རྣོ་སྦྲེང་དང་རྒྱང་འཕེན་པའི་སྙིང་སྟོབས།

དཔལ་བེའུ།

དཔལ་འབྱོར་འགྲན་ཚོགས་ཀྱི་སྤྱི་ཚོགས་འདིའི་ཁྲོད་མི་སོ་སོའི་བསམ་བློའི་འཁྱེར་སོ་མི་གཅིག་པའི་དབང་གིས་བདེ་བ་འཚོལ་ལུགས་དང་སྡུག་བསྔལ་མྱོང་སྟངས་ཐ་དད་ལ། བདེན་པ་རྙེད་སྟངས་དང་འཚོ་བའི་ཁ་དོག་མི་འདྲ་བས་ཐ་གཅིག་ཏུ་འདི་ཡིན་དང་དེ་མིན་གྱི་སྐད་ཆ་སྦོམ་པོ་རེ་བཤད་རྒྱུ་ནི་ང་ལྟ་བུ་ཞིག་ལ་ཆེས་མི་འཚམ་མོད། བདེན་པ་དེ་ནམ་ཡང་རྫུན་པ་མིན་པའི་ཚོར་རྟོགས་དེའི་ཀློང་ནས་བདེན་པ་སྤྱི་བོར་བཀུར་དགོས་པའི་གནས་ལུགས་རྙེད་ཚུལ་ལ་མི་འདྲ་ས་མེད་པར་ངེས། དེའི་ཕྱིར་སྤྱི་ཚོགས་དཔྱད་བརྗོད་པའི་སྡེ་དང་། རྩོམ་པ་པོའི་སྡེ། སྒྱུ་རྩལ་བའི་སྡེ། ཁེ་ལས་པའི་སྡེ་ཚོགས་སྤྱི་སྒེར་སུ་ཞིག་ཡིན་རུང་རང་རང་ས་ནས་བདེན་པ་རེ་འཚོལ་གྱིན་ཡོད་ལ།ཞར་དང་ཞོར་ནས་བདེན་པ་རྡོག་བརྫིས་གཏོང་མཁན་ནམ་རྫུན་གྱི་ཐེམ་པ་སྤུངས་མཁན་ལ་སུས་ཀྱང་ངོ་རྒོལ་ལས་རྒྱབ་སྐྱོར་བྱེད་མཁན་མེད་ལ། ཡོད་ཀྱང་རང་མཚང་ཕྱིར་བསྟན་པ་ཙམ་ལས་མཁས་པའི་ཆོ་ལོ་འདོགས་མཁན་ནི་གཞར་ཡང་ཡོད་མི་སྲིད་དོ། ཡིན་ན་ཡང་། དེང་གི་ཧོལ་རྒྱུགས་མཁན་རེ་ཟུང་གིས་དམིགས་ཡུལ་ཅི་ཡང་མེད་པར་མྱི་ཤོབ་རྐྱལ་ལ་མཁས་པའི་ཆོ་ལོ་གནང་ཞིང་། བདེན་པ་གཙུག་ཏུ་བཀུར་མཁན་ལ་ཉེས་པའི་ཞྭ་མོ་གཡོགས་པའི་སྲོལ་ངན་ཞིག་དར་ཞིང་འཕེལ་བཞིན་པ་ནི་སྙིགས་དུས་ཀྱི་ཐན་ལྟས་སུ་བགྲང་ཆོག་ཆོག་ཡིན་མོད། ཕ་ཡི་འདས་མཆོད་ལ་སྤྲོ་སྐྱིད་གཏོང་བའི་སྣང་ཚུལ་ཡ་མ་གཟུགས་དེ་དག་མིག་