ཞི་བདེ་གླེང་བ

གཡུ་སྒང་ཕོ་ཉ།

ཞི་བདེ་གླེང་ན་ངེས་པར་དུ་མིའི་རིགས་ཀྱི་སེམས་ཀྱི་ལྟ་བ་གཙོ་བྱས་ཏེ་བརྗོད་དགོས། རྒྱུ་མཚན་ནི་འཇིག་རྟེན་ཁམས་ཀྱི་འཁྲུག་རྩོད་ཡོད་དོ་ཅོག ཆེ་ས་བཤད་ན་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འགལ་བ། ཆུང་ས་ ནས་བཤད་ན་མི་དང་མིའི་བར་གྱི་འགལ་བ། འདི་དག་ནི་མིའི་སེམས་རྒྱུད་ཀྱི་ཕྲག་དོག་དང་འདོད་ཆགས། ཞེ་སྡང་དང་ངན་སེམས་སོགས་ཀྱིས་དབང་གིས་བྱུང་བ་ཤ་སྟག་གོ།ཞི་བདེའི་མངའ་བདག་ཆེན་མོ་སངས་རྒྱས་ཀྱིས་ཞལ་ནས།སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པརཤོག།རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་གསུངས་བ་དང་། དགེ་རྒན་པེལ་ཟེར་བ་ཞིག་གིས་ང་རང་རྒས་ཀྱིན་རྒས་ཀྱིན། བཟོད་སྒོམ་ནི་རང་དབང་ལས་ཀྱང་གལ་ཆེ་བ་རེད་འདོད་ཅེས་གསུངས། བཟོད་པ་སྒོམ་པ་དང་སྡིག་པ་མི་བྱ་བ་གང་ཡིན་ཡང་སེམས་ལ་རེག་ལས་ཡོད་པ་རེད།བཟོད་པ་སྒོམ་པ་དང་སྡིག་པ་མི་བྱ་བ་གང་ཡིན་ཡང་དགེ་བ་དང་ཞི་བདེ་ཁོ་ན་ཡིན། དགེ་བ་དང་བཟོད་པ་སྒོམ་པ་ནི་མ་ཎི་འདོན་པ་དང་སྐོར་བ་རྒྱག་པ་ཙམ་མ་རེད། གཙོ་བོ་ཕན་ཚུན་བར་ལ་འཁོན་མི་འཛིན་པ་དང་ངན་སེམས་མི་འཆང་བ་ལ་ཟེར། མིའི་རིགས་ཀྱིས་བྱ་བ་བཟང་ངན་ཅི་ཞིག་བྱས་ཀྱང་ཐམས་ཅད་སེམས་ལ་དྲན་རྗེས་བྱུང་བ་ཞིག་རེད། སངས་རྒྱས་ཀྱིས་ཞལ་ནས།སེམས་ཀྱི་རྒྱལ་བོ་དབང་བྱས་ན།། ལུས་དང་ངག་ཡང་བྲན་ཏུ་འགྱུར།།དེའི་ཕྱིར་ང་ཚོའི་མི་སུ་དང་སུ་ཡིན་ཡང་། རང་གི་སེམས་པ་དང་བསམ་པའི་འདུ་ཤེས་ལས་ངན་སེམས་དང་ཕྲག་དོག་ཞེ་སྡང་སོགས་སྤངས་ཏེ་བཟོད་སྒོམ་དང་མཐུན་སྒྲིལ་བྱེད་པ། ཡིད་བཞིན་ནོར་བུས།ངས་རྒྱུན་ཏུ་བཤད་པ་ལྟར་ནང་ཆོས་ཀྱི་སྙིང་བོ་ནི་སྤྱོད་པ་འཚེ་བ་མེད་པ།ལྟ་བ་རྟེན་འབྱུང་ཞེས་བ་འདི་ཡིན། སྤྱོད་པ་འཚེ་བ་མེད་པ་ནི་ མཐར་གཏུགས་ན་སྙིང་རྗེ་དང་བྱང་སེམས་ལ་ཐུག་གི་ཡོད་ཅེས་གསུངས། དེ་ ནི་ཞི་བདེ་ཡིན་པས་ང་ཚོས་སྡུག་པ་ཅི་ཡང་མི་བྱེད་པ་དང་སེམས་ཅན་ལ་ གནོད་འཚེ་སྤང་བའི་ཚུལ་ཇི་བཞིན་སྟོན་པའི་ཞི་བདེ་སྙིང་ནོར་ནང་བསྟན་ ཆོས་ལུགས། སེམས་ཀྱི་བྱུང་བ་དང་བསམ་པའི་འདུ་ཤེས་ལེགས་པར་ གསུངས་བའི་དམ་པའི་ཆོས་ལ་སྦྱོང་བ་དང་ཁས་ལེན་མི་བྱེད་ན་ཡང་། དེང་དུས་ཀྱི་འཛམ་གླིང་སྟེང་ན་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོ་ལ་ ཁྱད་ཆོས་ཇི་ལྟ་བུའི་སྒོ་ནས་གཟེངས་རྟགས་ཐོབ་གྱིན་ཡོད་པ་ང་ཚོའི་མི་ཚང་མར་མིག་མཐོང་ལག་ཟིན་ཏུ་སྣང་བས་གསལ་ཆ་ཡོད། དེ་ཡི་རྗེས་སུ་སྙེགས་ ནའང་བཟོད་སྒོམ་དང་དགེ་སེམས་གཙུག་ཏུ་འཛིན་དགོས། དོན་དམ་པས་ ཞི་བདེ་ཞིག་འདོད་ན་ངེས་པར་ཏུ་སེམས་ལ་སྦྱོང་བརྡར་བྱས་ནས་གཞན་ ཕན་ལ་འབད་པ་དང་།ཞི་བདེའི་གཟེངས་རྟགས་བཞེས་མཁན་དག་གི་ལྟ་བ་ལ་སློབ་སྦྱོང་དང་ལག་ལེན་བྱས་ན་ད་གཟོད་གཞན་དང་མི་མཚུངས་བའི་ སེམས་ཀྱི་ལྟ་བ་ཁྱད་འཕགས་ཅིག་སྐྱེས་ངེས་ཡིན། དེ་ནི་ཀུན་གྱིས་སྨོན་ པ་འཆོར་སའི་ཞི་བདེ་ཡིན། དེ་ཡང་ཡིན་ཏེ།བདན་ཉིད་ཆེན་པོ་མ་ཧཱ་གན་ ངྷིའི་ལེགས་བཤད་ཅིག་ལས་ཀྱང་འདི་ལྟར། གལ་ཏེ་ཁྱེད་ཀྱིས་རང་གི་དགྲ་ལ་ངོས་བཟུང་བ་ཞིག་ལ་སྙིང་ནས་བྱམས་པའི་རྣམ་པ་བསྟན་ཏེ་དེའི་ རྒྱུད་ལ་མོས་པ་ཤར་ནུས་པ་ཞིག་བྱས་ན།དེས་ཀྱང་བྱམས་པའི་ལན་དུ་བྱམས་པ་ཞིག་ཀྱང་བྱ་བར་ངེས། སྲོག་གཅོད་སྤངས་ཙམ་གནོད་ འཚེ་སྤངས་པ་མིན།། སྐྱེ་བོ་སུ་འདྲར་བརྙས་བཅོས་མི་བྱེད་ཅིང་།།རང་གི་དགྲ་ལའང་གནོད་སེམས་སྤོང་བ་དེ།། གནོད་འཚེ་སྤངས་པའི་ལམ་ སྲོལ་དག་ཡིན།།ཞེས་གསུངས་པ་འདིས་ཀྱང་སྡོམ་ཚིག་བདེ་མོ་ཞིག་བརྒྱབས་འདུག་ན། ང་ཚོས་ངེས་པར་འདིའི་ཕྱོགས་སུ་རྒན་གཞོན་མེད་པར་བསམ་བློ་གཏོང་ དགོས། མཐར་ཞི་བདེ་འདི་ཉིད་གོ་བདེ་མོའི་བཤད་ན་གནོད་འཚེ་ ཞེས་བ་འདི་ལ་གོ་བ་ཟབ་མོ་བླངས་ཏེ་མི་རང་རང་གི་སེམས་ཀྱིས་འདུ་ཤེས་ ལས་བྱམས་པ་དང་སྙིང་རྗེ་ལྡན་པ་དང་།སྤྱོད་པ་ལེགས་པོའི་སྒོ་ནས་ཕྲག་དོག་རིང་དུ་དོར་ཏེ་ཕན་སྒྲུབ་ལ་སུན་སྣང་མེད་པ་ཞིག་ཡིན་ན་ཀུན་གྱིས་ཡིད་སྨོན་བྱེད་སའི་ཞི་བདེ་ཡིན་ནོ།།
འཇིག་རྟེན་ཡིད་སྟོན་དབེན་པའི་གནས་འདི་ནས།།
འཇིག་རྟེན་ལྟ་བ་འགལ་ཟླའི་འཁྲུག་ལོང་ཁྲོད།།
འཇིག་རྟེན་མི་ཡིས་འཚོ་བའི་བདེ་སྡུག་གླེང་།།
འཇིག་རྟེན་བསམ་ན་སེམས་པ་བདེ་ཐབས་མེད།།

