སྐྱ་སེར་གཉིས་ཀྱི་གཞི་མཐུན་ལ་རྒོལ་བ།

ཐོག་མདའ།

འགྲོ་བ་ཡོངས་ལ་ཤེས་རིག་དར་བ་ནས་རྒྱལ་ཁབ་དང་མི་རིགས་སོ་སོར་རིག་གནས་ཀྱི་ལས་འགུལ་གྲངས་མེད་ཅིག་བྱུང་དང་བྱུང་བ་རེད་ལ། རིག་གནས་རྙིང་བ་ལ་རིག་གནས་གསར་བ་ཡིས་སྲོག་དབང་གསར་བ་ཞུགས་ཤིང་། རིག་གནས་གསར་བ་ལ་རིག་གནས་རྙིང་བ་ཡིས་མཐུན་རྐྱེན་ཕུན་སུམ་ཚོགས་པར་བསྐྲུན་གྱིན་ཡོད་པ་རེད། དེ་བཞིན་འགྲོ་བ་ཡོངས་ཀྱིས་དོར་སྣང་དུ་འགྱུར་བའི་ནུབ་གླིང་བློ་འབྱེད་ལས་འགུལ་དང་།དབྱི་ཐ་ལིའི་རིག་རྩལ་བསྐྱར་དར། རིག་གནས་གསར་རྗེས་ཆེན་མོ།ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་སོགས་འགྲོ་བ་ཡོངས་ཧ་ལས་ཤིང་ཧང་སངས་པའི་རིག་གནས་ཀྱི་ལས་འགུལ་མང་དག་ཅིག་ལོ་རྒྱུས་ཀྱི་རྡོ་རིང་དུ་བཀོད་ཟིན་པ་རེད།

དེར་བརྟེན་སྒང་བ་བོད་ལའང་ལོ་དུ་མའི་སྔོན་དུ་ཞོགས་དུང་གིས་རིག་རྩལ་བསྐྱར་དར་གྱི་དབུ་བསླངས་བ་རེད་ལ།སྒང་བ་བོད་ཀྱི་རིག་གནས་ཀྱི་གཤིན་ས་རུ་སྔར་བྱུང་མ་མྱོང་བའི་རིག་གནས་ཀྱི་ཚ་རླབས་གསར་བ་ཞིག་ཀྱང་བོད་གཞིས་བྱེས་གཉིས་ལ་མཆེད་བྱུང་བ་རེད།དེ་ནི་ལོ་རྒྱུས་དང་དུས་ཚོད་ཀྱིས་དེད་པའི་བགོ་སྐལ་ཞིག་ཀྱང་རེད་འདོད།ཡང་ན་མ་བསླངས་ཚད་མེད་ཀྱི་དུས་དང་མཐུན་པའི་རིག་གནས་ཀྱི་སྲོག་དབང་གསར་བ་ཞིག་ཀྱང་ཡིན་ཚོད་རེད།གང་ལྟར།རིག་གནས་ཀྱི་ལས་འགུལ་དེའི་ནང་སྙིང་རྡོག་རྡོག་ཅིག་ནི་ལྷ་ཆོས་རིག་གནས་དང་མྱི་ཆོས་རིག་གནས།སྐྱ་བོའི་རིག་གནས་དང་སེར་མོའི་རིག་གནས།ཐར་བའི་རིག་གནས་དང་མངོན་སུམ་རིག་གནས་སོགས་རིན་ཐང་མི་འདྲ་བའི་རིག་གནས་གཉིས་ཀྱི་གདོང་གཏུག་ཚ་ཐག་ཆོད་པ་ཞིག་རེད།དེ་ཡིས་གནད་ཀྱི་གཙོ་བོ་ནི་སྐྱ་སེར་གཉིས་ཀྱི་དབར་ལ་རིག་གནས་ཀྱི་དགག་སྒྲུབ་དང་དགག་གཞག་རིམ་གྱིས་བསླངས་འགོ་བརྩམས་པ་རེད་མོད།རིག་གནས་འཕེལ་རིམ་གྱི་ངོས་ཐད་ནས་བལྟས་ན།ཧ་ཅང་རིན་ཐང་ལྡན་པའི་རིག་གནས་ཀྱི་ལས་འགུལ་གསར་བ་ཞིག་ཏུ་བགྲང་ཆོག་ཆོག་ནང་གི་ཆོག་ཆོག་རེད།

