དུས་ཆེན་དང་འུར་འདྲོགས།

ཐོག་མདའ།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན།ལོ་རྒྱུས་ནི་གནམ་ས་གཡོ་བའི་འཇིགས་སྐྲག་གི་མེ་ལོང་ཞིག་དང་འདྲ་ལ།བདེན་པ་རྫུན་མས་མནན་ཞིང་འོད་ཟེར་མུན་པས་དེད་དེ་ལོ་རྒྱུས་ཀྱི་དཀར་ཆགས་གཏན་ལ་ཕབ་ཡོང་བ་ཞིག་རེད།བར་སྐབས་ཤིག་ལ་བདེན་པ་ངེས་ཟིན་ཐོབ་ཅིང་འོད་ཟེར་མུན་པས་དེད་པར་འགྱོད་གཤགས་དང་།ཕྱིར་རྟོག་བྱེད་ཕྱིར་མིའི་རིགས་ཀྱི་ལོ་རྒྱུས་སུ་དུས་ཆེན་སྣ་ཚོགས་ཤིག་ཁད་ཀྱིས་གསར་དར་བྱུང་བ་རེད།དེ་ནི་མིའི་རིགས་ལ་སད་རྟོགས་བྱུང་བའི་ལོ་རྒྱུས་ཀྱི་མིག་དབང་གསར་བ་གསར་རྐྱང་ཞིག་ག་ལ་མིན།རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའང་མིའི་རིགས་ཀྱི་ཁོངས་གཏོགས་སུ་འདུས་པས།དེ་དག་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་དེ་དང་གཉིས་སུ་མ་མཆིས་སོ།།

མིའི་རིགས་ཅེས་པའི་སྤྱི་བམ་དེ་ལས་བྱེ་བྲག་ཏུ་བབ་སྟེ།རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོར་ཉམས་ཞིབ་བྱས་ན།དེ་དག་སོ་སོར་འང་ལོ་རྒྱུས་དེ་དང་འདྲ་བའི་དུས་ཆེན་མང་དག་ཅིག་ངེས་ཟིན་ཐོབ་ཀྱང་ལོ་གྲངས་མི་མཚུངས་པའི་ལོ་ཚིགས་རེ་རེར།དུས་ཆེན་མི་མཚུངས་པ་མང་བོ་མང་བོ་ཞིག་རང་རང་གིས་རོལ་གྱིན་ཡོད་པ་རེད།དེ་ནི་དགའ་འོས་པའི་དོན་དག་ལེགས་ཤོས་ཤིག་རེད་དེ།རང་ཉིད་ཀྱི་ལོ་རྒྱུས་ལ་དྲན་གསོ་དང་ཕྱིར་མིག་འཕངས་པའི་ལོ་རྒྱུས་ཀྱི་རྡོ་རིང་དམ་པོར་བཏང་པའི་མིག་དཔེ་གསོན་པོ་ཞིག་རེད་འདོད།

རེད་དེ།དུས་ཆེན་དེ་རིགས་ལ་སྤྱི་ཕྱོགས་ནས་རིགས་གཉིས་རུ་དབྱེ་ཆོག་ཏེ།མིའི་རིགས་ཀྱི་དུས་ཆེན་དང་རྒྱལ་ཁབ་སོ་སོའམ་མི་རིགས་སོ་སོའི་དུས་ཆེན་ཟེར་བ་ཞིག་ཡོད་པ་རེད།སྔ་མ་ནི་དུས་ཆེན་རོལ་བར་གོམས་པ་ཡོད་པའི་མི་རེ་རེས་དུས་ཚོད་དེ་དང་བསྟུན་ཏེ་རོལ་གྱིན་ཡོད་པ་རེད།ཕྱི་མ་ནི་རྒྱལ་ཁབ་སོ་སོའམ་མི་རིགས་སོ་སོས་རང་ཉིད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དུས་ཆེན་གྱི་ལོ་ཚིགས་དང་བསྟུན་ཏེ་རོལ་གྱིན་ཡོད་པ་ལས།མི་ཀུན་གྱིས་དུས་ཆེན་དེ་ལ་དོར་སྣང་བྱེད་དགོས་པའི་ངེས་པ་རྦད་དེ་ཡོད་པ་མ་རེད།དེའི་གནད་ཀྱི་གཙོ་བོ་ནི་དུས་ཆེན་དེ་དག་རྒྱལ་ཁབ་སོ་སོའམ་མི་རིགས་སོ་སོའི་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པའི་ཕྱིར།ཡིན་ཡང་།མི་རེ་ཟུང་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་མ་ཤེས་པར།དུས་ཆེན་གོ་ཚད་ཐུག་ཚད་ལ་རོལ་ཁུལ་བྱས་པ་ནི་འུར་འདྲོགས་དང་བླུས་རྒྱུགས་བྱས་པ་ཙམ་ལས།བདེན་དཔང་དང་ཁུངས་དེད་བྱེད་ས་གཅིག་ཀྱང་ཡོད་པ་མ་རེད།གང་ལྟར།རྒྱལ་ཁབ་དང་མི་རིགས་སོ་སོས་༼རྒྱལ་ཁབ་དང་མི་རིགས་རེ་རེའི་གཞི་རྐང་མི་སྒེར་རེ་རེ་ཡིན་སྟབས།གཙོ་བོ་མི་སྒེར་རེ་རེ་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་རེད༽རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་དུས་ཆེན་དག་ལ་རྩིས་མཐོང་དང་།རང་ཉིད་མ་ཐེ་བའི་དུས་ཆེན་ལ་འུར་འདྲོགས་མི་བྱེད་རྒྱུ་ནི་རང་ཉིད་རང་གིས་ངོ་ཤེས་པའི་རྟགས་མཚན་གཙོ་བོ་ཞིག་རེད།