ལམ་དུ་ཡང་ཡང་འཁོར་དུས་ལག་པ་མཆན་ལ་བཙུར་ནས་སྡོད་མ་བཟོད་པར་བགྱི་བ་འདི་ལྷུར་བླངས་དགོས་བྱུང་། ཟླ་བ་གཅིག་གི་ཡར་སྔོན་ནས་བཟུང་ཁོ་བོས་ན་གཞོན་གསར་བའི་དྲ་ཚིགས་དང་། མཚོ་སྔོན་པོའི་དྲ་ཚིགས་ཐོག་རྒྱང་འཕེན་པའི་སྙིང་སྟོབས་སུ་འབོད་པའི་དཔེ་ཆའི་ཐད་ཀྱི་རྩོམ་ཡིག་འགའ་ཀློག་མྱོང་མོད།དཔེ་ཆ་དངོས་ལ་བལྟས་མ་མྱོང་བས་ད་བར་དུ་དེའི་ཕྱི་ནང་གསལ་བོ་ཞིག་ཤེས་མ་སོང་། དེ་རིང་སྟབས་ལེགས་ནས་དཔེ་ཆ་དེའི་འགོ་ནས་མཇུག་བར་ཞིབ་ཚགས་ཀྱིས་བཀླགས་ཚར་རྗེས་ཤུགས་རིང་ནར་མོ་ཞིག་དང་ལྷན་དུ་བློ་ངོར་མི་བདེ་བའི་རྩོམ་ཡིག་འགའ་ལ་ལྟ་ཚུལ་རེ་བྲི་མོས་བྱུང་།གྲོགས་རྣོ་སྦྲེང་ལགས་ཀྱི་ཐུབ་བསྟན་རིག་གནས་དང་བོད་པའི་མྱི་ཟེར་བའི་རྩོམ་ཡིག་དེ་ནི་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་དུ་གཏམ་བཤད་སྤེལ་བའི་བགྲོ་གླེང་གི་ཁ་བྱང་ཡིན་འདུག་ལ། ཁ་བྱང་དང་ཤར་ནུབ་ཀྱི་བར་ཐག་ཡོད་པའི་སྐབས་དེའི་གཏམ་བཤད་དམ་རྩོམ་ཡིག་དེས་བགྲོ་གླེང་ལ་ཞུགས་པའི་སློབ་མ་ཚོའི་རྒྱུད་ལ་ཚོར་འདུ་གང་འདྲ་ཞིག་སྦྱིན་ཡོད་མེད་ནི་གཤམ་ལ་གཟིགས་དང་ལྷོད་ཀྱིས་ཚོར་ཐུབ། རྣོ་སྦྲེང་ལགས་ཀྱིས་བགྲོ་གླེང་དེའི་འགོ་བཙུགས་ནས་ཁ་བྱང་བསྒྲགས་རྗེས་ཁ་བྱང་དེ་འདོགས་དོན་གྱི་རྒྱུ་རྐྱེན་གཉིས་བགྲང་འདུག་ལ། དེ་གཉིས་ནི་ཕྱི་ནང་གི་བཙུར་གནོན་གཉིས་ཡིན་པར་ལབ་བྱུང་།
