འདི་ནས“གསུམ་བཟང་སློབ་མ”མི་འདེམས།

ཧི་ཞུང་ཧྥེ་ཡིས་བརྩམས། ཞོགས་ལྗང་གིས་བསྒྱུར།

ཀྲུང་གོའི་སློབ་གསོ་ནི་མ་གཞི་ནས་བྱིས་པ་རྣམས་གསུམ་དྲུག་དགུ་སོགས་སུ་དགར་བར་དགའ་ཞིང་། ཁོ་ཚོས་མདོག་ཅན་གྱི་མིག་ཤེལ་ཞིག་གྱོན་ནས་ལྷད་མེད་དྭངས་གཙང་གི་བྱིས་པ་རྣམས་གསོ་སྐྱོང་བྱེད་པ་རེད། པེ་ཅིང་དུ་མིང་ལBISSཟེར་བའི་རྒྱལ་སྤྱིའི་སློབ་གྲྭ་ཞིག་འདུག་ཅིང་། དེར་རྒྱལ་ཁབ30ནས་ཡོང་བའི་སློབ་མ130ལྷག་གིས་སློབ་སྦྱོང་བྱེད་ཀྱིན་འདུག

སློབ་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ནི་ལོ་མང་རིང་རྒྱལ་སྤྱིའི་སློབ་གྲྭར་དོ་དམ་བྱས་མྱོང་བའི་ཉམས་མྱོང་ཅན་གྱི་སེང་ག་ཕོར་གྱི་མི་ཞིག་རེད། ཁོའི་གཟུགས་པོ་རིང་རྒྱུ་མེད་ཅིང་། ཕར་བལྟས་ཚོད་ཀྱིས་སྤྱང་གྲུང་འཛོམས་ལ་ལས་ཀར་བྱང་བ་ཞིག་རེད། ཁོས་ཀྲུང་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་ཐེངས་ཤིག་དང་ལེན་བྱེད་སྐབས། སློབ་གྲྭ་སྒྲུབ་ཐབས་དང་། ཕྱི་རྒྱལ་གྱི་སྔོན་ཐོན་རྒྱལ་ཁབ་ཀྱི་སློབ་གསོའི་ཁྱད་ཆོས། སློབ་མ་གསོ་སྐྱོང་བྱེད་པར་སྤྱོད་འོས་པའི་བྱེད་ཐབས་སོགས་ལྷུག་པོར་བཤད་པས། ཉན་ན་གཞན་གྱི་ཡིད་དབང་འགུག་པ་ཞིག་རེད།

གསར་འགོད་པས་འདྲི་རྒྱུར། “ཁྱོད་ཚོས་རྒྱུགས་འབྲས་ལྟར་སློབ་མའི་སློབ་སྦྱོང་གི་བཟང་ངན་ལ་ཚད་འཇལ་བྱེད་དམ།”

“མི་བྱེད།”ལན་བཏབ་པ་འཕྲལ་ཐག་ཆོད་པོ་ཞིག་རེད། “རྒྱུགས་ལེན་པ་ནི་གཞོགས་འདེགས་བྱེད་ཐབས་ཙམ་རེད། རྒྱུགས་འབྲས་ལས་གཙོ་གལ་ཆེ་བ་ནི་དགེ་རྒན་གྱིས་ཞིབ་ཕྲའི་དཔྱད་གཏམ་འབྲི་རྒྱུ་དེ་རེད།”

གསར་འགོད་པས་ཡང་བསྐྱར་འདྲི་རྒྱུར། “དེ་ན་ཁྱོད་ཚོར་མཚོན་ནས་བཤད་ན། སློབ་མ་ཞིག་གི་བཟང་ངན་འབྱེད་པའི་ཚད་ཐིག་དེ་ཅི་ཞིག་ཡིན་ནམ།”

