ཕ་ཡུལ་ཨ། སྡོང་སྟེང་།

གཅན་རྣམ་ཐར།

ཤར་ཕྱོགས་སུ་ཨ་མ་གོང་མོའི་རི་རྒྱུད་འཕྲེད་དུ་འགྱིང་ནས་ནམ་ཡང་མིག་ཟུང་གིས་གཡོ་བ་མེད་པར་འཚོས་ཡོད་ལ། དེའི་འདབས་རོལ་ན་རོང་བོ་དགུ་ཆུའི་མཆོད་པ་བཤམས་ནས་བཞག་ཡོད། གཡང་གཟར་གྱི་ཁྲི་སྟེང་ན་ནམ་ཞིག་ལ་སྡོང་སྟེང་ཟེར་བའི་མིང་འདི་སུས་གསོལ་བ་སུལའང་བཤད་རྒྱུ་མེད་པ་འདི་ལྷོད་ཆགས་སེ་བཞུགས་ཡོད། གནའ་དང་མ་སུ་ཞིག་གིས་གནས་འདི་རུ་ས་འཛིན་གྱི་དང་པོར་གྱུར་བ་མི་གང་དང་གང་ལ་བཤད་ཀྱི་མེད་པར་མི་རབས་མང་པོ་ཞིག་གི་སྔ་རོལ་ནས་གནས་འདི་རུ་སྡོང་སྟེང་ཟེར་བའི་རུ་སྡེ་ཕྲ་མོ་ཞིག་ཆགས་ནས་ད་ལྟའི་བར་དུ་གནས་ཐུབ་པར་གྱུར་སོང་བ་རེད། མི་ལོ་ག་ཚོད་ཅིག་ལ་གནས་འདི་ནས་གཏམ་རྒྱུད་ཀྱི་ཐང་མ་བརྡལ་མྱོང་ལ། འཚོ་སྐྱོང་གི་གཏམ་རྒྱུད་གང་སར་ཁྱབ་མྱོང་ངམ། གནས་འདི་ནས་སྡེ་བའི་གཞི་འཛིན་གྱི་ཐོག་མར་གྱུར་བའི་མེས་པོ་མང་པོ་ཞིག་གིས་དགོད་བྲོ་བ་དང་ངུ་བྲོ་བའི་གཏམ་རྒྱུད་གང་མང་གནས་འདིའི་རི་ཀླུང་གང་སར་འཐིམ་ཡོད་དམ། གནས་འདིའི་མ་སྲུ་གང་མང་ཞིག་གིས་ཁྱིམ་ཐབ་བསྐྱངས་ནས་བུ་ཕྲུག་གང་མང་ཞིག་གཉོར་སྐྱོང་བྱས་ཏེ་འདབ་ལག་རྒྱས་སུ་བཅུག་ཡོད་དམ། གནས་འདིའི་རི་ཀླུང་ཐང་གསུམ་དུ་ང་ཚོས་གོ་ཡང་མ་མྱོང་བའི་མེས་པོ་གང་མང་གི་མཚན་བྱང་དང་རྣམ་ཤེས་འཐིམ་ཡོད་དམ། མི་ལོ་གང་མང་གི་ལོ་ཟླའི་ཁྲོད་ནས། ངའི་ཕ་མེས་ཡང་མེས་རྣམས་ཀྱིས་སྐྱིད་སྡུག་རེས་མོས་ཀྱི་འཚོ་བ་སྟབས་བདེ་རེ་མྱངས་བཞིན། མངར་ལ་སྐྱུར་བའི་གཏམ་རྒྱུད་གང་མང་ཞིག་སེམས་ཁོང་དུ་རུམ་ནས་གནས་འདིའི་ས་རྡོའི་ཁོང་གསེང་དུ་ཐིམ་ཡོད་པ་རེད་ཨང་།

