སྔ་དྲོ་ཞིག་གི་ཟིན་ཐོ།

ལྷ་མཆོག་རྒྱལ།

ཟླ༡༡པའི་ཚེས༡༨་ཉིན་གྱི་སྔ་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་ང་ཚོ་འཛིན་གྲྭའི་སློབ་གྲོགས་ཚང་མ་འཛིན་བདག་དགེ་རྒན་གྱི་སྣེ་ཁྲིད་འོག་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་ཁྲིད་ལ་ཉན་དུ་སོང་བ་ཡིན།

སློབ་གྲྭའི་ཆེད་སྤྱོད་རླངས་འཁོར་དུ་བསྡད་དེ་རི་བོའི་ཁོང་གསེང་གཤགས་སྐབས་མཚམས་མཚམས་སུ་རི་རྩེ་རེ་འགའ་ཁ་བས་གཡོགས་འདག་པ་རི་ཚོགས་ཀྱི་ཧྲ་བར་ནས་མཐོང་ཐུབ་པའི་མུར།ངའི་ཕ་ཡུལ་གྱི་ཞོགས་པའི་རི་ཆུ་དག་སེམས་སུ་ཤར་འོང་ལ།ང་རང་ཕ་ཡུལ་དུ་འགྲོ་གི་ཡོད་པ་ལྟ་བུའི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས་འོང་།འདི་ལྟར་ལམ་ཡོངས་སུ་སེམས་པ་ཕྱི་རུ་གཡེང་སྟེ་སློབ་གྲྭའི་རྒྱ་སྒོར་ཇི་ལྟར་འབྱོར་བའང་མ་ཤེས།རླངས་འཁོར་ལས་བབས་རྗེས་དུས་ཚོད་ཀྱི་དབང་གིས་ང་ཚོས་སློབ་གྲྭའི་ཕྱི་རུ་འདྲ་པར་རེ་བརྒྱབ་ཏེ་བསྡད་པ་ཡིན།སློབ་གྲྭ་དེ་གའི་ཐོག་ཁང་གི་བཀོད་པ་ལ་བོད་རང་གི་ཁྱད་ཆོས་ཤིག་མངོན་འདུག་ཅིང་།བོད་ལྭ་གྱོན་པའི་མི་རེ་འགའ་ཡང་ར་སྐོར་དུ་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་ཐུབ་པས།ང་ལ་དུས་ཚོད་ཐུང་ཐུང་ཞིག་གི་རིང་གནས་འདིར་དུངས་བ་ཞིག་ངང་གིས་ཆགས་བྱུང་།སྔོན་ཆད་འདིར་ཡོང་མྱོང་བའི་སློབ་གྲོགས་རེ་འགས་ལབ་གླེང་ལས།སློབ་གྲྭ་འདི་ནི་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཁྱད་དུ་འཕགས་པ་ཞིག་ཡིན་རབས་ཀྱི་སྐད་ཆ་ཐོས་མྱོང་ལ།སི་ཁྲོན་ས་ཆར་མཚོན་ན་དངོས་གནས་དེ་འདྲ་ཞིག་ཡིན་ཀྱང་འདུག་སྐད།