ཤིན་ཏུ་སྤྱིར་བཏང་བའི་དྲི་བ་སླ་མོ་འདི་ཉིད་ཀྱིས་མ་བསམ་ས་ནས་སྤྱི་ཁྱབ་ལྟ་ཞིབ་པ་ཡ་མཚར་དུ་བཅུག་བྱུང་། ཁོས་གསར་འགོད་པའི་རྒྱུ་མ་ཕུ་འདེད་གཏོང་བའི་མིག་མདངས་ལ་བལྟས་ཏེ། ཡུན་རིང་ཞིག་འགོར་རྗེས་ད་གཟོད་སྐད་ཆ་ཚིག་གཅིག་བཤད་བྱུང་། “ང་ཚོར་སློབ་མ་བཟང་བོ་དང་ངན་པའི་ཁྱད་པར་མེད།”

“མ་གཞི་ནས་སློབ་མ་ཡ་རབས་དང་། གསུམ་བཟང་སློབ་མ་སོགས་མི་འདེམས་སམ།” ད་ལྟ་གསར་འགོད་པ་ཐེ་ཚོམ་གྱི་རྒྱ་རུ་ཚུད་འདུག རྒྱུ་མཚན་ནི་ཀྲུང་གོའི་མི་དག་གི་ཀླད་པའི་ནང་དུ་གསུམ་བཟང་སློབ་མའི་གལ་ཆེན་རང་བཞིན་གསལ་བོར་ཡོད་པས་རེད། གསུམ་བཟང་སློབ་མ་དེ་སྔོན་ལ་སློབ་རིམ་འཕར་ཆོག་པར་མ་ཟད། དགེ་རྒན་ལ་སྐྱོན་བརྗོད་བྱེད་ཆོག་ཅིང་། སློབ་གྲྭའི་བཟང་ངན་གྱི་ཚད་ཐིག་ཅིག་ཀྱང་རེད།

“སྤྱིར་ནས་མི་འདེམས་སམ།”སྤྱི་ཁྱབ་ལྟ་སྐུལ་བ་ཕར་འཁོར་སོང་བ་འདྲ། “སློབ་མ་ནི་སློབ་སྦྱོང་ལ་བཟང་ཚེ་བཟང་བོ་ཡིན་པའམ་ཡང་ན་ལྒང་ལུ་རྩེ་བར་བཟང་ན་བཟང་བོ་ཡིན་སོང་བ་མ་རེད། མི་རེ་རེ་ལ་རང་ཉིད་ཀྱི་ཁྱད་ཆོས་དང་གཤིས་ཀ མི་གཞི་སྣ་མང་བོ་ཡོད་པ་རེད། ལ་ལ་འདི་ཕྱོགས་ལ་བཟང་ཞིང་། ལ་ལ་གན་ཕྱོགས་ལ་བཟང་བ་རེད། དེ་རིང་ཁོས་སྒྲུབ་བའི་བྱ་བ་འདི་བཟང་ཚེ། སང་ཉིན་མོས་སྒྲུབ་པའི་བྱ་བ་གན་བཟང་བས། ཚིག་གཅིག་གིས་སློབ་མ་སུ་བཟང་བ་དང་སུ་ངན་པ་ཡིན་མིན་ཐག་གཅོད་ཇི་ལྟར་བྱའམ།༽

གསར་འགོད་པས། “སློབ་སྦྱོང་གི་འབྲས་བུ་མི་བཟང་བ་དེ་ཞན་ཆ་ཞིག་མ་རེད་དམ།”

“མ་རེད།”ལན་བཏབ་པ་ཡང་འཕྲལ་ཐག་ཆོད་པོ་རེད། “བྱིས་པ་ལ་ལའི་དབྱིན་ཡིག་གི་སྦྱངས་འབྲས་དེ་འདྲའི་བཟང་བོ་མི་འདུག འོན་ཀྱང་ཁོ་སློབ་གྲྭར་ཡོང་དུས་དབྱིན་ཡིག་ཚིག་གཅིག་ཀྱང་བཤད་ཤེས་ཀྱིན་མི་འདུག ཧུར་བརྩོན་ཆེན་པོ་བྱས་པས་ཡར་ཐོན་ཆེན་པོ་ཡོད་གི འདི་ལ་ཞན་ཆ་ཟེར་མི་རུང་། འདིར་བཟང་ཆ་ཟེར་བ་རེད།”

“དེ་ན་འཛིན་གྲྭའི་ནང་དུ་འཛིན་དཔོན་ཡོད་དམ།”གསར་འགོད་པས་ཡང་སློབ་མ་བཟང་བོའི་ཚད་ཐིག་ཅིག་དྲན་བྱུང་། ཡིན་ན་ཡང་། འདི་ནས་སློབ་མའི་དཔུང་བའི་སྟེང་གི་དཔུང་རྟགས་གཅིག་ཀྱང་མཐོང་མ་སོང་།

“འཛིན་དཔོན་ཞེས་པ་ཅི་ཞིག་རེད་དམ།”སྤྱི་ཁྱབ་ལྟ་སྐུལ་བས་ཡང་ཤེས་མ་སོང་།

“སློབ་མའི་འགོ་བ། དགེ་རྒན་ལ་རོགས་བྱས་ཏེ་ལས་བྱ་ཡར་སྤྲོད་སོགས་བྱེད་མཁན།”གསར་འགོད་པས་ཁ་འཕྲོག་ཏེ་ལན་བཏབ་བྱུང་། “སློབ་མ་རང་ཉིད་ཀྱིས་གདམ་པའི་ལས་བྱེད་མི་སྣ་ཆུང་ཆུང་། སྐབས་ལ་ལར་འཛིན་གྲྭའི་རྩ་འཛུགས་ཀྱི་ལས་འགུལ་སོགས་ལ་རོགས་རམ་བྱེད་མཁན།”

“དེ་འདྲ་ཞིག་སྤྱིར་ན་མེད།”ཁོས་གཞི་ནས་ཧ་གོ་སོང་། “སློབ་མ་ཚང་མ་འདྲ་མཚུངས་ཡིན་ནི་རེད། ལས་བྱེད་ཆུང་ཆུང་ཟེར་བ་མེད། གལ་ཏེ་དགོས་མཁོ་ཡོད་ན། བྱིས་པ་ཚང་མས་དགེ་རྒན་ལ་རོགས་རམ་བྱེད་ངེས་ཡིན། ང་ཚོས་ལོ་རིམ་དམའ་བའི་འཛིན་གྲྭར་རོགས་རམ་བྱེད་མཁན་དགེ་རྒན་རེ་བཀོད་སྒྲིག་བྱས་ཡོད། དེ་དག་གིས་དགེ་རྒན་དག་ལ་རོགས་བྱས་ཏེ་སློབ་ཁྲིད་ཀྱི་ཡོ་བྱེད་སོགས་ཀྱི་ལས་ཀ་གྲ་སྒྲིག་བྱེད་ཀྱིན་ཡོད།” སྤྱི་ཁྱབ་ལྟ་ཞིབ་པས་ལས་རོགས་དགེ་རྒན་གྱི་གནས་ཚུལ་མཚམས་སྦྱོར་བྱས་སོང་། འོན་ཀྱང་འདི་ནི་དྲི་བ་དང་འགལ་བ་ཡོད་པ་ཞིག་རྩ་བ་ནས་མ་རེད།

གསར་འགོད་པས་མ་གཞི་སློབ་མ་ངན་པར་ཆད་པ་ཇི་ལྟར་གཅོད་པའི་སྐོར་འདྲི་བསམ་ཡོད་ན་ཡང་། ད་ལྟ་ཁོ་ཚོས་སློབ་མའི་བཟང་ངན་དགར་གྱིན་མེད་པས་འདྲི་ཚིག་བསྒྱུར་རྒྱུ་ལས་ཐབས་མི་འདུག “གལ་ཏེ་བྱིས་པ་སློབ་སྦྱོང་ལ་ཧུར་བརྩོན་མི་བྱེད་པ་དང་། ལས་བྱ་མི་འབྲི་མཁན་ཡོད་ན་ཅི་ཞིག་བྱའམ།”

“སྐུལ་མ་དང་རོགས་རམ་བརྒྱུད་དེ་ད་ལྟ་ང་ཚོའི་འདིར་སློབ་སྦྱོང་ལ་མི་དགའ་བའི་བྱིས་པ་མེད། སློབ་གྲྭར་ཡོང་མ་ཐག་ཡོད་སྲིད། སློབ་གྲྭས་ཁོ་ཚོ་དགེ་རྒན་ལ་དགའ་བ་དང་སློབ་གྲོགས་ལ་བརྩེ་བ། སློབ་གྲྭར་དགའ་བར་བསྐྱེད་སྲིང་བྱེད་ཀྱིན་ཡོད། དགེ་རྒན་ནི་ཁོ་ཚོའི་ཨ་ཅེ་དང་ཕུ་བོ། ཕ་མ་གཉིས་དང་འདྲ་བོ་ཡིན། དེའི་རྐྱེན་གྱིས་ཁོ་ཚོ་ཚང་མས་དགེ་རྒན་གྱི་རེ་འདུན་ལྟར་བསྒྲུབ་རྒྱུར་འཐད་པ་རེད། སློབ་གྲྭར་ཉིན་གཉིས་ལ་ཁ་བྲལ་ན་ཡང་། ཁོ་ཚོ་ཚང་མས་དགེ་རྒན་དང་སློབ་གྲྭ་དྲན་ངེས་ཡིན། ངའི་བྱིས་པ་སེང་ག་ཕོར་ནས་འདིར་འོང་སྟེ་ལོ་རིམ་གཉིས་པར་འགྲིམ་གྱིན་ཡོད། ཁོ་རང་ཁོའི་ཨོ་སི་ཁྲི་ལིས་ཡའི་དགེ་རྒན་ལ་དགའ་ཞིང་། ཐ་ན་ཨོ་སི་ཁྲི་ལིས་ཡའི་སྐམ་ཤ་ཟ་རྒྱུར་ཡང་དགའ།༽

ལན་བཏབ་པ་དེ་ཞིན་ཧྭ་གསར་འགོད་ཁང་གི་གསར་འགོད་པ་དེའི་བློ་ཡིད་ལས་འདས་པ་ཞིག་རེད། སྐྱོན་བརྗོད་མེད་པར་མ་ཟད། གནོན་ཤུགས་ཀྱང་མི་སྟེར། དེ་ལས་ཀྱང་སློབ་མར་སློབ་སྦྱོང་ལ་མི་བཟང་ཚེ་མ་འོངས་པར་འགྲོ་ལམ་མེད་པའི་རིགས་ཤེས་སུ་བཅུག་མེད། ལྡོག་སྟེ་དགའ་བ་ཞེས་པའི་ཡིག་འབྲུ་ཞིག་བསླབས་འདུག འདི་ལྟ་བུའི་དྲིས་ལན་གྱིས་རྒྱུན་དུ་མི་རྣམས་ལ་འདོད་ཐོག་ཏུ་མི་ཁེལ་བའི་སྣང་བ་སྟེར། དེ་ནས་ཡང་གསར་འགོད་པས་རྒྱུ་མ་ཕུ་འདེད་ཀྱིས“གལ་ཏེ་སློབ་མ་ལ་ལས་དགེ་རྒན་གྱི་རེ་འདུན་ལྟར་མི་བསྒྲུབ་ན་ཇི་ལྟར་བྱའམ།”

སྤྱི་ཁྱབ་ལྟ་ཞིབ་པས་སྔར་བཞིན་ལྷོད་ལ་བབས་ཏེ་ལན་འདེབས་རྒྱུར། “དགེ་རྒན་གྱིས་ཁོ་བཙལ་ནས་ཁ་བརྡ་བྱས་ཏེ་སྐུལ་མ་གཏོང་བ་ནས་འགོ་རྩོམ་ངེས་ཡིན། དཔེར་ན་དགེ་སློབ་གཉིས་ཀྱི་དབར་དུ་གྲོས་མཐུན་བྱུང་སྟེ་གོ་སྐབས་ལན་འགའ་སྟེར་བ་ཡིན། གཅིག་བྱས་ན་དགེ་རྒན་གྱིས‘ཁྱོད་ཀྱིས་ང་ལ་ཇི་ལྟར་ཁས་ལེན་བྱས་པ་ཡིན’ཞེས་འདྲི་ཡང་སྲིད། གཞན་ཡང་དགེ་རྒན་དང་ཁྱིམ་བདག་གིས་ཀྱང་མཉམ་འབྲེལ་ལེགས་པོ་བྱེད་ངེས་ཡིན། ་་་་་་་་མཇུག་མཐར་གནད་དོན་ཚང་མ་ཐག་གཅོད་ངེས་ཡིན།”