གོ་ཚོད་ལྟར་ན། ངའི་ཕ་མེས་ཡང་མེས་ནི་གནས་འདིའི་གཞི་འཛིན་གྱི་རྒྱུད་པ་ཤ་སྟག་ཡིན་ལ། གནའ་དང་པོ་ནས་གནས་འདི་རུ་ཕྱུགས་རིགས་འཚོ་སྐྱོང་གི་ལས་ལ་འབད་ནས་ས་འདིའི་མཚན་སྙན་གླིང་ལ་ཁྱབ་ཏུ་བཅུག་མྱོང་ལ། ས་འདི་ནས་དཀར་བོ་དགེ་བའི་ལས་ལ་འབད་པ་དང་། ས་འདི་ནས་ཕྱུག་བདག་གི་ཁྱིམ་རྒྱུད་ཆེན་པོའི་མཚན་སྙན་དགུང་དང་མཉམ་པ་སྐྱེས་མྱོང་ཟེར། མི་རྒྱུད་རུས་པ་དཀར་བོ་དུང་དང་འདྲ་བའི་བུ་དཔའ་བོ་དང་མ་མཛངས་མ་གང་མང་སྐྱེས་ནས་རྒས་མྱོང་ཟེར། འདི་དག་ནི་ཕ་ཡུལ་སྡོང་སྟེང་ཟེར་བ་འདིའི་གཞི་འཛིན་གྱི་ཐོག་མ་ཚོའི་བུ་རབས་ཚ་རྒྱུད་དངོས་ཡིན་པ་ཤ་སྟག་རེད།

དེ་རྗེས་རིམ་བཞིན་དུས་རབས་འགྱུར་བའི་འཐོར་རླུང་རྩུབ་པོ་ཞིག་གིས་སྡེ་བ་འདིའི་བཀྲ་ཤིས་གཡང་ཆགས་ཀྱི་ས་གཞི་ལ་རྐྱེན་ངན་གྱི་དྲི་མ་ནག་ནོག་གང་སར་ཁྱབ་འོངས་ལ། ཁ་ཐོར་དགུ་ཐོར་ནས་གྲུབ་པའི་ཁྱིམ་གཞི་གསར་བ་མང་པོ་ཞིག་གནས་འདི་རུ་གཞི་ཆགས་ཤིང་གཏན་སྡོད་དུ་གྲུབ་པ་ལས། སྔོན་ཆད་བཀྲ་ཤིས་བྱིན་ཆགས་ཀྱི་གཡང་ར་གྲུ་བཞི་འདི་ལ་བཤད་རྒྱུན་ངན་པ་དང་མི་འདོད་པའི་རླུང་འཚུབ་དྲག་པོ་གཡུག་པ་དང་། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཏུ་ཟེར་བ་བཞིན་ལོ་རེ་ནས་ལོ་རེར་ས་ལ་བཅུད་ཉམས། མིའི་གཤིས་རྒྱུད་འགྱུར་ནས་སྡེ་མི་རྣམས་གསོན་འདྲེ་རུ་གྱུར་བས། དུས་རབས་དང་རིག་གསར་གྱི་རླུང་ཆེན་དྲག་པོས། གནས་འདིའི་གཞི་འཛིན་གྱི་ཐོག་མ་དང་། ཕྱུགས་རིགས་དཀར་ནག་གི་གྲངས་ཀ་མི་ཟིན་པའི་བདག་པོ་རྣམས་མི་ཡི་གྲལ་ནས་ཁྱི་གྲལ་དུ་གཡུག་པ་དང་། དང་མ་ཁྱི་ལྡོམ་བཞིན་འཁྱམས་ཡོང་བ་རྣམས་མི་གྲལ་དུ་ཚུད་དེ་འཇིག་རྟེན་གོ་ལྡོག་གི་ལས་སུ་གྱུར་སོང་བས་ལས་དབང་ལ་འཁང་ར་བྱས་ནས་འདུག་པ་ལས་བྱ་ཐབས་ཅི་ཡང་མ་རྙེད།