དང་པོ། ཁོས་བཤད་དོན། ད་ཐེངས་བཙུར་གནོན་དེ་གཉིས་ལས་ནང་ལ་བཙུར་གནོན་བྱ་མཁན་དེ། ཐུབ་བསྟན་རིག་གནས་ཀྱི་སྐོར་ལ་ལྟ་ཚུལ་ཉུང་ངུ་ཞིག་བཤད་རྒྱུ་ཡིན། ཐུབ་བསྟན་རིག་གནས་ཀྱི་བཙིར་གནོན་འོག་ན་བོད་པ་ཚང་འདུར་གིན་པ་དོ་དགོང་ངས་དོན་ཚན་ལྔ་ལ་བགོས་ཡོད་ཟེར། ཨུ་ཧུ་ཧུ་་་། སྐབས་དེར་ཁོང་གིས་ཐུབ་བསྟན་རིག་གནས་ཀྱིས་བོད་ལ་བཙིར་གནོན་ཅི་ལྟར་བྱེད་ཚུལ་ཐད་ཅི་ཡང་མ་གླེང་བར་མཐའ་དང་རྒྱང་བསྐོར་ནས་སྒམ་མདོག་གིས་གཏམ་བཤད་སྤེལ་སྟངས་འདི་ནི་ཅི་འདྲའི་མཚར་བོ་ཞིག་ཡིན་སོང་ཨང་། ཐུབ་བསྟན་རིག་གནས་ཀྱིས་བོད་མྱིའི་ཟས་སྐལ་འཕྲོག་མེད་ལ། བོད་མྱི་དམར་གསོད་ཀྱང་བཏང་མེད། བོད་མྱིའི་རྩྭ་ས་འཕྲོག་མེད་ལ། ཞིང་སའང་བརླག་མེད། ཐུབ་བསྟན་རིག་གནས་ཀྱིས་བདེན་པ་ཞིག་སྟོན་གྱིན་ཡོད་པར་མ་གཏོགས། མ་རུང་བའི་བྱ་བར་འཇུག་དགོས་པའི་བཀའ་རྒྱ་ཡེ་ནས་དཀྲམས་མེད་ལ། མིའི་ཐོབ་ཐང་དང་མྱི་གཞི་རྡོག་བརྫིས་བཏང་བའི་གཏམ་དང་སྦྱོར་བ་གཏན་ནས་བཤམས་མེད་དོ། སྐུ་ཉིད་ཀྱིས་ཤེས་ན་ཐུབ་བསྟན་རིག་གནས་ནི་སློབ་གསོ་ཞིག་རེད་ལ། སློབ་གསོ་སློབ་གསོ་རུ་མ་ངེས་པ་ནི་སྐྱེས་བུ་སྒེར་གྱི་ངན་སྐྱོན་ཞིག་ལས་གཞན་འགོར་འཕེན་ས་ཡོད་ནི་མ་རེད།ཐར་བ་འདོད་མཁན་ཞིག་ལ་མཚོན་ན་ཐར་བའི་ལམ་ཡིག་རེད་ལ། མི་ཆོས་དོན་གཉེར་ཅན་ཞིག་ལ་མཚོན་ན་ཡང་ཡ་རབས་ཀུན་སྤྱོད་ཐད་ཀྱི་སློབ་གསོའི་ཐབས་ལམ་རེད། མ་རབས་ལ་གོམས་ཞིང་ཡ་རབས་ཀུན་སྤྱོད་ལ་མི་འཛེམས་པ་ཞིག་ལ་འགྲོ་བ་མིའི་ཁེ་དབང་དང་མིའི་བདེན་པ་འཚོལ་བའི་སྐད་ཆ་དེ་མི་འཛའ་བས་སློབ་གསོ་དང་དཔག་ཚད་འབུམ་གྱིས་ཆོད་ཡོད་ནི་རེད།ཉེས་ཅན་དག་ཉེན་རྟོག་པར་སྡང་པ་ནི་ཉེན་རྟོག་པའི་སྐྱོན་མ་ཡིན་ལ། དགེ་ཕྲུག་མ་རབས་དག་དགེ་རྒན་ལ་འཇིགས་པ་ནི་དགེ་རྒན་ལ་མཆེ་བ་ཡོད་པས་མ་རེད། ཐུབ་བསྟན་རིག་གནས་ཀྱིས་འདྲ་མཉམ་དང་བཟོད་སྒོམ་གྱི་ནུས་པ་གཙོར་འཛིན་དགོས་པར་བསྟན་པ་ལས་འདྲ་མཉམ་གྱི་དར་ཤིང་གང་དུའང་བཅག་མེད་ལ།གཅོག་དགོས་ཚུལ་གྱི་སྐད་ཆའི་ཟུར་ཙམ་ཡང་གླེང་མེད་པས།སློབ་མ་ཚོའི་མདུན་ནས་ཆོས་གཞུང་ལ་ཅི་འདྲའི་ཆ་རྒྱུས་ཡོད་མདོག་གིས་མགོ་བསྐོར་མ་གཏོང་རོགས།
གཉིས་པ། ཡང་ཁོང་གིས། དང་པོ་ཡིན་ན་ཐུབ་བསྟན་རིག་གནས་ཞེས་པའི་བརྡ་ཆད་ཀྱི་སྐོར་རེད། འདི་ཉེ་ལམ་གསར་དུ་དར་བའི་བརྡ་ཆད་ཅིག་རེད། བརྡ་ཆད་འདི་མ་བཀོལ་བའི་སྔོན་ལ། འུ་ཚོས་རྒྱུན་དུ་ནང་དོན་རིག་པའམ། ནང་བསྟན་ཆོས་ལུགས། བོད་བརྒྱུད་ནང་བསྟན་སོགས་ཟེར་གི་འདུག་ཟེར། ཨ་ཨ་་རྣོ་སྦྲེང་ཡ་་་རྣོ་སྦྲེང་། ཁྱོད་ཀྱིས་རྫུན་ཙམ་ཡང་བཤད་མི་ཤེས་པར་འདུག མི་སུ་ཞིག་གིས་ཐུབ་བསྟན་རིག་གནས་དང་བོད་བརྒྱུད་ནང་བསྟན་གཉིས་གཅིག་ཡིན་པར་བཤད་གི་འདུག ཐུབ་བསྟན་རིག་གནས་དང་བོད་བརྒྱུད་ནང་བསྟན་གཉིས་ལ་མི་གསུམ་གྲུབ་པ་ཡང་མ་ཚོར་རམ། བོད་བརྒྱུད་ནང་བསྟན་ཡིན་ན་ཐུབ་བསྟན་རིག་གནས་ཡིན་པས་ཁྱབ་ཀྱང་།ཕྱི་མ་ཡིན་ན་དང་པོ་དེ་ཁྱབ་ནི་མ་རེད། རྒྱུ་མཚན་ནི། རྒྱ་བརྒྱུད་ནང་བསྟན་སོགས་གཞི་གྲུབ་པའི་ཕྱིར་རོ།འདི་ལྟ་བུའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པར་ནང་བསྟན་ཆོས་གཞུང་ལ་སྡོམ་ཚིག་རྒྱག་པ་ནི་ཅི་འདྲའི་དགོད་སྤྲོ་བ་ལ་ཨང་།

