འདི་ཡང་ནང་དམེ་བྱེད་སྟངས་རེད།

ཞོགས་ལྗང་།

ཉེ་སྔོན“སྐབས་བཞི་བའི་གངས་རིའི་བུ་མོའི་རྩོམ་རིག་བགྲོ་གླེང”ཁྲི་འདུ་ནས་ཚོགས་པ་མཐོང་རྗེས་དགའ་ཚོར་བྱུང་ལ། གསར་ཞུགས་ཚོགས་མི་མང་བོ་མཐོང་བས་ང་རྒྱལ་ཡང་སྐྱེས་སོང་། ཇི་ལྟར་བཤད་ཀྱང་། ང་ཚོ་བོད་ལ་ཡང་འདི་ལྟ་བུའི་གསར་སྐྱེས་མང་དུ་ཡོད་ན་ཅི་མ་རུང་སྙམ་ནས་སྡོད་མཁན་ཞིག་ཡིན་པས་ཡིན་ནམ། གང་ལྟར་ལྟས་བཟང་བོ་འདི་འདྲ་ནི་ངེས་པ་དོན་གྱིས་དགའ་རིན་ཡོད་པ་ཞིག་མ་རེད་དམ། ལྷག་པར་དུ། བོད་ཀྱི་ཞིབ་འཇུག་སློབ་མ་དག་གི་གྲས་སུ་ཡང་མགོ་འབུར་བྱེད་མཁན་རེ་འགའ་ཡོད་ན་སྤྲོ་མོ་ཞིག་མ་རེད་དམ། མ་ཟད། ཐེངས་འདིའི་འདུ་ཚོགས་ཀྱི་སྣ་དཀྱུ་གཞན་ལག་ཏུ་མ་ཤོར་བ་ཡང་ཡར་ཐོན་ཞིག་རེད་སྙམ། དེ་ལྟར་ལགས་ཀྱང་། ན་གཞོན་གསར་བའི་དྲ་བ་རུ་བཀོད་པའི་གསར་འགྱུར་གྱི་འགབ་ཏུ་བལྟས་མ་ཐག་ནས་གླེང་རིན་མེད་པ་དང་། ཞིབ་ཏུ་བསམ་ན་ངེས་པར་གླེང་དགོས་པའི་དཔྱད་གཏམ་རེ་འགའ་འདུག་པས། བདག་གི་འབོལ་རྩོམ་འདི་ཡང་མ་ཁོགས་པར་ཤོར་སོང་།

དཔྱད་གཏམ་དང་བོ། ངེས་དོན་གྱི་བུད་མེད་བསམ་བློ་བ་འཇམ་དབྱངས་སྐྱིད་དང་། ཆབ་སྲིད་འཐབ་མོ་བ་འོད་ཟེར། སྒྱུ་རྩལ་འཚོལ་སྙེག་པ་ཆུ་མིག་དང་བདེ་སྐྱིད་སྒྲོལ་མ། དཔལ་མོ། ཧོར་མོ་སོགས་དང་། དེ་མིན་གཞན་པའི་ཁེ་ལས་གཉེར་མཁན་གྱི་བུད་མེད་འཇོན་མ་བཅས་སྤྱི་ཚོགས་ཀྱི་སྣ་སྒོ་མོ་སོ་སོ་ན་བཞུགས་པའི་བུད་མེད་དག་འཛོམས་མེད་པ་ནི་དངོས་གནས་ཕངས་སེམས་ཤིག་ཏུ་འཁུམ་འདོད།
སྒྲེན་པོར་འབོད་པས།