ཕ་ཡུལ་ཨ། སྡོང་སྟེང་། དུས་དེང་སང་ཡང་བསྐྱར་ཁྱེད་ལ། སྡེ་བ་འདིའི་བུ་རབས་ཚ་རྒྱུད་རྣམས་ཁྲེལ་མེད་ཀྱི་ལས་ལ་ཞུགས་ཏེ་གྱང་ཆག་ཁ་ཤོ་སྣ་རལ་དག་ལེགས་སྐྱེས་སུ་བསྐྱུར་ཏེ་ལྡོམ་སོང་བ་རེད། གྱང་ཆག་ཁ་ཤོ་སྣ་རལ་དེ་དག་སྡེ་བའི་བུ་རབས་ཚ་རྒྱུད་ཚོས་ད་ལྟ་ད་དུང་ནམ་ཡང་སེམས་ན་འདི་ནི་རང་གི་ཁྱིམ་རྒྱུད་ཀྱི་གཞི་མའི་ས་འཛིན་ས་རྟགས་ཤིག་ཏུ་ངོས་བཟུང་སྟེ་ངོ་ཚ་མེད་པའི་སྒོ་ནས་སྐྱུར་ཡོད་པ་འདི་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། ཕ་ཡུལ་བསྐྱུར་ནས་གནས་གཞན་ལ་སྤར་ན་ཡང་ད་དུང་སེམས་སུ་ཧམ་སེམས་དང་ངན་སེམས། གཡོ་སྒྱུ་ཕྲག་དོག་ལ་སོགས་པའི་དུག་ཁུའི་དཀྲིས་ཡོད་པའི་སྡེ་བ་འདིའི་བུ་རབས་ཚ་རྒྱུད་རྣམས་ནི་གྱང་ཁའི་རྩ་བཞིན་མ་འོངས་བའི་དུས་ཤིག་ལ་ཡང་བསྐྱར་གནས་འདི་རུ་འཁྱམས་ཤིང་ལྡོམ་ནས་ཡོང་སྲིད་ངེས་ཡིན་པར་སྙམ། དེ་བས། ནམ་ཡང་འཇིག་རྒྱུ་མེད་པའི་ཕ་ཡུལ་སྡོང་སྟེང་ཟེར་བའི་མིང་བྱང་དང་རི་ཆུ་ནགས་གསུམ་བཅས་ནི་སྔར་ལས་གསོན་ཤུགས་རྒྱས་ཤིང་བསྐལ་བ་མ་འཇིག་བར་རྟག་བརྟན་དུ་གནས་ཐུབ། ཕ་ཡུལ་ཨ། སྡོང་སྟེང་། སེམས་མ་ཕམ། ཡིད་མ་སྐྱོ། ཁྲེལ་མེད་བག་མེད་ཀྱི་སྡེ་མི་ཚོས་ཁྱེད་རང་ཁེར་རྐྱང་དུ་ཕུད་པ་མ་ཟད། སྐྱི་གཡའ་ཞིང་འཇིགས་ཡེར་བའི་གྱང་ཆག་ཁ་ཤོ་སྣ་རལ་དག་ཁྱེད་ལ་མཚམས་རྟགས་སུ་འབུལ་ནས་བུད་སོང་བ་རེད་མོད། འོན་ཀྱང་སས་རྡུང་བའི་གྱང་ཆག་ཁ་ཤོ་སྣ་རལ་འདི་དག་མི་འགྱངས་བར་ཆར་རླུང་གིས་རང་ཤུགས་སུ་མེད་པར་བཏང་ནས་ཁོད་ཡངས་ཞི་འཇམ་གྱི་བཀྲ་ཤིས་གཡང་ར་ཞིག་ཏུ་བསྒྱུར་ངེས་རེད། གྱང་ཆག་ཁ་ཤོ་སྣ་རལ་འདི་དག་ནི་རང་གི་བདག་པོ་ཚོའི་སེམས་པ་ཡིན་ལ་གཤིས་རྒྱུད་ཀྱང་ཡིན་པས། གྱང་ཆག་ཁ་ཤོ་སྣ་རལ་འདི་དག་གིས་རང་གི་བདག་པོ་ཚོའི་ངན་སེམས་དང་ཧམ་སེམས། ཕྲག་དོག་ངན་དགུ་བཅས་མཚོན་པར་བྱས་ཏེ་ཆར་རླུང་གི་མ་འཇིག་བར་དུ་འགྱིང་ནས་འདུག་རྒྱུ་རེད་དོ།།

