ངའི་མིག་ལམ་གྱི་སྡེ་རོང་ཚེ་རིང་དོན་གྲུབ།

དགུ་རོང་སྤུན་གྲོལ།

ཁ་སང་དགོང་དྲོའི་དུས་ཚོད་ལྔ་ཡས་མས་སུ་གྲོགས་པོ་ཞིག་གིས་ཁ་པར་འོངས་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཆད་ ཁྲིད་ཅིག་ཡོད་སྐད་དང་ཁྱེད་རང་སོང་ན་ལེགས་ཚུལ་གྱི་གཏམ་བསྙད་བྱུང་། མགོ་རྔ་མེད་པའི་སྐད་ཆ་དེས་ངའི་དཔེ་ཀློག་གི་རྒྱུན་ཤེས་གཏོར་སོང་བས་འཆད་ཁྲིད་བཤད་མཁན་སུ་ཡིན་དང་དུས་ཚོད་ག་ཚོད་ཡིན་པ་སོགས་ཤེས་འདོད་བྱུང་སྟེ་དེ་གར་གནས་པའི་གྲོགས་པོ་ཞིག་ལ་འབྲེལ་གཏུག་བྱས་པ་ཡིན། གཞི་ནས་བོད་ཀྱི་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་གྲུབ་འབྲས་གལ་ཆེན་བཞག་ཡོད་པའི་སྐུ་ཞབས་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང〝མ་འོངས་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བསམ་གཞིག〞སྐོར་གྱི་འཆད་ཁྲིད་གནང་རྒྱུ་ཡིན་པ་ཤེས་སོང་། དེ་མ་ཐག་རྩིས་འཁོར་གྱི་གློག་སྒོ་བརྒྱབ་སྟེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཤར་བསྐྱོད་བྱས་པ་ཡིན། ཏག་ཏག་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ཁོང་ཉིད་སྐུ་དངོས་སུ་ཕེབས་ཏེ་གྲལ་མགོའི་སྟེགས་བུར་བུད་དེ་ཕྲག་ཁུག་ཆུང་ཆུང་དེ་མར་བཞག་ནས་བཞུགས་སྟེགས་ལ་བསྡད་སོང་། འཛིན་ཁང་ཆུང་ཆུང་དེའི་ནང་ལ་དགེ་སློབ་ཟུང་གི་འཚང་ཁ་བརྒྱབ་སྟེ་ཁོ་རེ་ཁྱོད་དེའི་སྒང་ལ་མ་འདུག་དེ་ནི་དགེ་རྒན་གྱི་བཞུགས་སྟེགས་རེད་ཅེས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་བུའི་གསེབ་ནས་སུའུ་ལེན་གྱི་སྐད་ཆ་རྙིང་པ་དེ་དག་རིམ་གྱིས་ཐོན་འོང་། དེ་ནས་ཅང་མ་འགོར་བར་སྐུ་ཞབས་ཁོང་གིས་འཆད་ཁྲིད་གནང་མགོ་བརྩམས་ཏེ་ཁྱེད་ཚོ་མང་ཆེ་བ་ཨ་མདོ་བ་ཡིན་པས་ངའི་ཁམས་སྐད་དེ་ཁྱེད་རང་ཚོས་གོ་དཀའ་རྒྱུ་རེད། དེས་ན་ང་ཚོས་གོ་བརྡ་ལེགས་པོ་འཕྲོད་ཆེད་རྒྱ་སྐད་ཀྱིས་ལབ། དེ་ནས་སྐར་མ་ཉི་ཤུའི་རྗེས་ནས་ཁྱེད་རང་ཚོར་དྲི་བ་ག་རུ་ཡོད་ན་དེ་བཏང་ཞོག་ཅེས་ཡོན་ཏན་གྱི་ཀློང་བརྡོལ་བའི་སྣང་ཚུལ་ཞིག་སྟོན་གྱིན་འདུག་ལ་དེ་ག་རང་ཡང་ཡིན་པ་སྙམ། དེས་ན་མདང་དགོང་ཁོང་གི་འཆད་ཁྲིད་ལ་ཟུར་ཉན་དུ་སོང་བའི་མྱོང་བ་ཟབ་མོ་ཞིག་དབྱེ་ཞིབ་ཀྱི་རྣོ་གྲིས་གཤག་གཏུབ་བྱས་ནས་མདོར་དྲིལ་གྱིས་ཡི་གེར་ཕབ་ན།