རེད་མོད་ཀྱང་། དེང་སང་དུས་དེབ་དང་གླེང་སྟེགས། ཁ་བརྡ་སོགས་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བ་རེ་རེ་ན། སྐྱ་སེར་རེ་ཟུང་གིས་བོད་མི་རིགས་ལ་ཚ་མདོག་གི་སྐྱ་སེར་གྱི་བསམ་བློ་གཉིས་ལ་གཞི་མཐུན་དགོས་རབས་དང་། སྐྱ་སེར་གཉིས་ཀྱི་མཐུན་སྒྲིལ་གལ་རབས་ཀྱི་གཏམ་བརྗོད་སྤེལ་དང་སྤེལ་མུས་རེད་ལ། སྐྱ་སེར་རེ་ཟུང་གིས་ཀྱང་མཐུན་སྒྲིལ་བྱེད་ཁུལ་གྱི་དུས་དེབ་མཉམ་ལས་དང་གླེང་སྟེགས་མཉམ་འཛུགས།ཁ་བརྡ་མཉམ་བྱེད་སོགས་ཁ་ཡག་ངོ་དགའ་ཡིས་སྦྱོར་བ་ཉིན་རེ་ནས་ཟླ་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་གི་ཡོད་ས་རེད།དེ་ལྟ་བུའི་སྐྱ་སེར་དག་གིས་རིག་གནས་དེ་གཉིས་ཀྱི་ཉིང་བཅུད་གསེད་དཀྲོལ་ཐུབ་ཀྱིན་ཡོད་མེད་ལ།ཁོ་བོ་ཉིད་ནས་དོགས་པ་མི་སློང་རང་སློང་རེད། མ་གཞི་སྐྱ་སེར་གཉིས་ལ་མཐུན་སྒྲིལ་དགོས་པ་སྨྲ་ག་ལ་དགོས་མོད། འུ་ཅག་གི་མཐུན་སྒྲིལ་བྱེད་ཐབས་ནི་དཀྱེལ་ཡངས་པ་དང་འཆམ་མཐུན་པ་དེ་མ་ཡིན་པར། སྒེར་གཅོད་ཀྱིས་རིག་གནས་སྣ་གཅིག་ལ་མི་བུ་ཀུན་པོའི་བློ་ཁ་ཕྱོགས་རྒྱུ་གལ་ཆེན་དུ་བཀུར་ཞིང་།གཙོ་རྒྱུགས་རིག་གནས་ལ་མི་བུ་ཀུན་པོའི་ཁས་ལེན་བྱེད་རྒྱུ་དགོངས་དོན་དུ་བཞག་ནས་ཡོད་པ་རེད།དེ་ལྟ་བུའི་དགོངས་དོན་ནི་རི་བོང་ལ་རྭ་ཡོད་ཅེས་བཤད་སྐབས།མེད་ཀྱང་ཡོད་གི་ཟེར་དགོས་པ་རེད་ལ།རི་བོང་ལ་རྭ་མེད་ཅེས་བཤད་སྐབས། ཡོད་ཀྱང་མེད་གི་ཟེར་དགོས་པ་རེད།ཡང་དེ་ལྟ་བུའི་བསམ་བློའི་དགོངས་དོན་དུ་གནས་ལུགས་ཀྱི་སྔུན་ན་མི་བུ་ཀུན་པོ་འདྲ་མཉམ་ཡིན་པའི་འདུ་ཤེས་རྨང་ནས་ཞ་ཡོད་པ་རེད།

