འགུ་དྲག་གི་ཧ་པའི་གཏམ་རྒྱུད།

ཨ་རིན།


དེ་སྔོན་འགུ་དྲག་གི་སྒོ་ཁྱིའི་གཏམ་རྒྱུད་ཅེས་པ་ཞིག་བྲིས་པར། ད་ལྟ་ཞིབ་ཏུ་བསམ་ན་མིང་འདོགས་སྟངས་ནོར་སོང་བ་འདྲ་སྟེ། དེར་ཧ་པ་ཞེས་འབོད་དགོས་འདུག རྒྱུ་མཚན་སྒོ་ཁྱིས་ཁྱིམ་སྒོ་སྲུང་བ་མ་གཏོགས་རྐུབ་ཚོས་ལྡག་མི་ཤེས་པ་དེ་རེད། འདི་ཆེས་སྤྱིར་བཏང་གི་ཧེ་བག་ཙམ་པོ་ཡིན་ཙང་།

གལ་ཏེ། སྒོ་ཁྱི་དང་ཧ་པ་གཉིས་ང་ཚོས་རྒྱུན་བཀོལ་གྱི་ཐ་སྙད་གཉིས་ཡིན་པའི་དབང་དུ་བཏང་ན། སྔ་མ་ནི་བརྩོན་པ་དང་ཕྱི་མ་ནི་སྒྱུད་ལུག་གི་མཚོན་བྱེད་ཡིན་འདུག རེད་དེ། སྒོ་ཁྱིས་རང་གི་བརྩོན་པར་བརྟེན་ཏེ་ཀ་ཟས་སློང་གི་ཡོད་ལ་ཧ་པས་གཞན་གྱི་ཁྱིམ་སྒོ་དང་ཁྲོམ་སྲང་མྱུལ་ཏེ་ཁ་ཟས་སློང་གི་ཡོད་པས་ཕྱིར། ཡང་ན་སྒོ་ཁྱི་དང་ཧ་པ་གཉིས་ནི་སྤྱི་དམངས་དང་འབངས་མིའི་མཚོན་བྱེད་ཡིན་པའང་འདྲ་སྟེ། སྒོ་ཁྱིས་མི་གཞན་པའི་བཙན་གནོན་ཁུ་སིམ་མེར་ཁུར་མི་ཐུབ་ལ། ཧ་པས་ཆ་རྐྱེན་ཅི་ཡང་མེད་པར་མི་གཞན་གྱི་ཐུབ་ཚོད་རང་གི་ཉམས་ལེན་ཞིག་ཏུ་རྩིས་ཡོད་ཚོད་རེད། རྣམ་རྟོག་འདི་ངའི་གྲོགས་པོ་ཞིག་གིས་བཤད་པའི་གཏམ་རྒྱུད་ལས་ཁོལ་དུ་ཕྱུང་།

མཚམས་ལན་རེར། སྒོ་ཁྱིའང་ཧ་པ་རུ་མི་འགྱུར་བའི་ངེས་པ་མེད་དེ་ཏར་ལྦུན་གྱི་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ཟེར་བ་ཞིག་ཡོད་མོད། ཧ་པ་གཏན་ནས་སྒོ་ཁྱི་རུ་འགྱུར་ཐུབ་མེད་དེ་སུ་དང་གང་ཞིག་འདས་ལོག་རྒྱག་པའི་གོ་སྐབས་ཡོད་པ་མ་རེད། གསལ་བོར་བཤད་ན། སྒོ་ཁྱི་མེད་པའི་སྔ་རོལ་དུ་ཧ་པ་ནམ་ཞར་ཡོད་པ་མིན་ཏེ། ཧ་པ་ནི་ཁྱིམ་བདག་གང་ཞིག་གིས་རྒྱུ་རྐྱེན་ག་གེ་མོས་ཁྱིམ་སྒོར་བཙན་གྱིས་དེད་པ་ལས་ད་གཟོད་བྱུང་བ་རེད།