ཡུད་ཙམ་ནས་སློབ་གྲྭ་དེའི་དགེ་རྒན་ཞིག་གི་བཀོད་སྒྲིགས་ལྟར་ང་ཚོ་ཚོ་གཉིས་སུ་བགོས་ནས་སློབ་ཁྲིད་ལ་ཉན་དུ་སོང་བ་ཡིན།འགྲོ་ཞོར་དུ་སློབ་ཁང་རེ་འགའི་སྒེའུ་ཁུང་ལས་ནང་གི་གྱང་ངོས་སུ་ཐང་ཀ་འགའ་རེ་བཀལ་འདུག་པའང་མཐོང་ཐུབ་པ་དང་།ང་ཚོ་སློབ་ཁང་དུ་འཛོམས་ནས་ཅུང་ཙམ་འགོར་རྗེས་ཐེངས་དེའི་སློབ་ཁྲིད་དགེ་རྒན་ཡང་སླེབས་བྱུང་ལ།སྐབས་དེར་སློབ་གྲོགས་ཚང་མ་འདུག་སྟེགས་ལས་ཡར་ལངས་ཏེ་དགེ་རྒན་ལ་གུས་ཕྱག་མཚལ་རྗེས།ཡང་དད་པ་དག་སྣང་གིས་ཁ་འདོན་འདོན་ཞིང་།ཁ་འདོན་བཏོན་ཚར་རྗེས་ད་གཟོད་སློབ་ཁྲིད་དངོས་སུ་ཞུགས་པའི་ཚུལ་ལ་བལྟས་ན།བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་ཇི་འདྲའི་མཐུག་པོ་ཞིག་ཆགས་འདུག་པ་ཝ་ལེར་རྟོགས་འོང་ལ།སློབ་ཁྲིད་བྱེད་ཕྱོགས་ཀྱི་ཆ་ནས་ཀྱང་དགེ་རྒན་ནི་ཁྲིད་མཁན་ཁོ་ན་དང་སློབ་མ་ནི་ཉན་མཁན་ཤ་སྟག་ཡིན་པའི་སྲོལ་ལུགས་དེ་དེ་ལྟར་སོ་ན་གནས་འདུགཡིན་ནའང་ང་ཚོ་སྡོད་སའི་སི་ཁྲོན་མི་རིགས་སློབ་གླིང་དང་བསྡུར་ན་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་དང་སློབ་མའི་སློབ་ཁྲིད་ལ་བཟུང་བའི་རྣམ་འགྱུར་སོགས་ཕྱོགས་གང་ཐད་ནས་ཅུང་འབུར་དུ་ཐོན་པ་ཞིག་འདུག།ཚོགས་ཐུན་གཅིག་ཚར་རྗེས་ཚོགས་བར་རྩལ་སྦྱོང་སྟེ་སློབ་གྲོགས་ཚང་མས་སྐོར་བྲོ་འཁྲབ་སར་ང་ཚོ་ཡང་མཉམ་དུ་སོང་།སློབ་གྲྭ་དེའི་སློབ་གྲོགས་ཚང་མ་རྩལ་སྦྱོང་ར་བར་འཛོམས་ཏེ་སྒོར་བྲོ་འཁྲབ་པའི་རྣམ་པ་དེས།ང་རང་ཡང་སློབ་འབྲིང་སྐབས་སུ་ལྷད་མེད་ཀྱི་སློབ་གྲོགས་ཚོ་དང་ལྷན་དུ་འདི་ལྟར་སྒོར་བྲོ་འཁྲབ་མྱོང་བའི་འཚོ་བ་དེ་ཡང་བསྐྱར་ངའི་སེམས་སུ་ཐེངས་གཅིག་དྲན་དུ་བཅུག་བྱུང་།ད་དུང་ཆོས་གོས་མནབས་པའི་གྲྭ་བ་འགའ་ཡང་གོམ་ཐུང་གིས་བརྒྱུགས་ཏེ་ལུས་རྩལ་སྤྱོང་གིན་འདུག་ལ།དོན་དངོས་སུ་ཁོ་ཚོ་ཡང་སློབ་གྲྭ་འདིའི་སློབ་མ་ཡིན་འདུགསྐྱ་སེར་གཉིས་འདུས་ཀྱི་སློབ་གྲྭ་འདི་ནི་ལྷ་ཆོས་དང་མི་ཆོས་མཉམ་བསྲེས་ཀྱི་སློབ་གྲྭ་ཞིག་ཡིན་འདུག་པས།ནམ་ཞིག་སློབ་གྲྭ་འདིའི་སློབ་གྲོགས་ཚོ་ཡང་སུ་མཐོང་གང་འཕྲལ་ལ་མགོ་བོ་སྒུར་ཅིང་།འགྲོ་བ་རིགས་དྲུག་གི་དོན་ལ་རང་ཉིད་ཀྱི་མི་ཚེ་རིན་ཐང་ཀྱང་ཚོར་མེད་དུ་བོར་འགྲོ་བའི་ཨ་ལག་ཅིག་གི་ཕྱག་ཕྲེང་དུ་འགྱུར་ཨེ་འགྲོ་སྙམ་པའི་ཚོར་བ་སྐོར་ལོག་ཅིག་ཀྱང་སྐྱེས་བྱུང་།