བོད་ལ་མཚོན་ཏེ་ལབ་ན། རྒྱལ་ཁབ་གཞན་དང་མི་རིགས་གཞན་ཇི་བཞིན་ཏུ་དུས་ཆེན་མང་བོ་ཡོད་ཀྱང་། ཡིད་ཕམ་པ་ཞིག་ལ་བོད་མི་ཚོའི་ཀླད་པའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱིས་གཙང་ཕྱག་བྱས་ཏེ།སངས་རྒྱས་ཆོས་ལུགས་དང་འབྲེལ་ཡོད་པའི་དུས་ཆེན་དག་ལས།བོད་རང་ཉིད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་མང་པོ་ཞིག་རྨག་མེད་དུ་བཏང་བས།མི་སྒེར་རེ་རེའི་ཡིད་ཀྱི་འཁྱེར་སོ་དང་འཚམས་པའི་དུས་ཆེན་ཞིག་ཤིན་ཏུ་ནས་དཀོན་པ་རེད། དེ་བས། བོད་ཕྲུག་ཤ་དར་ཁྲག་དར་ཚོར་རང་ཉིད་ཀྱི་བློ་ཡིད་དང་འཚམས་པའི་དུས་ཆེན་ཞིག་མ་ཡོད་པར། དུས་ཆེན་ཟེར་བ་ཞིག་ཐོས་པ་ན། དགའ་དགའ་སྤྲོ་སྤྲོ་བྱས་ཏེ་གང་འདོད་འདོད་དུ་རོལ་གྱིན་ཡོད་པ་རེད།དུས་ཆེན་ནི་དུས་ཆེན་རང་ཡིན་མོད།དེའི་ལྟག་རྒྱབ་ན་རིག་གནས་ཤིག་གི་བཙན་འཛུལ་བྱས་ཏེ་བོད་ཕྲུག་ཤ་དར་ཁྲག་དར་ཚོའི་ཤ་གསེང་རུས་གསེང་དུ་རས་ལ་སྣུམ་འཐིམ་པ་ཇི་བཞིན་ཁད་ཀྱིས་ཟོས་ཏེ་ཡོང་གིན་ཡོད་པས།བོད་ཀྱི་གསར་བུ་གསར་མོ་དག་གིས་ཡིད་ནང་དུ་བཀུག་ཏེ་བསམ་བློ་ཡང་དང་བསྐྱར་དུ་གཏོང་བའི་རེ་བ་དང་སྐུལ་མ་བྱས་པའོ།།

ཞོར་ཏུ་བོད་རང་ཉིད་ཀྱི་རྩམ་དྲི་མ་ཡལ་བའི་དུས་ཆེན་མང་པོ་ཞིག་དྲ་སྟེང་དང་དུས་དེབ་སོགས་སུ་བཀོད་དེ་བོད་ཀྱི་གསར་བུ་གསར་མོ་དག་གི་བགོ་སྐལ་ཏུ་འཇོག་པའི་རེ་བ་སྨྱུག་ཐོགས་པའི་སྡེ་ལའང་ཞུས་པ་ཡིན་ནོ་ཞེས་ཐོག་མདའ་རུ་འབོད་པའི་དྲ་ཁང་ཞིག་ནས་ཤར་མར་སྦྱར་བའོ།།

Body Shop Announces NEW Body Sorbets
VIDEO PORNO XXX Last quarter it reported revenue of

Rose Silver Spring Maryland Floral
Bridesmaid Dresses With comparable sales growth slowing down rapidly to 2 3

The Must Have Clothes In Spring That Makes You Being Elegant
PORNO Heidi opted to fly solo for the event

The Great Worm of Avebury
Free Games Observe the people around you

How Hieroglyphics Can Inspire Designers
pornos We also get the final two voice actor commentaries

7 for All Mankind Warehouse sale comes to San Francisco
PORNO FRANCAIS For all intents and purposes

How to Be a Fashion Stylist for Teen Vogue
free porno which gives Najika new friends and a new challenge

Fashion bliss on a budget
Darmowe Porno With vests easily available in the market
བསྟོད།7

抱歉,评论已关闭!