གསལ་བཤད། སྡོང་སྟེང་ཟེར་བ་འདི་མིང་ངོ་མ་མཚོན་པའི་ཡིག་འབྲུ་ཡིན་མི་སྲིད། ད་བར་དུ་ངེས་གཏན་གྱི་མིང་ཞིག་རྙེད་མེད་པ་རེད། འབྲི་བ་པོ་རང་རང་གིས་བརྡ་མཚོན་བྱེད་དུ་མིང་སྣ་ཚོགས་ཀྱི་སྒོ་ནས་འབྲི་བཞིན་ཡོད་དེ། དཔེར་ན། སྡོང་སྟེང་། གདོང་སྟེང་། ལྡོང་སྟེང་། གདོང་རྟིང་། སྡོང་རྟིང་སོགས་ལྟ་བུའོ།། དང་པོ་ཞིག་ན་འདི་འདྲའི་ཁ་མཚར་ཞིག་ཀྱང་བཤད་ཀྱི་ཡོད་ཟེར་ཏེ། མི་ཆ་མེད་གཉིས་ས་ཆ་ག་གེ་མོ་ཞིག་ནས་འཕྲད་དེ། མི་ཀ་བས་མི་ཁ་བ་ལ་ཨ་རོགས་གང་གི་ཡིན་ཟེར་བ་ལ། ང་ནི་སྡོང་སྟེང་གི་ཡིན་ཞེས་བཤད་པ་དང་། ཡང་ཁ་བས་ཀ་བ་ལ་ཁྱོད་གང་གི་ཡིན་ཟེར་བ། ང་སྡོང་མགོའི་ཡིན་ཞེས་བཤད་པས། ཁོ་གཉིས་ཀྱིས་བསམ་པར་ཕན་ཚུན་ལ་སྐད་ཆ་དྲང་མོ་བཤད་ཀྱི་མེད་པ་རེད་སྙམ་ནས་ཁ་རྩོད་བྱས་པ་རེད་ཟེར། འདི་ལ་བལྟས་ན་ཁོ་གཉིས་ཀྱི་༼སྡོང་སྟེང༽་དང་༼སྡོང་མགོ༽་ཞེས་པའི་༼སྡོང༽་དེ་ནི་ནགས་ཀྱི་སྡོང་བོ་ངོས་བཟུང་བ་རེད།

We Agree With Abercrombie Fitch
PORNO I like those odds

Creative Ways to Wear Neck Scarves
Bridesmaid Dresses developing tied gowns for then baby dolls

Fight for the cure at Belk's bra fitting event
PORNO strategy to estimate your incredible ushanka range

Beware of Fake Designer Clothing and Fashion Accessories
Free Games confident bald man

Comfort Sandals For Walking And Everyday Wear
Kostenlose Pornos von but also often wear things ironically

Latest Replica Panerai Luminor for Sold
Pornofilme heres my YTD weekly sales

Claiborne Slim Fit Suits on clearance at JCP
Tube XXX precisely have done the best end up being the wide-reaching apex related to it is possible vogue

Kelly Osbourne's secret weight loss weapon
Darmowe Porno They say in space
བསྟོད།7

抱歉,评论已关闭!