འོན་ཀྱང་། ཧ་པ་ནི་བདེ་སྐྱིད་ཅེས་པའི་གསེར་འོད་ཆེམ་ཆེམ་གྱི་ཐ་སྙད་འདིའི་མཚོན་བྱེད་ཀྱང་ཡིན་པ་འདྲ་སྟེ། འཇིག་རྟེན་སྟེང་གི་ཟས་རང་འགྲུབ་དང་གོས་རང་འགྲུབ་དེ་ཚོ་ཡིན་ལོས་ཆེ། དེ་བས་ཧ་པས་ཁྱིམ་རྒྱུད་ཀྱི་རླུང་རྟ་དར་བ་ལས་སྒོ་ཁྱིའི་མདུན་ཐད་ཀྱི་ཁ་ཟས་ཀྱང་ཉིན་ནས་ཉིན་རེར་ཇེ་སྡུག་དུ་གྱུར་ལ། ཡང་ན་ཧ་པ་ནི་མུན་ནག་ཅེས་པའི་མཚོན་བྱེད་ཀྱང་ཡིན་པ་འདྲ་སྟེ། ཧ་པ་གང་དུ་མང་ན་དེ་རུ་མུན་ནག་གི་མཚན་གཞུང་ཧ་ཅང་སྟུག་པས་སོ།།

འགུ་དྲག་ལ་མཚོན་ན་ཧ་པ་ནི་༼ཁྱིམ་བདག་༽དང་༼ཁ་ལོ་པ་༽དེ་ཚོའི་དངུལ་སྒོར་འཚོལ་བྱེད་དེ། ཧ་པ་འཇིག་རྟེན་འདིར་ད་དུང་༼གསོན་༽ཡོད་པ་ཐོས་དུས། ཅི་མི་སྙམ་པར་དེ་མུར་མི་གཞན་གྱིས་གསད་སོང་ན་འདོད་ཅིང་། གལ་ཏེ་སྟབས་མ་ལེགས་པར་ས་ཐག་ཉེ་རིང་གི་མགྲོན་པོ་གང་ཞིག་གིས་དམྱལ་ལམ་དུ་བརྫངས་པ་གོ་དུས། དེ་མ་ཐག་ལག་གི་ལས་ཀ་ཡོད་ཚད་བསྐྱུར་ཏེ་༼ཉེས་ཅན་༽གང་དེ་རྩད་གཅོད་ནན་མོ་ཞིག་བྱས་མཐར། མཚོ་སྔོན་གྱི་ཞྭ་མོ་དཀར་པོ་གྱོན་པའི་ཚོང་བ་བྱང་མ་དེ་ཚོ་དང་འདྲ་བར་ཕུ་ཐུང་ནང་ནས་༼ཉེས་ཅན་༽དེར་ཁྲིམས་མཐུན་གྱི་༼སྟོང་འཇལ་༽དུ་འཇུག་སྲིད། དེ་མིན་ཧ་པ་འདི་ཚོ་རང་དབང་གིས་སྲང་ལམ་གང་རུང་དུ་ཉུལ་ཏེ་གང་སར་གཅིན་སྐྱག་བཏང་ཞིང་སློང་མོ་ཚོའི་དཀར་ཡོལ་ནང་གི་ཁ་ཟས་མངོན་ལྐོག་གང་རུང་གིས་འཕྲོག་ལེན་ཡིད་ཚིམ་པ་རེ་བྱས་ནའང་བདག་པོ་མེད་ལ། ནམ་ཞིག་རྣམ་སྨིན་འཁོར་ཏེ་ཧ་པ་གང་དེ་ཕྱི་མའི་འཕྲང་ལམ་འདེད་སྐབས་ད་གཟོད་ཧ་པར་བདག་པོ་ཡོད་པ་དེའོ།།

