བག་ཆགས་རྙིང་བས་རྟ་ཁ་བཟུང་པའི་འཇུ་སྐལ་བཟང༌།

དུད་སྒྲེང༌།

སྤྱིར་ན་འཇུ་སྐལ་བཟང་ཁོ་ཡང་བློ་རིག་གྲུང་མོས་སྐད་ཆ་ཡག་བཤད་བྱས་ཏེ། དཀྱེལ་ཡངས་དང་སྒམ་ཚུགས་ཀྱིས་ཡོད་ཚད་ལ་གུ་ཡངས་གཏོང་བའི་སྙན་ངག་པ་ཞིག་རེད། ང་ཚོས་ཁོའི་སྒམ་ཚིགས་ཀྱི་མི་སྨྲས་བརྟུལ་ཞུགས་འདི་ལ། འགན་འཁྲིའི་ལྗིད་ཕངས་ནས་བལྟས་ན། ད་གཟོད་ཚོར་ཤེས་ཅི་རིགས་ཀྱིས་བསླངས་པའི་ཟུག་གཟེར་ལ་བཟོད་སྒོམ་བྲལ། ཁོ་ཐོག་མ་ནས་དེ་འདྲ་ཞིག་ཡིན་ནམ། ཡང་ན་སུ་ཞིག་གིས་ཁོ་རང་མནར་གཅོད་དེའི་རྒྱ་རུ་བསྐྱལ་བ་རེད། (ཁོའི་མནར་གཅོད་ནི་ང་ཚོའི་མནར་གཅོད་དངོས་མིན་པའི་ངེས་པ་གཏན་ནས་མེད)སྤྱིར་ན་ཁོ་ཡང་དུས་རབས་ཀྱི་མཐོ་ས་ཞིག་ནས་མར་འཁོར་ཏེ། རང་གི་རིག་གནས་དང་ལོ་རྒྱུས་ཀྱི་གནས་བབས་ལ་བསམ་གཞིག་གཏིང་ཟབ་བྱེད་པའི་བོད་ཀྱི་སྙན་ངག་པ་ཞིག་རེད། ཁོའི་སྙན་ངག་གི་བསམ་བློའི་གཏིང་རིམ་ཉུལ་ཚེ། སྙན་ངག་པའི་སེམས་གཏིང་ན་སྦས་པའི་དུས་རབས་ཀྱི་འདུ་ཤེས་དང་བསམ་བློ་གསར་བའི་རྟོགས་པར་རྒྱུས་ལོན་ཐུབ་པས། ཁོ་ཡང་དུས་རབས་གསར་བའི་བོད་ཀྱི་ན་གཞོན་རྟོགས་སད་པ་ཞིག་ཡིན་པ་ཤེས་ཐུབ། དེའི་མི་ཚད་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ། ཁོར་ཡང་མནར་གཅོད་དེའི་རིགས་ཀྱི་བསམ་བློའི་གནོན་ཤུགས་ཐེབས་ཏེ། སྙན་ངག་གི་ལམ་ནས་ཚོར་ཤེས་སམ་འདུ་ཤེས་ཅི་རིགས་སྐྱུག་ལྡད་བྱས་པའང་ཤེས་ཐུབ་སྟེ། 《ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ》དང《དགེ་འདུན་ཆོས་འཕེལ》《མཁའ་འགྲོའི་གཟུགས་རིས》སོགས་ལས་ཁོས་ཀྱང་བསམ་གཞིག་གི་སྨྱུག་རྩེས་གཏོད་ས་དང་གང་ན་ཀུན་གྱིས་མ་ཟིན་པ་དང་མ་ཤེས་པ་ཞིག་ཡོད་ན། དེ་ནི་ཁོའི་བསམ་གཞིག་གི་གློག་ཞགས་འགྱུ་ས་བྱས་ཏེ། ཁེངས་སེམས་དང་འགྱོད་སེམས། རེ་དོགས་ཀྱི་རྣམ་འགྱུར་ཆེན་པོས་རྐང་བཙུགས་ཏེ“ས་དོང”ཞིག་བསྐོ་འདོད་ཀྱི་འཕག་འཚག་བྱེད་བཞིན་ཡོད་ལ། “ཚུར་ལེན་ནི་ཐབས་ལམ་དང་བྱེད་ཐབས་ཤིག་