གསུམ་པ། ཐུབ་པ་ཟེར་བ་ནི་སྐབས་འདི་ནས་བཅོམ་ལྡན་འདས་ལ་ངོས་འཛིན་རྒྱུ་རེད། དེའི་བསྟན་པའི་རིག་གནས་ཞེས་བརྗོད་ན།རྒྱང་འཕེན་པ་ལ་སོགས་པའི་བཤད་པའི་ལྟ་བ་ཟེར་ན་ཆོག་གི་ཟེར། ཨ་ཁུ་རྣོ་སྦྲེང་ལགས། ཁྱོད་ཀྱིས་བཤད་པའི་རྒྱང་འཕེན་པའི་སྙིང་སྟོབས་ཟེར་བ་ནི་འདི་ལྟ་བུ་ཞིག་ལ་གོ་དགོས་པ་ཨེ་ཡིན་ནམ། ཐུབ་བསྟན་རིག་གནས་ཞེས་པ་རྒྱང་འཕེན་པའི་ལྟ་བར་བཤད་ཆོག་པར་འདོད་པའི་གོ་བ་དེ་གང་ནས་རྙེད་བྱུང་། ཐུབ་བསྟན་རིག་གནས་ཀྱིས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཡོད་པར་འདོད་ལ། རྒྱང་འཕེན་པས་དེའི་ལྡོག་ཕྱོགས་ནས་རང་ལུགས་སྲུང་བཞིན་ཡོད་པས་དེ་གཉིས་ཁ་དོག་གི་དབང་དུ་བཏང་ན་དཀར་ནག་གི་དཔེ་ལྟར་གནས་འདུག ཐུབ་བསྟན་རིག་གནས་ཞེས་པ་རྒྱང་འཕེན་པའི་ལྟ་བར་ཟེར་ཆོག་ན་ཕྱི་ནང་གྲུབ་མཐའི་ཁྱད་པར་འབྱེད་དོན་མི་འདུག་ལ། རིག་སྟོབས་ཀྱི་དཔལ་མངོན་པར་རྫོགས་པའི་སློབ་དཔོན་ཕྱོགས་གླང་གིས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་བརྩམས་པ་ཡང་དགོས་མེད་དུ་གྱུར་སོང་བ་རེད། ཐུབ་བསྟན་རིག་གནས་ཞེས་པ་རྒྱང་འཕེན་པའི་ལྟ་བར་ཟེར་ཆོག་ན་ནི། ཐུབ་བསྟན་པ་དག་གིས་ཆད་པར་སྨྲ་བ་དང་རྟག་པར་སྨྲ་བ་སོགས་ལ་དམིགས་གསལ་གྱིས་དགག་དོན་མི་འདུག་ལ། ཆད་མཐའ་དང་རྟག་མཐའ་གཉིས་སྤང་བྱར་དེ་བས་ཀྱང་བཤད་དོན་མི་འདུག ཞིབ་ཏུ་བསམ་ན་སྐྭ་ཉིད་ཀྱིས་རྒྱང་འཕེན་པ་ཞེས་པའི་བརྡ་ཆད་ཙམ་གོ་མྱོང་བ་ལས་དེའི་ལྟ་བ་གང་འདྲ་ཡིན་མིན་ཤེས་མེད་པ་འདྲ་བས། རབ་ཡིན་ན་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་བརྩམས་པའི་གྲུབ་མཐའི་སྐོར་ལ་ཞིབ་གཟིགས་གནང་རོགས་ཞེས་རྒྱང་འཕེན་པའི་སྙིང་སྟོབས་སྲུང་མཁན་གྱི་ཁྱོད་དང་ཁྱོད་ལྟ་བུའི་གྲོགས་པོ་ཀུན་ལ་ཆེས་གལ་ཆེན་དུ་སེམས་ནས་གསལ་འདེབས་ཞུས་པ་ལགས། གལ་ཆེ་བ་ཡིན་དོན་ནི། མི་ཞིག་གི་མཆེ་བ་བརྗོད་འདོད་ན་མི་དེར་ཆ་རྒྱས་ཟབ་མོ་ཞིག་ཡོད་དགོས་པའི་གནད་ཀྱིས་ཡིན་ལ། རྒྱང་འཕེན་པའི་ལྟ་བ་དང་སྙིང་སྟོབས་ངོས་མ་ཟིན་པར་ལྟ་བ་དང་སྙིང་སྟོབས་འཛིན་འདོད་ཀྱི་དྲི་མ་འདག་བྱེད་དུ་ཡིན།