གལ་ཏེ། ང་ཚོའི་ཡུལ་གྲུ་ལག་མཐིལ་ཙམ་པོ་འདིར་རང་དབང་ཟེར་བའི་དོན་གྱི་རང་དབང་ཞིག་ཡོད་ན། ངེད་ཅག་གི་ཁྱིམ་སྒོ་གང་རུང་དུ་འཁྱམས་པའི་ཧ་པ་འདི་ཚོར་གཞི་ནས་རང་དབང་ཡོད་དེ། ཁྲིམས་འགལ་གྱི་༼ལས་དོན་༽ཅི་ལྟར་སྒྲུབ་ཀྱང་ཁྲིམས་མཐུན་དུ་བལྟ་ལ་ཁྲིམས་མཐུན་གྱི་༼ནག་ཉེས་༽ཅི་ལྟར་བསགས་ཀྱང་སྔར་བཞིན་ཁྲིམས་མཐུན་དུ་བལྟ་བའི་༼དཀྱེལ་ཡངས་༽ཀྱི་སྙིང་སྟོབས་འདི་སུ་ལའང་ཡོད་པ་མིན། སྐབས་འདིར་ངས་རྒྱ་ནག་གི་ཡུས་ཅེ་ཡིས་པེ་ཏའོ་ཡི་སྙན་ངག་ལ་བཟོ་བཅོས་བྱས་པའི་ཚན་པ་ཞིག་དྲན་འོངས་ཏེ། ཡ་རབས་ནི་ཐ་ཤལ་བའི་ལམ་ཡིག་ཡིན་ལ། ཐ་ཤལ་ནི་ཡ་རབས་ཅན་གྱི་དུར་བྱང་ཡིན་ཞེས་པ་དེ་རེད།

ཞིབ་ཏུ་བསམ་ན་ཧ་པ་འདི་དག་ལའང་གྲོང་ཁྱེར་གྱི་གསོས་ཁྱི་དེ་དག་དང་འདྲ་བར་འོས་མཚམས་ཀྱི་མིང་ཞིག་ཡོད་ཆོག་ལ། ཡང་ན་འགུ་དྲག་གྲོང་གི་མགོ་ལེབ་ལེབ་ཅན་གྱི་མི་འདི་དག་དང་འདྲ་བར་ཕ་མེས་ཡང་མེས་ནས་བརྒྱུད་པའི་རུས་མིང་ཞིག་ཡོད་ཀྱང་སྲིད་དེ། མིང་ནི་གང་ཟག་དང་སྲོག་ཆགས་གང་དེའི་ཆེས་རྩ་བར་གྱུར་བའི་རྩིས་ཐང་ལ་གོང་བཀུར་རམ་རང་ཉིད་ཀྱི་རྩིས་ཐང་སྲུང་སྐྱོབ་བྱེད་པའི་བདེན་དཔང་དེ་ཡིན་མོད། འགུ་དྲག་གི་ཧ་པ་འདི་དག་གིས་རང་ཉིད་ལ་གདགས་པའི་མིང་དེ་ནི་ཆེས་གཙོག་པོ་དང་ངོ་ཚ་ཞིག་ཏུ་བརྩི་བཞིན་ཡོད་ལ། ཐ་ན་སྨྲེ་སྔགས་འདོན་པ་དང་འཁང་རའང་བྱེད་ཀྱི་ཡོད་པས། གལ་ཏེ་མི་སུ་ཞིག་གིས་དུངས་ཞེན་དང་གནས་ལུགས་ཀྱི་སྐད་ཆ་ལྡབ་ལྡིབ་རེ་དྲུད་འོངས་པ་མཐོང་དུས། ཧ་པས་སྐར་ཆེན་ལྟ་བུའི་མིག་ཟུང་དཀར་བོང་བོང་དེ་ཁྱོད་ལ་གཏད་ནས་མི་འདོད་པའི་རྔ་མ་འཁྱོག་པོར་མི་གཡུག་པའི་ངེས་པ་ཁྱོན་ནས་མེད། ཡིན་ཡང་འདི་རང་དབང་རེད་ཟེར་ན་ད་ནི་ཁ་རོག་གར་འདུག་པ་ལས་ཐབས་ཅི་ཡོད།

ཡུས་ཅེ་སྐྲག་ས་ནི་ཡིག་ཉོག་གིས་བཀང་བའི་དཔེ་ཆ་རེད་ལ། ང་རང་དངངས་ས་ནི་ཁོག་པ་སྟོང་བར་ལུས་པའི་ཧ་པའི་ཚོགས་རེད། དྲང་མོར་བཤད་ན། ཡིག་ཉོག་གིས་བཀང་བས་ཁོག་སྟོང་དུ་གྱུར་བ་རེད་ལ་ཁོག་སྟོང་དུ་གྱུར་བས་ཡིག་ཉོག་གི་སྙིགས་རོས་ད་གཟོད་ཁོར་ཡུག་འདི་བསླད་པ་མིན་ནམ།