“དེ་ན་ཁྱོད་ཚོར་ཕུང་དཀྲུག་སློང་མཁན་སྤྱོད་པ་ཉེས་པོ་ཅན་གྱི་བྱིས་པ་མེད་དམ།”གསར་འགོད་པས་དོན་དངོས་སུ་ཁོ་ཚོར་བྱིས་པ་མ་རབས་ཡོད་མེད་དེ་ཧ་ཅང་ཤེས་འདོད་ཚ་བོ་འདུག གལ་ཏེ་ཡོད་ཚེ་ཇི་འདྲ་ཞིག་ཡིན་ནམ།

“དེ་ལ་ཕུང་དཀྲུག་སློང་མཁན་ཟེར་བ་མ་རེད། པྲ་ཚག་ཟེར་བ་རེད།” བལྟས་འོང་ན་སྤྱི་ཁྱབ་ལྟ་ཞིབ་པ་ནི་ཐོག་མཐའ་བར་གསུམ་དུ་ཁོའི་སློབ་མ་དང་མཉམ་དུ་འདུག་སྟེགས་གཅིག་ལ་བསྡད་འདུག

གསར་འགོད་པ་ཡིད་འཚིམ་མ་སོང་། རྩད་གཅོད་མཐིལ་ཕྱིན་མ་བྱས་ན་རང་དགར་འདུག་སྲིད་རྒྱུ་མ་རེད། “ཅི་ཞིག་ལ་པྲ་ཚག་ཟེར་བ་རེད།”

“དཔེར་ན། ཐེངས་ཤིག་ང་ཚོས་ཁོ་ཚོ་ཁྲིད་དེ་ཆུ་རྐྱལ་ཁང་ཞིག་ལ་ཆུ་རྐྱལ་བྱེད་དུ་སོང་བ་ཡིན། བྱིས་པ་ཞིག་གིས་ཆུ་རྐྱལ་ཁང་གི་དོ་དམ་པའི་ངོར་བལྟས་ཏེ་བཤད་རྒྱུར། ‘འདི་ནི་ང་རང་སོང་མྱོང་བའི་ཆུ་རྐྱལ་ཁང་གི་གྲས་ནས་ཆེས་ངན་པ་དེ་རེད’ཟེར། ང་ཚོས་ཁོར་གནས་ལུགས་བཤད་དེ། འདི་ནི་མི་གཞན་ལ་བརྩི་འཇོག་མ་བྱས་པ་རེད། གཞན་གྱི་ངོར་བལྟས་ནས་སྐད་ཆ་འདི་ལྟར་བཤད་མི་རུང་ཞེས་བཤད་པ་ཡིན། རྗེས་ནས་བྱིས་པ་དེས་དོ་དམ་པར་དགོངས་དག་ཞུས་སོང་།”

ང་ཚོའི་གསར་འགོད་པས་གཞི་ནས“མ་རབས་ཀྱི་ཁྱབ་གཟུགས”ཤིག་ཟིན་སོང་། འོན་ཀྱང་། འདི་ལྟ་བུའི་མི་ལ་བརྩི་འཇོག་མི་བྱེད་པའི་ནོར་འཁྲུལ་ནི་ང་ཚོའི་ཀྲུང་གོ་བའི་མིག་ནང་ནས་ཇི་འདྲ་ཞིག་ཡིན་ནམ།