དཔྱད་གཏམ་གཉིས་པ། གྲོགས་སྒྲེན་པོ་ལགས། བརྟག་དཔྱད་ཞིབ་འཇུག་མ་བྱས་ན་སྐད་ཆ་བཤད་པའི་དབང་ཆ་མེད་ཟེར་བ་ཁྱེད་ཀྱིས་ལོས་ཤེས། དེ་བས་ཁྱེད་རྣམ་པ་ཚོས་དོན་དངོས་ལ་རྒྱུས་ལོན་ཅུང་ཙམ་ཡང་མ་བྱས་པར་བསམ་ཚོད་ཀྱིས་སྐད་ཆ་བཤད་ན་དགོས་པ་མེད་པར་སྙམ། རྒྱུ་མཚན་ནི་ཁྱེད་ཀྱིས་གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས་ལ་རྒྱུས་ལོན་སྤུ་ཙམ་ཡང་མེད་པར་ཡིད་ལ་འཆར་ཚོད་ཅིག་ལབ་ཀྱི་ཡོད་དེ། ཁྱེད་ཀྱིས་བགྲང་བའི་སྐྱེས་མ་དེ་དག་གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས་སྐབས་དང་པོ་དང་གཉིས་པའི་སྟེང་ལ་ཞུགས་ཟིན། ང་ཚོའི་གླེང་སྟེགས་ཀྱི་དམིགས་ཡུལ་ཡང་གཞོན་སྐྱེས་བུད་མེད་སྨྱུག་ཐོགས་པ་བསྐྱེད་བསྲིང་བྱེད་རྒྱུ་དང་། རྩོམ་འབྲིར་སྐུལ་སློང་བྱ་རྒྱུ་དེ་ཡིན་པས། ཡང་དང་བསྐྱར་དུ་ཁོ་རྒན་རབས་པ་ཚོ་གདན་འདྲེན་མ་བྱས་པ་ཡིན།
མགོན་པོ་སྐྱིད་ནས།

དཔྱད་གཏམ་གསུམ་པ། བུད་མེད་རྩོམ་འབྲི་བ་བསྐྱེད་བསྲེང་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། ཡིན་ན་ཡང་ལྷག་པར་དུ་བུད་མེད་ཀྱི་བསམ་བློ་གོང་ཐོར་གཏོང་རྒྱུ་དེ་ལས་ཀྱང་གལ་ཆེན་རེད། བོད་ཀྱི་བུད་མེད་ཚོ་ལ་འདྲ་མཉམ་ཟེར་བ་ངོ་སྤྲོད་ཡག་པོ་བྱ་རྒྱུ་དང་སྐྱེས་པའི་མདུན་ནས་མགོ་སྒུར་མི་དགོས་པ་ཞིག་ངེས་པར་དུ་བཟོ་དགོས། མགོན་པོ་སྐྱིད་ཀྱིས་བདེན་པའི་རྡོ་ལོག་གི་སྒྲེན་པོའི་ཁ་ནང་ལ་བཞུས་པ་བཟང་འདུག ༼མིང་མི་འདུག༽