བཞི་བ། སྤྲུལ་སྐུ་ཡིན་ཟེར་མཁན་མཐོང་ཚེ་བོད་པ་ཚང་གི་མི་དམངས་ཀྱིས་ཅི་ཞིག་ལ་མགོ་བོ་སྒུར་སྒུར་དང་། སྒྱིད་ལྷེམ་ལྷེམ་བྱ་དགོས་སོང་ནི་རེད། དེ་མ་ཐག་ཏུ་རྒྱུགས་ནས་ཕྱག་འཚལ་དགོས་སོང་ནི་རེད། ཟེར། ཧ་ཧ་ཧ་་་གོང་གི་སྐད་ཆ་དེར་བསམ་ན་བོད་མི་རྣམས་ལ་ཇ་འཐུང་ཁོམ་ཡང་མེད་པར་བླ་མ་ག་གེ་མོ་ཞིག་ལ་སྒུག་ཡོད་པའི་སྣང་བ་སྟེར། ཡང་ན། བླ་མའི་མིང་འཛིན་མཁན་དེ་ཚོ་བོད་མིའི་མདུན་དུ་བཅར་སྐབས་བོའུ་རིང་བོའུ་ཐུང་སོགས་དྲག་ཆས་སྣ་ཚོགས་གྱོན་ཏེ་བོད་མི་ཚོར་ཅི་འདྲའི་དྲག་གནོན་ཞིག་བྱེད་ཀི་ཡོད་པ་འདྲ་ལ། མ་མཇལ་ན་མི་ཆོག་པའི་བཀའ་རྒྱ་ཅི་འདྲའི་ལྗིད་མོ་ཞིག་ཕྲག་ཏུ་བཀལ་ཡོད་པ་དང་ཀུན་ནས་མཚུངས། སྤྱིའི་ཆ་ནས་སྤྲུལ་སྐུའི་ལམ་ལུགས་ཐད་བཅོས་བསྒྱུར་བྱ་དགོས་ས་མང་དུ་ཡོད་མོད། རྫུན་གྱི་ཐ་གུར་དྲག་པོས་ཚིག་བརྒྱུས་ཏེ་ནོར་བ་ཡོད་ཚད་ཆོས་ལུགས་དང་སྤྲུལ་སྐུའི་མགོར་འཕེན་པ་ནི་ཅི་འདྲའི་སྦྱོར་བ་རྩུབ་མོ་ཞིག་ཡིན་སོང་ཨང་། ཁྱོད་ཀྱིས་བཤད་པའི་བོད་མི་དེ་ཚོ་གོ་ལ་གཞན་ཞིག་གི་ཡིན་ན་མ་གཏོགས། བོད་མི་ཚོས་བླ་མ་ཡིན་ཚད་ལ་མགོ་བོ་མི་སྒུར་ལ། བླ་མར་མཇལ་ཚེ་སྒྱིད་པ་འདར་དོན་དེ་བས་ཀྱང་ག་ལ་ཡོད། བླ་མར་མཇལ་དོན་ཡང་དགའ་བ་དང་དད་པའི་སྟོབས་ཀྱིས་རེད་མ་གཏོགས་སྐུ་ཉིད་ཀྱིས་བཤད་པ་ལྟ་བུ་ཞིག་ག་ལ་ཡིན། སྐུ་ཉིད་ཀྱིས་མི་རིགས་ཀྱི་མ་འོངས་པར་སེམས་ཁྲལ་བྱེད་པ་བདེན་པ་ཡིན་ན། མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་སྐད་ཆ་དེ་འདྲ་མ་ལབ་རོགས། རྒྱུ་མཚན་ནི། རང་མི་རིགས་ལ་སྡང་མཁན་ཚོས་བདེན་པར་བསམ་ནས་ཚུལ་མིན་གྱི་ལས་སྣ་ཚོགས་བྱེད་ངེས་སོ།