ངས་བསམ་ན་ཁྱེད་རང་གིས་བོད་ཁུལ་གྱི་སློབ་ཆེན་ཁག་ཏུ་དུས་དང་མཐུན་པའི་འཆད་ཁྲིད་གནང་སྐབས། ཐོག་མར་ངེས་དགོས་པ་ནི་རང་ཉིད་ཁྲིམས་འཛིན་པ་ཡིན་ནམ། ཁྲིམས་སྲུང་པ་ཡིན། དེ་ནས་རང་ཉིད་ཞིབ་འཇུག་པ་ཡིན་ནམ། ཡང་ན་རང་ཉིད་གཞུང་ཞབས་པ་ཡིན། འདི་དང་འདི་ལྟ་བུ་ལ་ངེས་ཤེས་ཡོད་པའི་སྒོ་ནས་སློབ་ཆེན་པ་རྣམས་ལ་འཆད་ཁྲིད་གནང་ན་སྨིག་ལོང་ཁྲོད་ཀྱི་རྫི་བོ་ལྟ་བུར་མི་འགྱུར་བའི་རེ་བ་ཆེན་པོ་ཡོད་པ་རེད། དེར་བརྟེན་མདང་དགོང་ཁྱེད་ཀྱི་གླེང་གཞིའི་སྐྱ་ཐིག་དེ〝མ་འོངས་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བསམ་གཞིག〞ཅེས་པ་ཡིན་ཀྱང་། ག་ལེར་ག་ལེར་བརྗོད་བྱང་དེ་གྱང་ངོས་སུ་བཞག་ནས་ཁྱེད་རང་ཐག་རིང་པོ་ཞིག་ལ་ཕྱིན་ནས་བོད་མདོ་ཁམས་སྒང་དྲུག་ལ་ བསྐོར་བ་བརྒྱབ་སྟེ་རང་ཉིད་ཀྱིས་རྒྱ་སྐད་བཤད་ནས་སློབ་ཆེན་པ་རྣམས་ལ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ དགོས་ཚུལ་གྱི་གཏམ་བསྙད་ནས་ངའི་མིག་ལམ་དུ་ཁྱེད་ཀྱིས་ཁ་ལག་གོ་མི་མཚུངས་པའི་སྣང་ཚུལ་ཞིག་བསྟན་བྱུང་ལ། བརྩམས་ཆོས་ཁྲོད་ཀྱི་སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་མི་རིགས་རིང་ལུགས་པའི་སྐད་ཤུགས་གསོན་པོ་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཉམ་ཐག་པའི་ད་ལྟའི་བོད་ཀྱི་གནས་བབ་ཀྱི་བར་ནས་ཕར་གཡོ་ཚུར་གཡོ་བྱས་ནས་ གཞུང་ཞབས་པའི་གོས་ལ་ལྗང་ཁུ་དངོས་སུ་གྱོན་བྱུང་། དེས་ན་ཁྱེད་ཀྱིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཞེས་པ་དེ་ག་འདྲ་ཞིག་ལ་ངེས་འཛིན་གྱིན་ཡོད། དེང་རབས་དཔལ་འབྱོར་གྱི་བཙིར་གནོན་འདིའི་འོག་ནས་འུ་ཅག་བོད་ལ་དཔལ་འབྱོར་གྱི་ཤེད་ཤུགས་རྒྱས་སུ་བཅུག་སྟེ་ད་གཟོད་རང་ཉིད་ཀྱི་རིག་གནས་དེ་སྐྱོང་སྤེལ་གཉིས་ཀྱི་ལམ་དུ་གོམ་པ་སྤོ་དགོས་པར་འདོད་པ་ལས། བཀའ་བསྟན་གྱི་གླེགས་བམ་མཐུག་པོ་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གིས་འུ་ཅག་ལ་ཤེད་ཤུགས་སྦྱིན་མི་ཐུབ། གལ་ཏེ་དེ་ལྟར་ཡིན་ཚེ། འུ་ཅག་ནི་སྐྱིད་པ་ལ། ད་ལྟར་ཨ་རིའི་དཔལ་འབྱོར་གྱི་གནས་བབ་སྡུག་ཏུ་འགྲོ་བའི་སྐབས་འུ་ཅག་གི་བཀའ་བསྟན་ཨ་རི་ལ་བཙོང་ཆོག་ལ། ལས་རྒྱུ་འབྲས་ཀྱི་ཆོས་འཁོར་ཡང་བསྐོར་ན་ཆོག འོན་ཀྱང་དེ་འདྲ་ག་ལ་ཡིན། ཁྱེད་ཀྱིས་ལས་རྒྱུ་འབྲས་མི་རྩི་མཁན་དེ་མི་མ་རེད་ཅེས་བརྗོད་པའི་སྐད་ཆ་དེ་་ཇི་ལྟར་ཤུགས