིང་གི་ཁ་ཡ་དེ་ནང་སྒོའི་ཁ་གཏད་ན་འདུག ལྷམ་ཆ་འདི་གཅིག་པུས་མི་ཚད་པར་མཐིལ་ཤིང་སྟེང་སྐྱེས་པ་དང་བུད་མེད་ཀྱི་ལྷམ་སྣ་ཚོགས་ཀྱིས་ཁེབས་འདུག ཁོས་སེམས་ལ་གློ་བུར་དུ་འབྲོ་དགོས་པ་བྱུང་ཚེ་སྟབས་བདེ་རྒྱུ་མ་རེད་སྙམ་སྟེ་ལྷམ་རྣམས་གཞོགས་གཅིག་ལ་བསྒྲིགས་པ་ན། དེ་དག་ཡོད་ཚད་མི་དར་མ་ཏག་ཏག་གི་ཡིན་ལ་ཆ་བཅུ་གསུམ་ལོངས་འདུག

སྒོ་ཁྱམས་ཀྱི་ས་གདན་སྟེང་དུ་འདྲུད་ལྷམ་རྣམས་ཕྱོགས་ཡར་མར་ན་འཐོར་ནས་འདུག་པས་སེམས་སུ་འཚུབ་ཆ་ཞིག་ལངས་འོངས། ཁོས་རྟབ་རྟབ་པོར་འདྲུད་ལྷམ་རྣམས་ལྷམ་སྒྲོམ་སྟེང་བཞག་ནས་འབྲོ་བ་ལ་དགྲ་མི་བྱེད་པར་བཅོས།

ཉལ་ཁང་ནི་དེ་ལས་ཀྱང་སྐྱུག་བཙོག་ཅིང་ཞེ་མེར་བ་ཞིག་སྟེ། ཉལ་ཁྲིའི་སྟེང་ན་གཡེངས་ནས་ཡོད་པའི་ཚགས་ཤོག་ཅིག་འདུག་ཅིང། ཐབ་ཀའི་ཐོག་ན་བཀྲུས་མེད་པའི་དཀར་ཡོལ་དང་ཐུར་མས་བཀང་འདུག་ལ། དུ་སྣོད་ནང་ན་དུ་སྣེ་མང་བོ་བརྩེགས་ཡོད་པར་མ་ཟད། ད་དུང་རྐང་འབོལ་ཡ་གཅིག་དང་། ཚི་ནག་ཆགས་པའི་སྔས་འབོལ། ཟོས་འཕྲོར་ལུས་པའི་ཀུ་ཤུ། ཆག་རོར་གྱུར་བའི་ལྭ་སྒྲོམ......

ཁོས་ལག་མ་འགུལ་བའི་སྔོན་ལ་གཙང་སྦྲ་ཞིག་བྱེད་དགོས་སྙམ་སྟེ་རྐང་མྱུར་ལག་མྱུར་གྱིས་ནང་ལས་བྱས། ཁོས་དཀར་ཡོལ་དང་ཐུར་མ་ཇ་ཁང་ནང་བསྐྱལ་བར་རྫ་མའི་ནང་འབག་རོར་གྱུར་ནས་སྐྱུག་མེར་ལངས་འོངས་པས་ཐོག་མར་དེ་མི་བཀྲུས་ཐབས་མེད་བྱུང་། ཁོས་གོས་འཁྲུད་འཕྲུལ་ཆས་ཁ་ཕྱེས་ནས་སྔས་འབོལ་དང་། རྐང་འབོལ། ཚི་ལེན་རྣམས་ནང་དུ་འཕངས་རྗེས། ཁྲུས་གཞོང་ནང་གི་ནམ་ཞིག་ནས་གསོག་པ་མི་ཤེས་པའི་ཆུ་སྙོག་རྣམས་མར་བྱོ་ཞིང་སྣོད་ཆས་འབྱར་ཏོ་རྣམས་བཀྲུས།

གཙང་སྦྲ་བྱས་ནས་དུས་ཡུན་ཅུང་ཙམ་ཕྱིན་པས་ཁོ་ལ་དངོས་པོ་བརྐུ་བའི་དུས་ཚོད་ཀྱང་མེད་སོང་། ཁོས་ཕྱིས་ནས་འོད་ཀྲིག་སེ་བཏང་ཡོད་པའི་ཅོག་ཙེ་སྟེང་དྲག་ཏུ་ཁྲོས་པའི་ངང་ཡི་གེ་ཞིག་བཞག་པ་འདི་ལྟ་སྟེ།

ད་ནས་རང་ཁྱིམ་ལ་གཙང་སྦྲ་ཡག་པོ་བྱོས་ཤིག དེ་ལྟར་མ་ཡིན་པར་སྐྱུག་བཙོག་ཆགས་པའི་ཚེ་བདག་ལ་དངོས་པོ་བརྐུ་བའི་བསམ་པའང་གཞི་ནས་མེད་འགྲོ།

ཞེས་རྐུན་མ་ཞིག་ནས་།

ཉིན་གཉིས་པར། ཁོ་རང་དོན་དག་ཅི་ཡང་མ་བྱུང་བའི་བཟོ་ལྟ་དང་བཅས་ཁྱིམ་ཚང་དེའི་སྒོ་ཁ་བརྒྱུད་ནས་འགྲོ་སྐབས། དེ་ཚང་གི་ཡིག་སྒམ་སྟེང་ཡི་གེ་འདི་འདྲ་ཞིག་བྲིས་འདུག་སྟེ།

ཁྱོད་ཀྱིས་གད་བདར་གནང་བར་ཐུགས་རྗེ་ཆེ། དུས་རྒྱུན་ཕེབས་པར་དགའ་བསུ་ཡོད།

ཞེས་ཆུང་མ་གཞན་གྱིས་འཕྲོག་ཟིན་པའི་སྐྱེས་པ་ཞིག་གིས། ཞེས་པའོ། །

རྩོམ་པ་པོ་མཚམས་སྦྱོར།

ཧེ་ཅིན་ཆན་ཚི། (黑井千次)1932ལོར་འཁྲུངས། འཇར་པན་གྱི་བརྩམས་སྒྲུང་རྩོམ་པ་པོ་ཡིན། བརྩམས་ཆོས་ལ《དུས་ཚོད》སོགས་འདུག

སྤྱི་ལོ2011ལོའི་ཟླ 1ཚེས6 ཉིན་ཟི་ན་རྒྱལ་བོའི་ལིང་མཁར་གྱི་རང་ཤག་ཏུ་ལེགས་པར་བསྒྱུར་བའོ། །

How to Become a Fashion Forecaster
VIDEO PORNO XXX the most sadistic producers working in television today

How to Dress Age Appropriate
Gowns Online Shop get your internship down in a top-rated street fashion magazine

2 Ingredients Every Antioxidant Body Cream Has to Have
VIDEOS PORNO I can't wait to see what you have in store next year

a vision for creating a better world for tomorrow
Download Free Games moisture music band returns

Is It Time To Consider A New Investment Strategy
pornos cosmetics and home furnishings retailer

Double Your Income Doing What You Love
PORNO FRANCAIS we remain under the influence and buy in

Us Manufacturing And Strong Brand
Tube XXX and then selecting whether it is an

The Art Of Fashion With Topiary
Darmowe Porno and even pink
བསྟོད།7

抱歉,评论已关闭!