མཇུག་གི་གཏམ།

མི་སོ་སོའི་མི་ཚེའི་ལྟ་ཚུལ་དང་། དགའ་སྐྱོ་ཆགས་སྡང་གི་ཐོན་ཁུངས་མི་གཅིག་པའི་རྐྱེན་གྱིས་ཆོས་ལུགས་ལ་དད་མོས་བྱེད་མིན་ནི་སྐྱེས་བུ་སྒེར་གྱིས་ཐག་བཅད་ཆོག་པ་ཞིག་ཡིན་ནའང་། རང་ཉིད་ཆོས་ལུགས་ལ་མི་དད་པ་རྐྱེན་དུ་བྱས་ནས་ཆོས་ལུགས་ལ་ངན་སྐྱོན་གཡོགས་ཅི་ཐུབ་བྱེད་པ་ནི་བཟང་བར་མ་མཐོང་། དེང་གི་དུས་འདིར་སྤྲེལ་ལད་མཁན་གང་མང་ཞིག་གི་སྣང་ངོར་ལྟ་བ་གསར་བ་ཞིག་གླེང་དགོས་ན་ངེས་བར་དུ་ཆོས་ལུགས་དགྲ་རུ་འཛིན་དགོས་བར་སེམས་པ་དང་། ནུབ་ཕྱོགས་ནས་མཆེད་པའི་ལམ་སྲོལ་ཡོད་ཚད་ཚད་མར་འཛིན་པའི་གོམས་སྲོལ་ངན་པ་ཞིག་འཕེལ་ཞིང་དར་བཞིན་པ་ནི། རྨ་ཐོག་ཏུ་ཚ་བཏབ་པ་ཙམ་ལས་རྨོངས་པ་སེལ་བྱེད་དུ་ག་ལ་འགྱུར། ཁོར་ཡུག་བཟང་པོ་ཞིག་བསྐྲུན་འདོད་ན་ལམ་བུ་གསར་བ་ཞིག་འཚོལ་དགོས་པ་ནི་བཤད་མ་དགོས་མོད།ལྟ་བ་གསར་བ་དང་གནས་ལུགས་ཅི་ཞིག་ངེས་ཡོད་མདོག་གིས་གང་དྲན་ཁ་ནས་བཤད་ཅིང་ཅི་བསམ་ལག་བསྟར་བྱེད་པའི་སྨྱོ་ཆུ་འདིས་དབང་གིས་བདེན་རྫུན་གོ་ལྡོག་གི་སྣང་ཚུལ་མང་དུ་བྱུང་དང་འབྱུང་བཞིན་པ་དེ་རེད། དཔེར་ན། ཕ་མ་ཁྱིམ་ནས་བསྐྲད་པ། རྒན་པར་ཚིག་ངན་བསློགས་པ། ཕ་མར་གཉོར་སྐྱོང་མ་བྱས་པར་གྲོང་ཁྱེར་ནས་གྲོང་ཁྱེར་འགྲིམས་པ། གཅེར་བུད་འབུད་པ།རང་ཉིད་ལ་ཤེས་ཡོན་ཅུང་འབྱོར་རྗེས་དགེ་རྒན་ལ་ཁ་གཏོང་བ་སོགས་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་འདིའི་རྒྱུ་རྐྱེན་ཡང་ནུབ་ཕྱོགས་ཀྱི་རིག་གནས་དང་ལམ་སྲོལ་ལ་ཚད་མར་འཛིན་པའི་ཐན་ལྟས་རེད་མ་གཏོགས། སངས་རྒྱས་ཆོས་ལུགས་ཀྱིས་སྡོམ་གཅུན་བྱས་པ་ག་ལ་ཡིན། བོད་ལྭ་གྱོན་པར་ངོ་ཚ་སྟེ་འཛུམ་ལྷུག་ལྷུག་སྒོས་ནུབ་ལྭ་གྱོན་པ་དང་། རྒྱ་སྐད་མཛེས་པར་འཁྲུལ་ནས་རང་སྐད་ཆ་ལེ་ཆོ་ལེ་ཙམ་ལས་བཤད་མི་ཤེས་པ་དང་། རྒྱ་ལུགས་ལྟར་གཉེན་སྟོན་བཤམས་པ། རང་གི་ཡུལ་སྲོལ་གོམས་གཤིས་ལ་བཙོག་པར་ལྟ་བ་སོགས་ཀྱང་རང་རྒྱུད་ལ་ཁོག་དཔུང་ལ་རྒྱ་མེད་པའི་དན་རྟགས་སུ་ངེས་པ་ལས། བླ་མ་དང་སྤྲུལ་སྐུ་ག་གེ་མོ་ཞིག་གིས་བཙིན་གནོན་བྱས་པ་ག་ལ་ཡིན། ལྟ་ཚུལ་ཅི་ཞིག་གླེང་ཡང་གཞི་བཅོལ་སའི་གནས་ལུགས་དཔང་པོར་བཀུར་ཐོག་རང་ཉིད་ལ་ཡང་ཚུགས་ཐུབ་ཀྱི་བདེན་པ་ཞིག་ཅིས་ཀྱང་ཡོད་དགོས་མོད། ང་ཚོ་དེ་ལས་ལྡོག་ཏེ་སྡུག་ཐོག་ཏུ་འཕྱ་དམོད་དང་གྱོད་ཀྱི་སྟེང་ལ་ཁ་མཆུ་བརྩེགས་པའི་སྐྱོ་གར་ཁོ་ནར་གཡེང་ཏེ་གཞན་གྱི་རྩེད་ཆས་སུ་གྱུར་དང་འགྱུར་བཞིན་པའི་རྨི་ལམ་ལ་མགོ་འཐོམས་པའི་ནད་རིགས་ལ་སྨན་བཅོས་མི་བྱེད་དོན་ཅི་ཡིན་ནམ།ང་ཚོ་སུས་ཀྱང་རང་ནུས་ཅི་འཇོན་སྒོས་མི་རིགས་རིག་གཞུང་ལ་ཕན་ནུས་འདོན་མ་ཐུབ་ཀྱང་། གཏོར་བརླག་མི་བྱེད་རྒྱུའི་དམ་བཅའ་འམ་ཆོད་སེམས་བརྟན་པོ་ཞིག་བཞག་སྟེ་དཔུང་བ་མཉམ་གཤིབ་ཐོག་ལམ་བུ་བདེ་ས་ཞིག་ལ་བསྐྱོད་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་བཞག་པའི་འོས་འགན་ཡིན་པར་ཤེས་པར་བྱའོ་ཞེས་པའི་སེམས་གཏམ་འདིས་འཐུས་བར་བྱས་སོ།
གསལ་བཤད། ཁོ་བོས་དཔེ་ཆར་ལྟ་ཀློག་བྱེད་དུས་ཐོག་མར་སྐྱོན་གྱི་ཆ་ནས་དོ་སྣང་བྱེད་རྒྱུའི་གོམས་གཤིས་ངན་པ་ཞིག་ཡོད་རྐྱེན་རང་གི་མྱོང་ཚོར་ཙམ་བཤད་པ་ལས་དཔེ་ཆ་འདིར་ལེགས་པའི་ཆ་མེད་པར་གཏན་ནས་མཐོང་མེད་ལ། གྲོགས་རྣོ་སྦྲེང་ལ་མ་རངས་པ་ཡང་མ་ཡིན། དཔེ་ཆ་གང་ཞིག་བཀླགས་ཀྱང་མྱོང་ཚོར་གླེང་དུས་དགེ་ཕྱོགས་ཁོ་ན་ནས་གླེང་དགོས་པའི་ངེས་པ་མེད་པས་ཁོ་བོས་སྦྱོར་བ་འདི་དང་དུ་བླངས་པ་ཡིན།མཐར་ངའི་སེམས་ཁོང་གི་ཤེས་ཡོན་པ་རྣོ་སྦྲེང་ལགས་ཀྱི་རྩོམ་རིག་གི་འཕེལ་ཁ་སྔར་ལས་དར་ཞིང་། རྩྭ་ཐང་གི་ཁྲག་ཐིགས་ལས་ལྷག་པའི་བརྙན་འཕྲིན་གང་མང་ཞིག་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུའོ།

11 Fashion Fails ALF Will Never Live Down
VIDEO PORNO XXX It is good for long period of trainning

5 Silly Initiation Rituals of Famous Sinister Organizations
Prom Dresses we may be the group for you

Celebrity Trends in Bags for the 2009 Season Page 1 of 2
VIDEOS PORNO or lack of sleep

Rubacuori Veste Le Tue Bambine Con Classe
Free Games It is the focal point of her look

Looking Good Throughout The Years
Kostenlose Pornos von is now ultra-modern japoneses clothing fashion

School Uniforms in the 1940s
Pornofilme a lot of color

Earning Six Figures As A fashion Illustrator
Tube XXX how to put on a the very top sun hat

Liz Claiborne to Divest 16 of 36 Apparel Brands
Darmowe Porno outfits trends to receive 30 somethings
བསྟོད།3

抱歉,评论已关闭!