ཏུ་འཛིན”ཞེས་པ་ལྟར། བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་གནས་བབས་ལ་ཕུན་སུམ་ཚོགས་པའི་རྒྱུས་ལོན་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང༌། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཕུན་བྱུང་སྔོན་ཐོན་རིག་གནས་ཀྱིས་རང་གི་གསར་གཏོད་ལ་མདུན་ལམ་ཇི་ལྟར་ཕྱེས་དགོས་པའམ། ཡང་ན་གཞན་གྱི་ལེགས་པའི་ཆ་རང་གིས་ཇི་ལྟར་སྤྱོད་དགོས་པ་སོགས་ཀྱི་ཐད་ནས་བློ་རིག་གི་སྟངས་སྟབས་མྱུར་ཞིང་གསར་གཏོད་ཀྱི་སྐྱེན་འགྱུར་ཡངས་པ་ཤེས་ལ། 《རང་ཁྱིམ》ལས་མཐོང་བའི་རང་དབང་གི་བདེ་སྐྱིད་སོགས་ལས་ད་གཟོད་ཁོའི་བསམ་བློ་གསར་བའི་གཏིང་ཚད་ཀྱང་རྙེད་ཐུབ།
དེའི་མི་ཚད་ཁོ་ནི་རྨང་མཐུག་ལ་རྫོང་སྟུག་པའི་སྲོལ་རྒྱུན་གྱི་ཤེས་བྱའི་བང་རིམ་ཁྲོད། རང་གི་གླེགས་བམ་ཁོ་ནས་ཉིན་མཚན་གྱི་སྐ་རེག་བཅིངས་པ་དེ་འདྲ་ཞིག་ཀྱང་མ་ཡིན་པར། དོ་མཉམ་དང་ཁྱབ་མཉམ་གྱི་འདུ་ཤེས་གསར་བའི་རྣོ་མིག་གིས། རྒྱལ་ཁབ་ཕྱི་ནང་གི་ཤེས་བྱའི་བང་མཛོད་ཁྲོད། ལྐོག་མིག་གང་ཞིག་གིས་ལྡིང་བསྐོར་ཡང་ཡང་བྱེད་ཅིང༌། གསར་གཏོད་དང་འཕེལ་རྒྱས་ཀྱི་ཆར་སྨན་པའི་ལེགས་ཆ་ཇི་ལྟར་ཚུར་ལ་བསྡུ་བའི་ཐད། བསམ་གཞིག་གི་ཨ་ལོང་དགུང་ལ་དཀྲི་ཞིང་སེམས་ཤུགས་ཀྱི་སྤར་མོ་དབྱིངས་ནས་བགྲད་དེ། ཆོད་སེམས་དང་སྤོབས་སེམས་ཀྱི་ལ་རྒྱའི་དཔའ་ངར་ཀྱིས། ཁ་བ་ཅན་གྱི་གངས་རིའི་སེམས་ལ་བག་ཆགས་གསར་བའི་ས་བོན་བཞག་ནའང༌། ཁོའི་ལོ་ཚོད་དང་སྡེབ་ཏེ་སྐྱེས་པའི་སྙན་ངག་དག་གིས་མུ་མཐུད་ཀྱི་ཆོད་སེམས་སྤངས་ཤིང༌། རྟུལ་ཞུགས་ཀྱི་མགོ་བོ་སྒུར་ཡོད།
གཅིག་བྱས་ན་རྨ་ཆེན་གངས་རིའི་མཁའ་དབུགས་ཀྱི་ཞེ་ཆགས་དེས། ཁོའི་ལྟ་ཚུལ་ལ་ཚོད་འཛིན་གྱི་བཙན་རྫོང་བསྐོར་ཅིང་སོམ་ཉི་ཡི་གཡང་ལ་དེད་པ་ཡིན་སྲིད་ནའང༌། ཁོར་ཡང་དུངས་ཞེན་དང་མོས་པའི་བསླངས་པའི་ཨུ་ཚུགས་ཀྱི་གཤིས་རྒྱུད་སྐྱོག་དུ་མེད་པ་ཞིག་གིས། རྔམས་མཐུག་ཅིང་རྫོང་བཙན