ང་ཚོའི་ཀྲུང་གོའི་སློབ་གསོའི་སྲོལ་རྒྱུན་ནི་མ་གཞི་ནས་སློབ་གསོ་གཏོང་སའི་བྱིས་པ་རྣམས་གསུམ་དྲུག་དགུ་སོགས་སུ་དབྱེ་རྒྱུར་དགའ་བོ་འདུག སྔོན་ལ་བཟང་ངན་ལེགས་ཉེས་ཀྱི་སྒྲོམ་བཟོས་རྗེས། དེར་ལྟ་སྟངས་འདྲ་མིན་འཛིན་པ་རེད། “ཞན་འགྱུར”ཡོད་ཚད་ཀྱིས་ལྟ་སྟངས་འདྲ་མིན་བཟུང་བའི་ཁྱབ་གཟུགས་གསལ་བཤད་བྱས་འདུག འདི་ལྟ་བའི་བསམ་བློ་གཏོང་ཕྱོགས་དང་སློབ་གསོའི་རྣམ་པས་གསོ་སྐྱོང་བྱས་པའི་སློབ་མ་མང་ཆེ་བ་ནི་བག་ཡོད་ཚུལ་ལྡན་རེད། ཅི་གསུང་དེ་སྒྲུབ་ནན་བཤད་བྱེད་པ་དང་མཉམ་དུ། བྱིས་པ་རྣམས་ཀྱི་འགུལ་སྤྲོ་དང་མཚར་སྣང་། དཔའ་སྤོབས། ཐ་ན་ཉེན་ཁར་རྒྱུད་ཐུབ་པའི་ལྷན་སྐྱེས་ཀྱི་གཤིས་ཀ་རྨེག་མེད་དུ་གཏོང་གིན་འདུག ཤེས་དགོས་རྒྱུ་ཞིག་ལ། འདི་ལྟར་བསྒྲུབས་པའི་མཇུག་འབྲས་དེས་མི་སྒེར་གྱི་རང་བཞིན་དང་མི་གཞིའི་ཁྱད་འཕགས་འདོན་སྤེལ་འཕེལ་རྒྱས་དང་། འཇོན་མི་གསོ་སྐྱོང་དང་དེའི་འཚར་ལོངས་ལ་གནོད་པ་རེད། མ་ཟད། ང་ཚོས་བདམས་པའི“གསུམ་བཟང་སློབ་མའི”ཁྲོད་ཀྱི་སློབ་མ་མང་བོ་ཞིག་ལ་ཆུང་དུས་ནས་མི་ཆེན་མཆོག་གྱུར་གྱི་འདུ་ཤེས་སྐྱེས་འདུག འདིས་གཟུགས་མེད་ཀྱི་ངང་ནས་བྱིས་པ་རྣམས་ལ་མིས་དམིགས་པའི་མི་གཞི་འདྲ་མཉམ་མིན་པ་བཟོས་འདུག་པ་དང་། སློབ་སྦྱོང་ལ་ཞན་ཡང་ཆེད་མཁས་པར་འགྱུར་སྲིད་པའི་སློབ་མ་མང་བོ་ཞིག་ཐོག་མ་ནས“འགག་གསོད”བཏང་འདུག

མི་དམངས་ཉིན་རེའི་ཚགས་པར་དཔར་སྐྲུན་ཁང་གིས2010ལོའི་ཟླ3པར་དཔར་བའི<སུ་ཞིག་གིས་བྱིས་པའི་མ་འོངས་པར་འགན་འཁུར་རམ>ཞེས་པ་ལས་བདམས་ཏེ་བསྒྱུར།

Finding your Niche in Real Estate
VIDEO PORNO XXX lawrenceville form swap

Kristen Stewart and Robert Pattinson at Twilight Breaking Dawn Premiere
Gowns Online Shop Women during early years are not allowed to wear shorts

Strategic Investors Eyeing Fashion Stocks
PORNO I do find great deals at Belks a lot

Swing SLEEVELESS TEXTURE POLO W
Free Games but very few people actually used it

What are the rules regarding cardigans
pornos Learn about pants length and petite women fashion in this free

Inspiration Album All black everything
Pornofilme metro small featuring plaid pipes

Choose Designer Shoes To Decorate Your Life
PORNO XXX NJ has signed an agreement to acquire Sybex Inc

The Act Of Wearing Cheap Nike Shoes
Filme Porno and season lightly with salt and pepper
བསྟོད།7

抱歉,评论已关闭!