རིག་གནས་གསར་རྙིང་གཉིས་ཀྱི་གདོང་གཏུག་ལས་བྱུང་བའི་རིན་ཐང་བསྐྱར་དཔག་གི་ལས་འགུལ་དེ་ནི་འདས་མ་ད་གསུམ་མཚོན་པའི་རིག་གནས་ཀྱི་མིག་དབང་གསར་བ་ཞིག་ཡིན་སྟབས། སྐྱ་སེར་རེ་ཟུང་གི་མཐུན་ཐབས་སྨྲ་བ་དང་མཉམ་ལས་བྱས་པ་ཙམ་གྱི་གཞི་མཐུན་དུ་ཆགས་ཐུབ་པ་ཞིག་ཁྱོན་ནས་མིན་ལ། རིག་གནས་དེ་གཉིས་ཀྱི་གདགས་གཞིའམ་དམིགས་དབེན་ཁ་ཁ་སོ་སོ་ཡིན་སྟབས།རིག་གནས་དེ་གཉིས་ཀྱི་རང་ལྡོག་ནས་རིག་གནས་ཀྱི་རིན་ཐང་རེ་རེ་འཚོལ་བ་ལས།གཞི་མཐུན་གྱི་ལམ་ཁ་ཞིག་རྡོ་ཆག་བཙན་སྒྲིག་བྱེད་པའི་སྦྱོར་བ་སྤེལ་ན། འུ་ཅག་ལ་ནད་ཡམས་སུ་ཕྱིན་པའི་ཆོས་མིན་སྲིད་མིན་གྱི་ཕྱིས་འབྱུང་ཞིག་ལས། ངོ་བོ་མཉམ་བསྲེས་ཀྱི་རིན་ཐང་གྱ་ནོམ་པ་ཞིག་ཤིན་ཏུ་ནས་རྙེད་ཐབས་བྲལ་བས།མཐུན་སྒྲིལ་ལ་དགའ་བའམ་མི་རིགས་ལ་དུངས་པའི་སྐྱེས་བུ་དག་གིས་བསམ་བྱ་ཉག་ཅིག་ཏུ་བཀོད་པའོ།། གལ་ཏེ། མི་རིགས་རིང་ལུགས་པའི་མྱིང་གཡར་ཏེ་གཞི་མཐུན་གྱི་ངོ་བོ་ཞིག་ཆགས་དགོས་པའི་གནས་ལུགས་དང་རྒྱུ་མཚན་འདྲེན་ན།དེ་ནི་དོན་དག་གཞན་པ་ཞིག་ཡིན་ཏེ།དུད་འགྲོ་ཁྱི་ལའང་ཤ་ཟ་སྐབས་གཞི་མཐུན་གྱི་ཁོར་ཡུག་མེད་ཀྱང་། སྤྱང་ཀི་མཐོང་ན་མཉམ་རྒྱུགས་བྱེད་པའི་གཞི་མཐུན་ཞིག་ཆགས་ནས་ཡོད་པ་རེད། དེ་བཞིན་འུ་ཅག་གིས་ཀྱང་རིག་གནས་མི་འདྲ་བ་གཉིས་ཀྱི་འགལ་འདུ་ཇི་ལྟར་བརྩད་ཀྱང་།རང་དབང་རིང་ལུགས་པ་ཇི་ལྟར་བཤད་རུང་། མི་རིགས་རིང་ལུགས་པ་དང་གཏན་བྲལ་ཡེ་ནས་བྱས་འགྲོ་གི་མ་རེད།ཡང་ན་ནང་ལས་ཕྱི་ཡིས་བཙན་འཛུལ་བྱས་ཡོང་སྟེ་གནད་ལ་ཐུག་དུས། མི་བུ་ཀུན་གྱི་བློ་ཁ་མཐུན་པ་གནས་ལུགས་ཀྱིས་གྲུབ་ཚར་ཡོད་པ་རེད།