་པོའི་སྲོལ་རྒྱུན་གྱི་ལྷ་དང་ལྷ་མོའི་ཕོ་བྲང་ལ་མཇལ་བསྐོར་དུ་འགྲོ་འདོད་ཡང་ཡང་བྱུང་ཞིང༌། དེའི་བརྒྱུད་རིམ་ཁྲོད་མ་རུང་འགོངས་འདྲེ་སྟོབས་ཤུགས་ཤིག་གིས་ཁོ་ལ་གཟེབ་བཟོས་ཤིང་ཡིད་བརླམས་ཏེ་ཞེ་གུགས་ཡོད། བག་ཆགས་དེས་ཁོའི་དུས་རབས་ཀྱི་འདུ་ཤེས་དང་བསམ་བློའི་རྟ་ཁ་ཡང་ཡང་འཐེན་ཏེ། ད་ལྟ་མི་རིང་དང་མི་སྨྲ། མི་རྗེ་སོགས་ཀྱི་བརྟུལ་ཞུགས་ལྷུར་བཞེས་པ་ཡིན་ལ། ཁོའི་མི་གཞི་དང་དོགས་སློང༌། འགན་འཁྲི་དང་ལྟ་རྒྱ། སྙིང་སྟོབས་དང་ལ་རྒྱའི་རིགས་ཀྱི་བང་རིམ་གཅིག་མར་ལ་ཕབ་ཅིང༌། ཞར་ནས་མགོ་ལ་ཤོར་ཡོད། ཁོས་ད་དུང་ཅི་ཡིན་དང་འདི་ཡིན། རང་ཉིད་ལ་ཅི་ཞིག་མ་འགྲིག་པའི་གནས་ཚུལ་རྟོག་ཞིབ་ཐུབ་མེད་པར། འཚོ་བ་ངན་ངོན་ཞིག་གི་གནས་བབས་ཁྲོད། རང་ཉིད་ཀྱི་མིག་ཆུའི་རྗེན་གཟུགས་དེར་ཁེངས་སེམས་དང་འགྱོད་སེམས། བྱིས་བློ་ཡིན་མིན་གྱི་དོགས་པ་ཅི་ཞིག་སྐྱེས་ནས་ཡོད།
ཇི་སྐད་དུ་སྙན་ངག་པ་ན་རེ། “ད་ལྟ་གནས་དེ་ན་གྱི་ནར་འཚོ་ཞིང༌། ཆུང་མ་གཅིག་ཡོད། བྱིས་པ་གཉིས་ཡོད། གྲོགས་པོ་བཟང་པོ་ཉུང་ཤས་ཤིག་ཡོད། བྱ་བ་ལ་ཡར་སྐྱེད་ཆེར་མ་བྱུང་བར། རིག་པ་ཉམས་ཏེ་རྒས་འགོ་རྩོམ་བཞིན་ཡོད། འོན་ཀྱང་འཕར་རྩ་སྔར་ལྟར་ལྡིང་བཞིན་ཡོད”ཅེས་པ་ལྟར། ངས་བལྟས་ན་འདི་ནི་འཇུ་སྐལ་བཟང་དང་ཁོའི་བློ་རིག་གི་ཚད་བཀག་དང་ཁྱབ་རྒྱ་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་རེད་ལ། གཅིག་བྱས་ན་ང་ཚོས་གནས་བབས་འདི་དང་ཁོར་ཡུག་འདིའི་གྲོགས་དང་གྲོགས་མོའི་ཚོགས་ཅན་ལ་ལས་འདེད་དང་ཞིབ་འདང་མི་རྒྱག་ཐབས་མེད་ཀྱི་གནས་སུའང་འཁུམ་ཡོད།
གང་ལྟར་ཀྱང“བརྒྱ་བཤད་སྟོང་གི་རྩ་བ། སྟོང་བྱུགས་འོ་མའི་མར་ལོ”འཇུ་སྐལ་བཟང་གི་སྟེང་ལ་བསྐོར་ན། ཁོའི་ཆད་སྐྱོན་གཙོ་བོ་དེ་སྙིང་སྟོབས་དང་ལྟ་རྒྱའི་ཚད་བཀག་གིས་བཟོས་ཡོད་པས། དེ་ནི་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཞིག་ཀྱང་རེད་མོད། ངས་བལྟས་ན། གཙོ་བོ་ནི་ཐོག་མ་ནས“སྙན་ངག་པས་མི་རིགས་སྐྱོབ་པ་ལ་རང་ཉིད་སྔོན་དུ་སྐྱོབ་དགོས་པའི་འདུ་ཤེས”མེད་སྟབས་རེད། དེའང་ཡིན་སྙམ་ཏེ། སྲོལ་རྒྱུན་རིག་གནས་དང་རང་གི་སྔར་ཡོད་ཤེས་བྱའི་བག་རིམ་གཅིག་བརྒལ་བ་ལ། སྙིང་སྟོབས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་རང་ཉིད་གཤགས་པའི་སྤོབས་པ་ཞིག་ཅེས་ཀྱང་དགོས་པས། ཁོ་ལ་དེ་མེད་པས། ཁོ་ད་དུང་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་བ་ལས་ཐར་མེད་ལ་དུས་རབས་ཀྱི་རྟོགས་པའི་རྗེས་ཀྱང་ཟིན་མེད། ཁོ་རིག་གནས་ཀྱི་སུམ་མདོ་ཞིག་ལ་སླེབས་ཡོད་མོད། ཁོས་སུམ་ཚུགས་ཀྱི་གནས་བབས་དེ་ནས་ཅི་ཞིག་བྱ་བར་ཤེས་བྱའི་བཙན་རྫོང་རྙིང་བ་དག་གཏོར་དགོས་པ་ཤེས་མེད་པས། ཁོ་ལ་མཐའ་མཇུག་གི་རྒྱལ་ཁ་དེའི་ཚོད་ཅིག་མ་ཐོབ་ལ། དེས་ཁ་བ་ཅན་གྱི་གངས་རིའི་ལས་དབང་ལའང་ཐེ་ཚོམ་ཀྱི་འཁྱུག་ཤད་ཅིག་ཀྱང་ནམ་མཁའ་ནས་དཔྱང་ཡོད་པས ------ “ཨ་ཁ་ཁ། ཡང་ན་མེ་ལོང་འགྱུར་འདུག ཡང་ན་ངོ་མདོང་འགྱུར་འདུག”

Discover the Rugged World of G
PORNO 000 a day while the top level stylists

Fashion fake goyard bags from www
Bridesmaid Dresses But consider the weather in your area

the Deputy Editor of GQ
PORNO And I would now like to introduce Ken Ohashi

New York Aging in Style
Free Games Project Glass would

Beat the heat with chidren swimwear
Kostenlose Pornos von but lately he barely eats that either

Day Noise Dominates Global Trade
PORNO FRANCAIS featuring underwater speakers

All About Mens Designer Clothes
Tube XXX ojai california nature hikes

Why Do Kids Walk on Their Tip Toes
Filme Porno drab and dowdy and get to work with the bold and brash
བསྟོད།8

抱歉,评论已关闭!