འུ་ཚོས་དཔྱད་གཏམ་འདི་དག་ལ་བལྟས་ན་འདི་འདྲ་ཞིག་རེད་དེ། གྲོགས་སྒྲེན་པོ་ལགས་ནས་ཐེངས་འདིའི་གངས་རིའི་བུ་མོའི་རྩོམ་རིག་བགྲོ་གླེང་སྟེང་དུ་བུད་མེད་དེ་དག་མ་ཡོང་བ་ནི་རང་སྒེར་གྱི་སྟེང་ནས་ཅུང་ཕངས་པ་ཞིག་རེད་ཅེས་བཤད་འདུག་ཅིང་། དེ་ནི་མི་བུ་རང་སྒེར་གྱི་སེམས་ཚོར་ཞིག་གམ་ཡང་ན་རེ་འདུན་ཆུང་ཆུང་ལྟ་བུ་ཞིག་རེད་མོད། དོན་བསམ་སར་མ་སོང་གསེག་སར་སོང་ཞེས་པ་བཞིན་དུ། ཐེངས་འདིའི་འགོ་འཛིན་པ་མགོན་པོ་སྐྱིད་ནས་ཅི་ཞིག་ལ་འདྲོགས་ལངས་པའམ། རྣག་ཐོག་ལ་ཁབ་ཁེལ་བཞིན་དུ། བརྟག་དཔྱད་མ་བྱས་པར་སྐད་ཆ་བཤད་དབང་མེད་ཚུལ་དང་། ཐེངས་དང་བོ་དང་གཉིས་པའི་སྟེང་དུ་བུད་མེད་དེ་དག༼ཕལ་ཆེར་འོད་ཟེར་སོགས་ཞུགས་མེད་ཚོད་འདུག༽ཞུགས་ཟིན་ཚུལ་སོགས་དཔྱད་གཏམ་དང་འབྲེལ་མེད་ཀྱི་སྐད་ཆ་ཞིག་བཤད་འདུག སྤྱིར་འུ་ཅག་གི་མཁས་མིང་འཛིན་པ་དག་ལ་ནད་ཅིག་ཡོད་པ་ནི་གོ་སྐབས་ཤིག་ཡོད་མ་ཐག་རང་གིས་དུས་རྒྱུན་དྲན་བཞིན་པ་དག་བརྗོད་བྱ་དང་འབྲེལ་མེད་ཡིན་རུང་ལབ་འགྲོ་བ་བཞིན། མགོན་པོ་སྐྱིད་ཀྱིས་ཀྱང༼ཁྱེད་རྣམ་པ་ཚོས༽སོགས། སུ་ཞིག་ལ་གསེག་འདྲི་བ་བཞིན་གྱི་སྐད་ཆ་བཤད་པ་འདི་ནི་ལོ་ངོ་འདི་དག་རིང་གི་ཞིབ་འཇུག་བྱེད་སྟངས་ཤིག་མིན་ཚེ་དགོས་པ་མི་འདུག་སྙམ། གལ་ཏེ་ཁྱོད་རང་ཁྱོད་ཀྱིས་བཤད་པའི༼ཁྱོད་ཚོ༽ཞེས་པའི་སྟེང་དུ་འཐད་ཀྱིན་མེད་ན་ཐད་ཀར་བཤད་ན་འོས་པ་མ་གཏོགས། དཔྱད་གཏམ་ཞིག་མཐོང་མ་ཐག་ཏུ་དེ་འདྲ་ཞིག་ལོས་ཡིན་འདོད་དེ་བཤད་པ་ནི་དོན་གྱིས་བསམ་ན་སྐྱོ་སྣང་འཆར་བའི་ཟློས་གར་ཞིག་རེད་ཨང་།

ཡང་ཟིན་བྲིས་རིག་གནས་ཀྱི་རང་དབང་འདིའི་སྟབས་ཀྱིས་འུ་ཅག་གི་དྲ་འབུ་དག་གིས་དུས་རྒྱུན་ཁ་ལ་ཡོང་ཚད་དང་སེམས་ལ་འཆར་ཚོད་ལབ་ཅིང་། བསམ་གཞིག་ཅུང་ཙམ་ཡང་མི་གཏོང་བར་དཔྱད་གཏམ་སྤེལ་ཅི་ཐུབ་བགྱི། དཔྱད་གཏམ་གསུམ་པ་སྤེལ་མཁན་མིང་མེད་དེས་ཀྱང་སྒྲེན་པོ་དང་མགོན་པོ་སྐྱིད་གཉིས་ཀྱི་དབར་ལ་ཕྲ་མ་བྱེད་པ་བཞིན། མགོན་པོ་སྐྱིད་ཀྱིས་སྒྲེན་པོའི་ཁ་ནང་ལ་རྡོ་ཡིས་བཞུས་སོང་ཚུལ་ལབ་འདུག སྤྱིར་སྐད་ཆ་ཇི་ལྟར་བཤད་མིན་དེ་མི་བུ་རང་སྒེར་གྱི་དབང་ཆ་ཞིག་ཡིན་སྲིད་ཀྱང་། རང་དབང་རྒྱ་ཡན་པ་ཞིག་ཨེ་ཡོད་དམ་སྙམ་ན་དྲ་འབུ་འདི་དག་གི་ཁ་ནང་ལ་སུ་ཞིག་གིས་རྡོ་ཡིས་རྒྱག་དགོས་ཚོད་འདུག མ་ཟད། འུ་ཚོས་འདི་ལྟར་རང་མི་རང་གིས་མི་བརྩི་བར་རྡོག་བརྫིས་གཏོང་ཅི་ཐུབ་བགྱི་བ་ནི་མི་སྒེར་རང་གི་ཞེ་འཁོན་ཡོད་ཀྱང་འོས་སུ་རུང་བ་ཞིག་མ་རེད་སྙམ།

ཞོར་འཕྲོས།

ལོ་ངོ་འདི་དག་གི་རིང་དུ་འུ་ཅག་གི་མཁས་མིང་འཛིན་པ་དག་དང་ཞིབ་འཇུག་སློབ་མ་དག་གི་མིག་ལ་མི་རན་པའི་མི་བུ་སྐོར་ཞིག་ཁེར་ཆད་ཀྱིས་ལངས་ནས་འོང་གིན་འདུག་ན། ཁོ་རང་ཚོའི་སེམས་སུ་ཚ་འཕྱུར་ཞིང་མིག་ལ་མེ་འབར་གྱིན་འདུག ཁོ་ཚོས་ནམ་ཡང་དེ་དག་གིས་ཅི་ཡང་ཤེས་ཀྱིན་མེད་ཚུལ་དང་། ཁོ་རང་ཚོས་ཅི་ཡང་མི་འཇོན་ཚུལ་ལབ་པ་ལས། ཐ་ན་དེ་དག་གི་བརྩམས་ཆོས་གཅིག་ཀྱང་གཟབ་ནན་གྱིས་བཀླགས་མེད་ཚོད་འདུག་ན། འདི་དག་གིས་རང་མི་ནང་དམེ་བྱས་པ་ཙམ་ལས་མི་འདུག འདི་ནི་འབྲོག་པས་རྩྭ་ས་རྩོད་པའི་སྦྱོར་བར་ཡང་དོ་ཡི་མེད་ཚེ། ཅི་ཞིག་གི་མཁས་པ་དང་ཅི་ཞིག་གི་ཞིབ་འཇུག་སློབ་མ་རེད་དམ།

དེ་བཞིན་དུ་ཁོ་བོའི་བརྩམས་ཆོས་འདི་ཉིད་མིག་ལ་མི་རན་པ་དང་སེམས་ལ་མི་འབབ་མཁན་ཡོད་ན། བསམ་འཆར་མུ་མཐུད་དུ་ཤོད་དང་བགྲོ་གླེང་གི་མཁའ་དབུགས་ཇེ་ཡངས་ཡིན་ལགས།

5 Crazy Ways Awful People Are Trying to Improve Their Image
VIDEO PORNO XXX and one that really doesn't affect the series negatively

Worse fashion mistakes woman make
Prom Dresses beads and cropped tops

Boys Girls Shoes from Top Brands
VIDEOS PORNO To smooth out lower body flaws

The Supermodel Blogger Trashes Sarah Jessica Parker
Download Free Games I feel sorry for her in a way

Some innovative mobile phone accessories
pornos calling for fresh ideas and constant newness

Mario and Courtney Lopez attend Simon G
PORNO FRANCAIS A 1200 gauss samarium cobalt magnet is embedded in each large link

Fashion on a Budget for Everyone
free porno Either one would like to be curvy and busty

How to Dress for a Cocktail Party
Filme Porno the fashion contributor
བསྟོད།6

抱歉,评论已关闭!