ཞེས་མི་ཞིག་ཡིན་ཡང་འབུ་ཞིག་གི་ས་རྒྱ་ལས་མ་ཆོད་པའི་གཡུ་སྒང་ཕོ་ཉས་ནང་བའི་ བསྟན་པ་ལ་བག་ཆགས་ཙམ་བཞག་པའི་ལྟ་ཚུལ་ཐུང་ཐུང་ཅིག་ལས་གཞན་གྱི་བསྟོད་ བསྔགས་ལ་དུང་བ་གཏན་ནས་མིན།

Go Risqu With An Adult Party Theme
PORNO to buy the newest trends

summer outfits built around running shoes OC
Wedding Dresses oakley surge internet explorer

Cheryl Cole Angelina Out Victoria Beckham is World's Most Glamorous Celebrity
PORNO concept outlay gamble

250 is still King of heavy duty pickup trucks in Texas
Free Games Women Fashions of the 50s

2013 Derby City Fashion Week wrap
pornos one of those that is exceedingly difficult to win

Importance of Computers in Fashion Designing
free xxx Next thing we want to talk about is shoes

10 Reasons for Personal Hygiene
Tube XXX as well as their

Dress Right For Your Body Type
Filme Porno Your sexy new wardrobe is waiting
བསྟོད།7

抱歉,评论已关闭!