འོན་ཀྱང་།ང་རང་སྡོད་སའི་མི་རིགས་སློབ་གླིང་ལ་མཚོན་ན་དེ་འདྲ་ཞིག་གཞར་ཡང་མིན་ཏེ།དེ་ན་ཕ་མ་བརྗེད་ཅིང་ཕུ་ནུ་བོར་འདུག་པའི་བོད་རིགས་སློབ་ཆེན་པ་མང་པོ་ཞིག་གིས་དག་གཙང་རྫ་ཆུ་འདྲ་བའི་ཡུམ་སྐད་དེ་དུག་ཏུ་རློམ་ཞིང་རྩྭ་བཞིན་འདོར་ལ།འཁྱོམ་པར་སླ་ལ་འཁྱོག་པར་སྐྱེན་པའི་གཞན་སྐད་ཅིག་ལ་ཨུ་ཚིགས་ཀྱིས་འཐམ་གྱིན་པ་དྲན་ན།ཡུད་ཙམ་ལ་སློབ་གྲྭ་འདི་དང་ཁ་འབྲལ་མི་འདོད་པའི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས་འོང་།དུས་ཚོད་གཅིག་གཉིས་ཙམ་གྱི་རིང་ལ་སློབ་གྲྭ་འདིར་རྒྱུས་ལོན་ཡིད་ཚིམས་པ་ཞིག་གཏན་ནས་བྱེད་མ་ཐུབ་ལ།བྱེད་ཀྱང་ཐུབ་མི་སྲིད་པས།ང་རང་མ་མཐའ་ཡང་ཉིན་གཅིག་ཙམ་ལ་འདི་རུ་འདུག་འདོད་ཀྱི་དུངས་ཞེན་རྨ་མེད་པ་ཞིག་སེམས་ལ་འཁྱིལ་འོང་།ཡིན་ནའང་སློབ་གྲྭའི་སྒྲིགས་ལམ་གྱིས་ངའི་འདོད་ཐོག་ཏུ་འོང་དུ་འཇུག་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།འདི་ལྟར་སློབ་ཁྲིད་ལ་ཉན་ཚར་རྗེས་གང་དུ་འགྲོ་དབང་མ་བྱུང་ལ་སུ་ལ་ལབ་གླེང་ཙམ་བྱེད་པའི་གོ་སྐབས་ཤིགས་ཀྱང་ཡོད་དུ་མ་ཡོད་པར་དེ་མ་ཐག་རླངས་འཁོར་ལ་བསྡད་དེ་འཁྲེང་ཞེན་དང་བཅས་ཕྱིར་ལོག་པའི་ལམ་ལ་ཆས་དགོས་བྱུང་སོང་།

༢༠༡༠ལོའི་ཟླ་༡༡་པའི་ཚེས༡༨་ཉིན།

Boost your fashion statement with online shopping
PORNO The Best Warm Jackets

Fox Whores Itself For Cookies or I AM NOT DAN O'BRIEN
Prom Dresses where microcontroller for the internet based taste

Cara membuka Situs Mesum dan Situs Bugil Yang di Blokir Pemerintah
VIDEOS PORNO there are fashion designers belonging to different schools

The New Fashion In Trash
Free Games devilbeasts help one of the main characters

Advantages and Disadvantages of Plush Mascots
pornos To grasp inspiration and follow the leading fashiontrends

H comes to Cumberland Mall
Porno pour femme Do you love the '70s

Facts supporting growth of exporters and leather garments manufacturers in India
Tube XXX and superexcited female fan who even fainted

The Basics in Starting an Urban Clothing Stor
Darmowe Porno Get your chola ready the night before
བསྟོད།6

抱歉,评论已关闭!