ཆེ་ཡང་།མི་གཞི་དམའ་འབབ་ཀྱི་ཚིག་རྫོབ་ཅིག་ཡིན་པར་ཁོ་བོས་བསམ། ས་སྒང་རུལ་བུ་འདི་སྟེང་ན་མི་རིགས་སོ་སོ་ལ་རང་ལ་འཚམ་པའི་རིག་གནས་ཤིག་དང་དེས་བསྐྲུན་པའི་རིན་ཐང་ལྟ་ཚུལ་མི་འདྲ་བ་རེར་ཡོད་པར་གཏན་ལ་ཕབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་དེ་ཁྱེད་ཀྱིས་རྦད་དེ་རྡོག་རལ་རུ་བཏང་སོང་། དེ་བས་ངས་གོང་ནས་ཁྱེད་རང་ཞིབ་འཇུག་པ་ཡིན་ནམ། ཡང་ན་གཞུང་ཞབས་པ་ཡིན་ཞེས་པ་དྲི་བ་བཀོད་པ་ཡིན། ངས་བལྟས་ན་ཁྱེད་རང་གཞུང་ཞབས་པ་རེད། གང་ཡིན་ཞེ་ན། སྐུ་ཞབས་བྱང་སྐར་གྱིས་དངོས་ཡོད་ཀྱི་དྲི་བ་དྲིས་ཚེ་ཁྱེད་རང་གིས་སེར་འབྲས་དགེ་གསུམ་གྱི་དགེ་བསྐུལ་གྱིས་ཚོགས་མང་ལ་སྐྱབས་ཐོ་སྙན་སྒྲོན་ཞུས་པ་བཞིན། ཀྲུང་དབྱང་གི་རྩ་ཁྲིམས་དེ་ལྟར་མིན་ཚུལ་གྱིས་སྔོན་ཆད་ཀྱི་རྡོ་སྦིས་དགེ་བཤེས་ཀྱི་སྐད་ཆ་འདྲ་བོ་ཞིག་བཤད་ནས་དངོས་ཡོད་ལ་གཡོལ་སོང་། དེ་ནས་སྐུ་ཞབས་ཞོགས་ལྗང་གིས་འུ་ཅག་མི་བོ་ཆེ་སྐུ་ཞབས་ཞོགས་དུང་གི་བག་ཆགས་དོང་སྤྲུག་གླེངས་ནས་དྲི་བ་དྲིས་ཚེ་ཡང་། ཁྱེད་ཀྱིས་སྐད་མ་གོ་བའི་ཚུལ་བསྟན་པ་མ་ཟད། གྲལ་མགོ་རུ་བཞུགས་པའི་མཚོ་སྔོན་དགེ་ཐོན་སློབ་གྲྭའི་གཞུང་ཞབས་པའི་དགེ་རྒན་འགའ་དང་མཉམ་དུ་གསང་བ་ཞིག་ལ་གྲོས་བགྲོ་བ་ལྟ་བུའི་སྐད་ཆ་སྨྲས་ཏེ་སྐུ་ཞབས་ཞོགས་དུང་གི་བག་ཆགས་དོང་སྤྲུག་ལ་གླེང་སློང་བྱེད་པ་ཕར་ཞོག སྐུ་ཞབས་ཞོགས་དུང་གི་མིང་གླེང་ན་ཁྱེད་དང་ཁྱེད་ཀྱི་འཁྲིས་སུ་གནས་པའི་གཞུབ་ཞབས་པ་དེ་ཚོ་སྙིང་འདར་བའི་ངང་ཚུལ་བསྟན་ནས་གནད་ལ་ཁེལ་བའི་ལན་ཞིག་ཁྱོན་ནས་བཏབ་མ་སོང་། ཤེས་ཡོན་པ་ཞིག་གིས་འདི་ལྟ་བུའི་དངོས་ཡོད་ལ་གཡོལ་ནས་སྐད་ཆ་དྲང་མོར་སྨྲ་མི་ཐུབ་པའི་ངང་ཚུལ་འདི་རིག་ན་ཁྱེད་ཀྱིས་གླེགས་བམ་རྔམས་མཐུག་པོ་ཇི་ལྟར་བརྩམས་ཀྱང་ཁོ་བོས་ཁྱེད་ལ་གཞུང་ ཞབས་པའི་ཆོ་ལོ་འབུལ་རྒྱུ་ཡིན། སྣང་ཚུལ་གཞན་ཞིག་གི་ཐད་ནས་གླེང་ན་དེ་གར་ཕེབས་འབྱོར་གནང་བའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ་ཚོས་དྲི་བ་གཏོང་བའི་མགོ་བརྩམས་ཏེ། ཁོ་ཚོས་ཀྱང་དམའ་འབྲིང་གི་འཚོ་བའི་ཉམས་མྱོང་གཞིར་ བཟུང་ནས་མགོ་བོ་དུད་ནས་ཤོག་བུ་སྟེང་ལ་དྲི་བ་དྲིས་ནས་ཡར་འབུལ་གནང་གིན་འདུག སྣང་ཚུལ་འདི་མཐོང་ཚེ་ཉེ་སྔོན་གྲོགས་གཅན་མེ་སོན་གྱིས་བྲིས་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་མྱི་དོན་མི་གླེང་ཚུལ་ཞེས་པ་དེ་དངོས་གནས་གནད་ལ་ ཁེལ་བའི་གཏམ་དྲོན་མོ་འབའ་ཞིག་ཏུ་འཁུམ། གང་ཡིན་ཞེ་ན་དེ་གའི་སློབ་ཆེན་པ་ཚེས་མྱི་དོན་དང་མི་བུ་ཞེས་པ་ལ་གོ་བ་ཡང་དག་ཅིག་ལོན་མེད་ཚོད་རེད། ཡིན་ནའང་མི་བུ་རྒོད་པོ་ཞིག་གིས་མི་ཚོགས་ཁྲོད་ཡར་ལངས་ཏེ་སྐད་ཤུགས་ཆེན་པོས་ཁོང་གི་བཤད་འདོད་པའི་སྐད་ཆ་སྨྲས་བྱུང་། འོན་ཀྱང་གཟུངས་འབུམ་ཐར་རྒྱག་པས་མང་པོ་ཉ་ཉོག་བཤད་མ་ཡོང་ཞེས་དགེ་རྒན་གྱི་ཟིལ་ཤུགས་བསྟན་ནས་རྒྱ་སྐད་ཀྱིས་དེ་སྐད་སྨྲས་བྱུང་། དོན་དངོས་སུ་མི་བུའི་སྨྲ་ལྕེ་གཏུབ་པའི་རལ་གྲི་རྣོ་བོ་ལག་ཏུ་འཆིང་ཡོད་པ་ནི་བསྙོན་མེད་ཅིག་རེད་བསམ། མི་བུ་དེས་སྐད་ཆ་བཤད་པ་དེ་གོ་རིམ་ལྡན་པ་དང་གནད་ལ་ཁེལ་ བ་དེ་འདྲ་མིན་རུང་། དེ་དང་དེ་ལྟ་བུའི་སྟེགས་བུ་བརྒྱུད་ནས་རང་བྱུང་མི་བུ་ཞིག་ཆགས་དགོས་པ་མ་ཡིན་ནམ། ཕམ་ཁ་དང་དོགས་སློང་ཉམས་མྱོང་བཅས་ནི་རང་ཉིད་ལ་ཤེད་ཤུགས་རྒྱས་སུ་འཇུག་བྱེད་ཀྱི་སྨན་རྫས་མ་ཡིན་ནམ། མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་མི་བུ་བྱུང་མ་ཐུབ་པའི་གནད་ཀྱང་སྒེར་གཅོད་པ་དང་གཞུང་ཞབས་པ་མང་དྲགས་པོས་རྐྱེན་ཨེ་ཡིན་སྙམ་བྱུང་། དེ་བས་འུ་ཚོས་ཞིབ་འཇུག་པ་དང་གཞུང་ཞབས་པའི་དབྱེ་བ་ལ་ངེས་ཤེས་ཐོབ་པའི་སྒོ་ནས་རང་ཉིད་ཀྱི་ཉམས་མྱོང་དང་རང་ཉིད་ཀྱི་འཇོན་ནུས། རང་ཉིད་ཀྱིས་ཤེས་རྟོགས་གཞིར་བཟུང་ནས་འཆད་ཁྲིད་ལ་འབད་ན་མུན་ནག་ནང་ལ་མདའ་མི་འཕེན་པར་ཕན་ཆེན་པོ་ཐོག་རྒྱུ་རེད། དེ་མ་གཏོགས་ལོ་རྒྱུས་ཞིབ་འཇུག་པ་ཞིག་གིས་དཔལ་འབྱོར་འཕེལ་རྒྱས་སྐོར་གླེང་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་ཡུལ་མཐོ་སྒང་གི་འབྲི་མོའི་འོ་མ་བཞོ་བ་ལྟ་བུ་ཡིན་པ་གདོན་མི་ཟའོ།།

2010/9/30 ཉིན་བྲིས་པ་དགེ།

Miss Teen USA 2009 pageant fashion pictures
PORNO everything sets up a wave relating to date virtually year

Growth Habits of the Old Fashioned Lilac
Bridesmaid Dresses This then feeds into actual confidence and voila

Role of Hand stitching in designer clothing
PORNO Bag also doubles as a carry on for travel

Latest Fashion In India Pakistan
Download Free Games which was paying people far more than we could afford for extras

Is He Cheating On You Quiz
Kostenlose Pornos von plus two former

Why I Hedge Dividend Stocks To Avoid Panic Selling
PORNO FRANCAIS Cut the roulade into 3

Chico's FAS' CEO Discusses Q2 2011 Results
PORNO XXX this very article

How to Create a Fashion Directory Website
Darmowe Porno uses partial information
བསྟོད།6

抱歉,评论已关闭!