ལོ་ཙྰའི་ཁྲོད་ནས་སྐུ་ཞབས་ལུའུ་ཞུན་བཀླགས་པ།

ཨ་རིན།

ལུའུ་ཞུན་ཅེ་ན་ལར་སློབ་གྲྭ་འགྲིམས་མྱོང་མཁན་ཞིག་ཡིན་ཚེ་ཕལ་ཆེར་ཤེས་སྲིད་ཅིང་།དུས་བབས་འདི་འདྲར་ལུའུ་ཞུན་གླེང་ན་རིགས་ཞེན་ཡོད་ཟེར་མཁན་ཚོའི་སེམས་སུ་མི་འདོད་པའི་ཁུ་ཚུར་བསྒྲེངས་ཀྱང་ངེས།རེད་མོད་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཡོད་པའི་དཔེ་བཞིན་ཉིད་ཀྱིས་ཆབ་སྲིད་ངོས་ཐད་ནས་ལུའུ་ཞུན་ལ་འགྲེལ་བརྒྱབ་ཆོག་ལ་ངས་ཀྱང་རིག་གནས་སམ་བསམ་པའི་སྙིང་སྟོབས་ཤིག་གི་ངོས་ནས་བསམ་གཞིགས་བཏང་ཡང་མི་ཆོག་པ་མེད།

སྐུ་ཞབས་ལུའུ་ཞུན་ནི་དུས་རབས་ཉི་ཤུའི་ནས་ད་ལྟའི་བར་རྒྱ་ནག་གི་རྩོམ་སྟེགས་སྟེང་གྲགས་འགུལ་ཆེ་བའི་མི་སྣ་ཞིག་ཡིན་ལ།ལྔ་བཞིའི་རིག་གནས་ལས་འགུལ་སྐབས་ན་གཞོན་གསར་བ་དང་ལྷན་དུ་མཉམ་གནས་མཉམ་འདུག་བྱེད་པའི་བློས་ཐུབ་ཀྱི་སྡོང་གྲོགས་དེ་ཡང་ཡིན།དེ་བས་དེང་གི་རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་ལུའུ་ཞུན་ལ་གདེངས་འཇོག་ཚད་མཐོན་པོ་གནང་གི་ཡོད་དེ།མི་རིགས་ཀྱི་བླ་སྲོག་ཅེས་མཚན་སྙན་ཞིག་གནང་ཡོད་པ་ཀུན་གྱིས་ལོས་ཤེས།སྤྱིར་ལུའུ་ཞུན་ནི་ལུའུ་ཞུན་རེད་དེ་ང་རང་དེར་ཧ་ལས་པའི་རྒྱུ་མཚན་ཅི་ཡང་འདྲེན་རྒྱུ་མེད་མོད།ཁོའི་བརྩམས་ཆོས་དག་གཟབ་ནན་གྱིས་ཀློག་ཐེངས་རེར་དང་བསྒྱུར་ཐེངས་རེར་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་གིས་ང་རང་ཡོམ་ཡོམ་སྒུལ་གྱི་འདུགདེ་ནི་མི་རིགས་ཀྱི་བདེ་སྡུག་ཆེད་དུ་རང་གི་སྨན་པའི་ལས་གནས་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་ལས་གནས་གཡུག་པའི་སྙིང་སྟོབས་ཤིག་ལས་ལས་མཐོང་བའི་སྙིང་སྟོབས་རྨ་མེད་པ་དེ་རེད།

༡ རིག་གནས་གཏོར་བཤིག་གི་སྙིང་སྟོབས།

དཔེར་ན་ཧུའུ་ཧྲི་ནི་སྒྲུབ་པ་གཙོར་འཛིན་པའི་ཤེས་ཡོན་པ་ཞིག་ཡིན་ན་ལུའུ་ཞུན་ནི་དགག་པ་གཙོར་འཛིན་པའི་ཤེས་ཡོན་པ་དེ་རེད།ཡང་ན་སྔ་མ་དེ་རིག་གནས་གསར་འཛུགས་ལ་ཕྱོགས་མཁན་ཅིག་དང་ཕྱི་མ་དེ་རིག་གནས་གཏོར་བཤིག་ལ་གོམས་མཁན་ཞིག་ཏེ།འདི་གཉིས་ལས་གང་ཡིན་ཡང་ཐོག་མར་དོགས་དཔྱོད་ཀྱི་བློ་དེ་སྔོན་དུ་སོང་ཡོད་ལ།དེ་ལས་རིག་གནས་གཏོར་བཤིག་ཅེ་ན་རིག་གསར་སྐབས་ཀྱི་རྒྱུ་མཚན་ཅི་ཡང་མེད་པར་ཡོད་ཚད་བཅོམ་ཆག་སྐྱ་ཉིལ་ལེར་གཏོང་བའི་སྦྱོར་བ་མིན་པར་ཀུན་གྱིས་ཤེས་དགོས་ཤིང་།ཡང་འདིར་དགོས་དབང་གིས་བཤད་ན་རིག་གནས་གཏོར་བཤིག་ཡིན་ནའང་འདྲ།རིག་གནས་གསར་འཛུགས་ཡིན་ནའང་འདྲ།ཤེས་ཡོན་པ་གཉིས་ཀའི་ལངས་ཕྱོགས་མ་གཅིག་པ་མ་གཏོགས་མཐར་ཐུག་གི་དམིགས་ཡུལ་གཞི་གཅིག་གི་སྟེང་དུ་བབས་ཏེ་ཡོད་ལ།དེ་ནི་མི་རིགས་ཡར་སློང་བྱེད་ཀྱི་ཁ་ཚ་དགོས་གཏུག་གི་རིག་གནས་གསར་བ་ཞིག་མཁོ་བར་སེམས་པ་དེའོ།།