དེ་མིན། སྐྱ་སེར་གཉིས་ཀྱི་གཞི་མཐུན་གླེང་ཐབས་མེད་པའི་གནད་ཀྱི་དོད་པོ་ནི་སྐྱ་བོ་རེ་ཟུང་དང་སེར་མོ་རེ་ཟུང་གིས་རིག་གནས་ཀྱི་སྦྱོར་བ་སྤེལ་བ་ཙམ་མ་ཡིན་པར།དེ་ནི་རིན་ཐང་ལྟ་ཚུལ་མི་འདྲ་བའི་རིག་གནས་ཀྱི་ལངས་ཕྱོགས་མི་མཐུན་པ་གཉིས་ཀྱི་འགལ་འདུ་རེད། དེ་ནི་ཁྱེད་ཅག་གི་སྐར་ཆ་ལྟར་བཤད་ན།རིག་གནས་གཅིག་གི་ངོ་བོ་ནི་སྐད་ཅིག་མ་དང་མི་རྟག་པ། སྡུག་བསྔལ་གྱི་ཁམས་ལྟ་བུ་དང་། རིག་གནས་གཞན་དེའི་ངོ་བོ་ནི་སྐད་ཅིག་མ་ཡིན་པ་དང་རྟག་པ། ཐར་བ་སོགས་འཇིག་རྟེན་ལས་འདས་པའི་བརྡ་ཆད་རི་འདྲ་བ་ཏག་ཏག་རེད།དེ་བཞིན་སྐྱ་བོ་དག་གིས་སྐད་ཅིག་མ་ནི་བདེ་སྐྱིད་ཀྱི་ཁམས་ཤིག་དང་སེར་མོ་བ་དག་གིས་སྐད་ཅིག་མ་ནི་སྡུག་བསྔལ་གྱི་ཁམས་ཤིག་ཏུ་འདོད་པའི་ལྟ་ཚུལ་ནི། རང་རང་སོ་སོར་རིན་ཐང་ལྟ་ཚུལ་མི་འདྲ་བ་རེ་ཡོད་པས་ཡིན་རྐྱེན།དེ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་གྱི་གཞི་མཐུན་གྱི་དྲང་ཐིག་གཅིག་གི་སྟེང་དུ་སྦྱར་དགོས་པའི་ངེས་པ་མཆིས་ལ། གཅིག་ཡོད་ན་གཅིག་མེད་པར་གཏོང་དགོས་པའི་ངེས་པའང་མ་མཆིས། དེ་ནི་རིག་གནས་དེ་གཉིས་ཀྱི་མཚོན་པའི་སྐྱ་བོ་དང་སེར་མོ་གཉིས་ཀྱིས་རང་རང་གི་ལས་སྐལ་དུ་ཡོད་པའི་རིག་གནས་དེ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། གནས་ལུགས་དང་དྲང་བདེན་གྱི་གཤོག་འོག་ནས་རིག་གནས་དེ་གཉིས་ཀྱི་བདེན་པའི་ཆ་ཤས་རེ་རེ།སྐྱ་སེར་གཉིས་ཀྱི་རང་རྒྱུད་ལ་སེལ་འཇུག་བྱས་ཆོག་གི་རེད་མོད། རིག་གནས་དེ་གཉིས་ཀྱི་དགོངས་དོན་མཐའ་དག་སྐྱ་སེར་གཉིས་ཀྱི་རང་རྒྱུད་སོ་སོར། ཉམས་ལེན་ཐུབ་པའི་ཚད་བརྒལ་གྱི་སྐད་ཆ་སྒྲོབ་ན། ཕུགས་བསམ་ཙམ་ལས་ལག་ལེན་གྱི་སྟེང་ནས་ནམ་ཞར་ཆ་ཁ་ཡ་སྡེབ་ཅིག་ལས་འཁྱོངས་ཐབས་ཡེ་ནས་མེད་དོ།།

སྐྱ་བོའི་རིག་གནས་དང་སེར་མོའི་རིག་གནས་གཉིས་ཀྱི་རང་ལྡོག་ན་རིན་ཐང་མི་འདྲ་བ་རེ་རེ་ཡོད་བཞིན་དུ། རིག་གནས་དེ་གཉིས་ཀྱི་རང་རང་གི་དགོས་དབང་གིས་ཕན་ཚུན་དགག་སྒྲུབ་དང་སུན་འབྱིན་ཀྱང་བྱས་ཆོག་ཆོག་རེད། ཡང་ན་སྐྱ་བོའི་འཚོ་གནས་ཀྱི་རྒྱལ་ཕམ་ཁྲོད་ནས་སེར་མོའི་བདག་ལས་གཞན་གཙོ་བའི་དགོངས་པ་འཇོམ་ཆོག་ཅིང་།སེར་མོའི་གཞན་ཕན་གྱི་སྙིང་རྗེའི་འོག་ནས་སྐྱ་བོའི་བདག་འཛིན་གྱི་སེམས་པའང་དོར་ཆོག་གི་རེད། ཡིན་ཡང་། གནས་ལུགས་ཀྱི་བདེན་ཁ་སྟེར་གྱིན་ཡོད་མེད་ནི་རིག་གནས་དེ་གཉིས་ཀྱི་མཚོན་པའི་སྐྱ་སེར་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པའི་གནད་ཀྱི་དམ་པ་ཞིག་ཡིན་འདུག་གོ།