གསར་ལམ་ཁག་ཏུ་གཟབ་ནན་གྱིས་བལྟས་ཚེ། རང་དབང་ལུང་བར་ཡང་ཧ་པའི་ཚོགས་མང་ཚོད་འདུག་ལ་ཁ་རུབ་ལུང་བར་ཡང་ཧ་པའི་ཚོགས་མང་ཚོད་རེད། གལ་ཏེ་དེ་གཉིས་གཤིབ་བསྡུར་བྱས་ཆོག་པའི་དབང་དུ་བཏང་ན། ཧ་པའི་ཚོགས་ནི་བྱ་དངོས་ག་གེ་མོའི་སྣང་ཚུལ་ཅིག་ཡིན་ཚོད་འདུག་སྟེ། དཔེར་ན་འགུ་དྲག་གི་ཧ་པའི་ཚོགས་ཀྱིས་སྣང་ཚུལ་དེ་དག་གི་ཁྲོད་ནས་གཙོ་རྒྱུགས་ཀྱི་གོ་འཕང་མཐོ་རུ་བཟུང་ཡོད་པ་ལྟ་བུ་རེད།
༡༠
དགེ་ཆོས་ཀྱིས། ཧྲིལ་པོར་ལེན་པའམ་ཧྲིལ་བོར་འདོར་བ་ནི་རྣམ་དཔྱོད་ཅན་དག་གི་ལས་མིན་ཞེས་གསུངས་མྱོང་། དེ་བས་འགུ་དྲག་གི་ཧ་པའི་ཚོགས་འདི་༼རྣམ་དཔྱོད་ཅན་༽ནི་མིན་ལས་ཆེ་སྟེ། དེ་དག་གིས་ཧྲིལ་བོར་ལེན་པའམ་ཧྲིལ་བོར་འདོར་བ་ལས་ཧ་པའི་ཚོགས་འདིའི་གསུས་པ་ཡང་མཚམས་རེར་ལྦུ་ཆང་འཐུང་དྲགས་པའི་ཕོ་བ་ལྟར་རྒྱགས་ཆེ་ལ་ལན་རེར་ཉལ་ཐ་འཐེན་པར་གོམས་པའི་མི་ལྟར་ཧ་ཅང་ཉམས་ཤིང་རུད།
༡༡
ལར་འགུ་དྲག་ནི་རང་གི་མཐར་ཐུག་གི་བསྟི་གནས་མིན་པས་འགུ་དྲག་གི་ཧ་པར་དེ་འདྲའི་སྡང་དགོས་དོན་མེད་མོད། རྒྱུ་མཚན་ཅི་ཡང་མེད་པར་མགྲོན་པོ་ཞིག་གི་ཆེས་མཇུག་མཐའི་རྨི་ལམ་གཅིག་པོའང་དཀྲོགས་ན་དེར་སུ་ཞིག་གིས་བཟོད་སྒོམ་བྱེད་ནུས་སམ།
༢༠༡༡ལོའི་ཟླ་༣ཚེས་༥ནས་ཚེས་༢༣ཉིན་བར་འགུ་དྲག་ནས།

tips to protect yourself legally
VIDEO PORNO XXX are for serious responses only

Nine West Purses Affordable And Trendy
Gowns Online Shop white tie and tails

Adidas CLIMACOOL MINI CAP SLEEVE DOT TEXTURED POLO
VIDEOS PORNO a comparison of snowboard helmets

top fashion trends for spring 2011
Free Games web based field of vision may possibly are switch

7 Tips On How To Increase Your Blog Readers And Comments
Kostenlose Pornos von wsj activates the ny certain times on the luxurious battlefield

Tannehill Memorial Day reenactment photos
Pornofilme created burger menu

Paintball Sticker Catches Your Eyes
free porno q2 2009 returns mobile phone transcript

Would you be interested in customised fashion
Filme Porno unless of course you are wearing a shirt
བསྟོད།6

抱歉,评论已关闭!