དེ་ན་མཚམས་འདིའི་བརྗོད་གཞི་སྟེ་སྐུ་ཞབས་ལུའུ་ཞུན་གྱི་ངོས་ནས་ཁོ་ནི་རིག་གནས་གཏོར་བཤིག་གི་སྙིང་སྟོབས་ལྡན་པའི་ཤེས་ཡོན་པ་ཞིག་ཡིན་པར་འདོད་ཅིང་།ཁོས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སུ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དོགས་དཔྱོད་གནང་གི་ཡོད་དེ།རྒྱུ་མཚན་ཐེ་ལྦན་གྱི་རྩོམ་པ་པོ་པའོ་དབྱང་ལགས་ཀྱི་སྐད་ཆ་ལྟར་རྒྱ་ནག་གི་རིག་གནས་འདི་དུག་ལྡན་གྱི་རིག་གནས་ཤིག་ཡིན་པས་སམ་ཡང་ན་དྲག་སྤྱོད་ལ་དད་པའི་ཆུ་ངོགས་གཏམ་རྒྱུད་དང་དབང་ཆར་དད་པའི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་༼རྒྱ་ནག་གི་རྩོམ་རིག་དཔྱད་བརྗོད་པ་ལིག་ཙེ་ཧྥུའུ་ལགས་ཀྱི་སྐད་ཆ༽ནང་བཞིན་ཡིན་པས་རེད་ལ།ལུའུ་ཞན་གྱི་སྐད་ཆས་བཤད་ན་མི་དེ་མི་རུ་སྐྱོང་བའི་རིག་གནས་མིན་པར་མི་ཡིས་མི་ཟ་བའི་རིག་གནས་ཤིག་ཡིན་པས་རེད།ཡང་གཅིག་བཤད་ན་རུའུ་ལུགས་ཀྱི་རིག་གནས་ནི་རང་རྩིས་དང་རང་བཀུར།རང་སྐྱོང་གི་རིག་གནས་མིན་ཏེ་གཞན་རྩིས་དང་གཞན་བཀུར།གཞན་སྐྱོང་གི་རིག་གནས་ཤིག་ཏེ།ནམ་ཡིན་ཡང་དཔོན་པོ་ཨང་དང་པོར་འཇོག་དགོས་ཤིང་རང་ཉིད་ཨང་གཉིས་པར་འཇོག་དགོས་པར་མི་ཚད།དཔོན་པོས་ཇི་གསུངས་ལེགས་སོ་ཟེར་བ་དགོས་པའི་རིག་གནས་དེ་རེད།དེ་བས་ལོ་ངོ་སྟོང་ཕྲག་རིང་རྒྱ་ནག་མི་སེར་ཀུན་ནི་ཕྱིའི་ལུས་ཀྱི་སྟེང་ནད་མེད་ཐང་པོ་ཡིན་ནའང་ནང་སེམས་ཀྱི་ཐད་ནས་འདུ་ཤེས་ཉོབ་པའམ་ནེམ་ནུར་གྱིས་འདུག་པ་སྟེ།རྒྱལ་རབས་ཡང་ནས་ཡང་དུ་བརྗེ་སྤོར་བྱས་ཀྱང་དབང་བསྒྱུར་བ་མ་གཏོགས་རིག་གནས་ཀྱི་ཆ་ནས་ཙུང་ཙམ་ཡང་གསར་བསྒྱུར་བྱས་མེད་ལ།དུས་ད་ལྟ་ཡིན་ནའང་དྲག་སྤྱོད་ལ་དད་ཅིང་དབང་སྟོབས་ལ་མོས་པ།ཀུན་སྤྱོད་ཀྱིས་མིའི་འདོད་པ་རྩ་ནས་སྡོམ་པའམ་ཐག་གཅོད་པ་སོགས་ཡོད་ཚད་རང་ཉིད་ལས་འགོངས་ཏེ་གཞན་ཞིག་ཚད་གཞི་འཛིན་པ་དེ་འདྲ་རེད།དེར་སྐད་ཆ་འདི་འདྲ་ཞིག་ཡོད་དེ་རང་ཉིད་ཀྱི་ཀླད་པ་རང་གིས་མི་བཀོལ་བར་ནམ་ཡང་གཞན་གྱི་རྟ་རྒྱུགས་ཐང་དུ་བཀོལ་བ་དེ་རེད།དཔེར་ན་ལུའུ་ཞུན་གྱི་བརྩམས་ཆོས་སྨན་ཞེས་པའི་ནང་གི་གཏམ་རྒྱུད་ཏེ།ནད་ཀྱིས་བཏབ་པའི་བྱིས་པའི་ཕ་མ་གཉིས་ཀྱིས་རང་ལག་གི་དངུལ་སྒོར་ཁུག་ཆུང་གང་ཡོད་པ་དེས་བྱིས་པར་དུས་བསྟུན་གྱི་སྨན་མི་ལེན་པར་མི་གཞན་གྱི་ངག་བཀོད་ལྟར་མི་ཁྲག་བསྒོས་པའི་གོ་རེ་རླངས་བཙོས་ཉོས་ཏེ་བྱིས་པར་ཟ་རུ་བཅུག་ཅིང་།མཐར་བྱིས་པའི་ནད་དྲག་པ་ཕར་ཞོག་བོད་རང་གི་ཁ་དཔེ་ལྟར་རི་བོང་རི་བོང་ཤོར།།སྡོམ་པ་སྡོམ་པ་ཤོར་ཞེས་པའི་དཔེ་ལྟར་བྱིས་པ་ཤི་ཟིན་ལ་དངུལ་སྒོར་ཡང་ཆུད་ཟོས་སུ་བཏང་ཚར་བ་ལྟ་བུ་རེད་དེ།འདིའི་ཤུགས་ལས་ཕྱིའི་འབྱོར་བའི་ངོས་ནས་བྱིས་པའི་ནད་དྲག་བསྐྱེད་ཀྱི་མཐུན་རྐྱེན་འཛོམས་ཡོད་ནའང་ནང་སེམས་སུ་དེ་འདྲའི་མཐུན་རྐྱེན་སྟོང་ཟིན་པ་དེ་མཚོན་གྱི་ཡོད་ཅིང་།ཡང་ཆུ་ངོགས་གཏམ་རྒྱུད་ནང་གི་འཆལ་མོའི་གཟུགས་སུ་བཀོད་པའི་བུད་མེད་དེ་ཚོ་ལྟ་བུ་སྟེ།ལར་མིའི་འདོད་པའི་ངོས་ནས་བཤད་ན་ཕའན་ཀྱན་ལན་གྱི་འགབ་མཐུན་ལྟ་བུ་ལ་ནོངས་འགལ་མེད་དེ།འདོད་པ་ནི་དགེ་སྡུག་གང་ལའང་མི་གཏོགས་པའི་ལས་ཤིག་ཡིན་ཁར་མིའི་ལྷན་སྐྱེས་སུ་མངའ་བའི་གཤིས་ཀ་ཡང་ཡིན་པས།འདོད་པའི་ཚོད་འཛིན་བྱེད་དེ་ཁྲིམས་དང་སློབ་གསོ་ལྟ་བུ་ཡིན་པ་མ་གཏོགས་ལྦུའུ་སུང་ལག་གི་དཔའ་དམ་དང་ཡང་ན་འཆལ་མོ་ཞེས་ཀུན་སྤྱོད་ཁོ་ནའི་ཁྲིམས་ཁར་སྦྱར་ཏེ་ཐག་གཅོད་པ་དེ་ག་ལ་ཡིན།དེ་བས་ལེང་ཧྲན་དཔའ་རྒོད་ཚོས་འབངས་མི་བཅིངས་འགྲོལ་བྱེད་ནུས་པའི་དབང་དུ་བཏང་ནའང་བུད་མེད་ལ་སྔར་བཞིན་བཅིངས་འགྲོལ་མི་ཐོབ་པ་སྨྲོས་མེད་རེད་ལ།རང་གི་དཔྱོད་ཤེས་ཀྱི་བློ་སྔོན་དུ་གཏོང་མི་མཁས་ཚེ་གཞན་ཚད་གཞིར་འཛིན་པ་ཡང་ཆོས་ཉིད་ཡིན་པས།གལ་ཏེ་ལེང་ཧྲན་དཔའ་རྒོད་ཚོས་མི་གཤིས་ཀྱི་དྲི་མ་ཚོར་བའི་དཔྱོད་ཤེས་ཀྱི་བློ་སྔོན་དུ་བཏང་ཡོད་པ་ཡིན་ན་ཕའན་ཀྱན་ལན་ལྟ་བུའི་བུད་མེད་དེ་དག་གི་ལས་དབང་ཡང་དེ་འདྲའི་སྡུག་པོ་མིན་ལ།མཚམས་འདིར་ཤེས་དགོས་པ་ནི་ལྦུའུ་ཡུང་གི་བློ་རིག་དེ་རང་དང་མི་མཐུན་པའི་མི་དག་ཚར་གཅོད་པའི་འགྲོ་མིའི་མི་གཤིས་དང་འགལ་བའི་ལྐོག་ཇུས་ཤིག་ཡིན་པ་ལས་ཚེ་སྲོག་འདྲ་མཉམ་དུ་བལྟ་བའི་ལྟ་བ་མཉམ་གནས་ཀྱི་དཔྱོད་ཤེས་དེ་མིན་ནོ།།དེ་ཡང་མཐར་གཏུགས་ན་ཕྱིའི་ལུས་པོའི་སྟོབས་ཤུགས་ཐད་ནས་ལེང་ཧྲེན་དཔའ་རྒོད་ཚོའི་དོ་ཟླ་མིན་ཡང་ནང་སེམས་ཀྱི་བཅུད་དེ་ཤིན་ཏུ་ནས་མེད་པ་མཚོན་གྱི་འདུག་ཅིང་།ཡེན་ཧེ་ཀོང་གིས་བསམ་བློའི་རྒྱགས་ཕྱེ་ཡིས་སྟོང་དུས་མི་ཡིས་དབང་དང་སྟོབས་ལ་བསྟེན་སྲིད་ཅེས་བཤད་མྱོང་བ་ལྟར་རོ།།

དེ་འདྲའི་ནང་སེམས་ཀྱི་བཅུད་ཀྱིས་སྟོང་བའི་བྲན་གཤིས་ཀྱི་འདུ་ཤེས་ཤུགས་ཆེ་བ་ལས་གསར་གཏོད་ཀྱི་སྙིང་སྟོབས་བག་ལ་ཞ་རུ་བཅུག་ཅིང་གཞན་བསྟུན་གྱི་བསམ་བློ་ཤུགས་ཆེ་བ་ལས་ནམ་ཡང་དད་རྟེན་༼དྲག་ཤུགས་ལ་མོས་ཤིང་ཁུང་ཙི་ལ་བཀུར་བ་ལྟ་བུ༽གྱི་རྩ་བ་གཅོད་མ་ཐུབ་ཅིང་།གནས་ཚུལ་དེ་ལྟ་བུའི་འོག་རྒྱ་ནག་མི་རིགས་ནི་ལོ་རྒྱུས་ཀྱི་བཙོན་མར་གྱུར་བ་དང་མི་རིགས་གཞན་པའི་རིག་གནས་ཐད་ཀྱི་བཙན་རྒོལ་དེ་ཡང་མ་ཁོག་པས།མཐར་ཐུག་རིག་གནས་ཕྱི་ནང་གང་ལའང་མི་གཏོགས་པའི་ཨ་ཁུའུ་ལྟ་བུའི་མི་གཤིས་ཕུང་གསུམ་པ་ཞིག་ཆགས་པ་རེད།ལུའུ་ཞུན་གྱིས་རྒྱལ་དམངས་བྱིངས་ཀྱི་འདུ་ཤེས་ངོས་སུ་ཡོད་པའི་བྲན་གཤིས་དེ་མཐར་ཐུག་ལོ་ངོ་སྟོང་ཕྲག་རིང་གི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དེའི་བསྐྱེད་འབྲས་ཡིན་པ་ཤེས་རྗེས།ལྔ་བཞི་ལས་འགུལ་ཕམ་ཟིན་ཡང་ད་དུང་སྔར་བཞིན་སྲོལ་རྒྱུན་རིག་གནས་ལ་དོགས་སློང་ཚ་ནན་བཏང་ཅིང་།ཁོའི་མྱི་སྐད་སྟོང་བའི་ཀྲུང་གོ་ཞེས་པའི་བརྩམས་ཆོས་སུ།སྲོལ་རྒྱུན་རིག་གནས་ནི་རེག་དུག་ཅིག་གི་དབང་དུ་བཏང་ན་དུས་ད་ལྟ་ནས་དུག་གི་བྱེད་ནུས་ལྡན་པའི་རིག་གནས་དེ་དག་རེ་རེ་བཞིན་སེལ་དགོས་ཤིང་།འདི་བཞིན་སེལ་ན་ནམ་ཞིག་རེག་དུག་དེ་རྩ་མེད་དུ་བཟོ་ནུས་ཞེས་བཤད་ཡོད་པ་ལྟར་རེད།དེ་བས་ལུའུ་ཞུན་གྱིས་རང་ཉིད་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ནས་དབུ་མའི་ལམ་༼དེང་སྲོལ་གང་ལའང་ཕོག་ཐུག་གཏོང་མི་ནུས་པའི་ཉིས་འགལ་ཅན་གྱི་ཤེས་ཡོན་པར་གོ༽རྩ་བ་ནས་བཟུང་མེད་དེ།ཚེ་གང་བོར་རིག་གནས་དོགས་དཔྱོད་ཀྱི་སྙིང་སྟོབས་དེ་ཁོའི་བརྩམས་ཆོས་ཀྱི་ཡིག་འབྲུ་རེ་རེ་གསེང་ན་འོད་འཚེར་བཞིན་ཡོད་དེ།སྲོལ་རྒྱུན་རིག་གནས་ཀྱི་རེག་དུག་སེལ་མཁན་གྱི་སྨན་པ་ཞིག་གི་ཚུལ་གྱིས་ནམ་ཡང་བསྡད་ཡོད་པ་དེ་རེད།ལུའུ་ཞུན་ལ་མཚོན་ན་ནད་པའི་སྡུག་བསྔལ་འཇོམས་དགོས་ན་གཤེགས་བཅོས་ཀྱིས་ཤ་སྐྲན་ཕྱིར་བཏོན་པ་དེ་སྨན་རྫས་སྟེར་བ་ལས་ཀྱང་ཕན་ཆེ་བར་འདོད་པས་ནམ་ཞར་ལག་ཏུ་བློ་གྲི་ཞིག་བཟུང་ཡོད་༼ལུའུ་ཞུན་གྱི་སྐད་ཆ༽ཅིང་།དེ་ནི་རིག་གནས་གསར་འཛུགས་ལས་རིག་གནས་གཏོར་བཤིག་གི་ལས་འདི་གཙོ་བོར་བཟུང་ཡོད་པ་དེའོ།།༼མུ་འགོད༽

Ecco WOMEN'S COMFORT SWING PREMIER
PORNO This is a time to teach them appropriate attire

You will see on the Beach this Season
Gowns Online Shop Unless you're still 18 years old

Cool H Styles For A Hot Summer
PORNO some sort of 13 most sexy superhero outfits

Rarest Gemstones in the World
Download Free Games makeup and accessories to help complete their look

How to Compare Firming Anti
Kostenlose Pornos von You his girl

La Dolce Vita is a fashion success
PORNO FRANCAIS the definition of an individual's fashion alter

What Kind of Education Is Required for a Fashion Assistant
Tube XXX then you are truly representing yourself

b and Same Sky partner for a worthy cause
Filme Porno trends type in which to job machine
བསྟོད།8

抱歉,评论已关闭!