དེ་བཞིན་སྐྱ་སེར་གཉིས་ཀྱི་གཞི་མཐུན་ལ་རྒོལ་བའི་ལྟ་ཚུལ་གྱི་དམིགས་འབེན་ནི་རིག་གནས་དེ་གཉིས་ཀྱི་འགལ་འདུ་ཡིན་པ་ལས། སྐྱ་བོ་དང་སེར་མོ་གཉིས་ཀྱི་གང་ཟག་ཙམ་མིན་པ་ཧ་གོ་རྒྱུ་ཤིན་ཏུ་ནས་གལ་ཆེན་ཡིན་ནོ།། མ་གཞི་སྐྱ་སེར་གཉིས་ཀྱིས་དུས་དེབ་མཉམ་ལས་དང་གླེང་སྟེགས་བསྒྲུབས།ཁ་བརྡ་མཉམ་བྱེད་སོགས་ནི་རིག་གནས་ཀྱི་མཁའ་དབུགས་གསར་བ་ཞིག་ཡིན་སྟབས། ཡི་རངས་དང་རྒྱབ་སྐྱོར་བྱེད་པའི་གནས་སུ་སྣང་ཡང་། རང་ཅག་གི་སྡེ་ནས་སྐྱ་བོ་དང་སེར་མོ་ཉིས་ག་ངོ་བོ་གཅིག་སྒྲིལ་བྱེད་སེམས་ཀྱི་ལྟ་ཚུལ་ཤུགས་དྲག་ཆེ་བས།དཀྱེལ་ཡངས་པའི་རིག་གནས་ཀྱི་ཁོར་ཡུག་གསར་བ་ཞིག་ནས་རང་ཉིད་ཀྱི་མཚོན་པའི་རིག་གནས་ཀྱི་ཁ་དོག་མ་ཡལ་བར། རིག་གནས་ཀྱི་སྦྱོར་བ་ཡང་དང་བསྐྱར་དུ་སྤེལ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་འདོད།ཡང་གཅིག་བཤད་ན་ལྟ་ཚུལ་མཉམ་གནས་ཀྱི་ཁོར་ཡུག་ཅིག་ནས་སྐྱ་སེར་སོ་སོས་རང་རང་གི་སྨྲ་ལྕེ་རང་ཉིད་ཀྱི་མཚོན་པའི་རིག་གནས་དེའི་ཁ་འོག་ལག་འོག་ནས་ལག་ཆགས་དགོས་པ་ལས། ཁ་ཡག་ངོ་དགའ་ཡིས་ཁྱེད་བཟང་ང་བཟང་གི་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ལྟར་མི་བྱེད་པ་ནི་ཀུན་གྱིས་རང་ཉིད་ཀྱི་བྲང་ཁར་ལག་པ་འཇོག་དགོས་པའི་དོན་དག་གལ་ཆེན་ཞིག་རེད་འདོད། ལྷག་ཏུ་ཀློག་པོ་ཀུན་གྱིས་ཧ་གོ་དགོས་པ་ཞིག་ནི་སྐྱ་སེར་གཉིས་ཀྱི་དབར་དུ་ཕུང་གྲོལ་བ་མ་ཡིན་པར། རང་རང་སོ་སོར་རང་ལ་གཟས་པའི་རིག་གནས་ཀྱི་ལམ་ཁ་རེ་རེ་ཡོད་སྟབས། འཚུལ་ཆོས་བྱེད་པའི་ལམ་ལུགས་ལ་རྒོལ་བ་ཙམ་ཞིག་ཀྱང་ཡིན་ནོ།།

Many young and quirky fashion designers have launched their line this year
VIDEO PORNO XXX that look good on me

Mens Underwear Has Started To Play Its Major Role
Wedding Dresses like a short sundress

Adobe Illustrator Fashion Design Template
VIDEOS PORNO Net earnings increased by two thirds to

Can a window covers improve a homes value and it's 'curb' appeal
Free Games The insert reproduces the cover image without the logo

A Basic Fall Wardrobe Guide
Kostenlose Pornos von It does seem like Uniqlo is restocking them but not fully

Galleon Group's Survival Looks Doubtful
Pornofilme Scarves This is a rather cute and elegant fashion accessory

If you could bring one item back to fashion
free porno day in the life of a development premium fashionable

Sunglasses For Your Priceless Eyes
Free Porno Wife But if you start screwing all the bargin sellers
བསྟོད།5

抱歉,评论已关闭!