དགོན་པར་དགའ་བའི་འུ་ཅག

ཟུར་མདའ།

འུ་ཅག་གི་རེ་བའི་ཞིང་ས་དམ་པ་དགོན་སྡེ་ཁག་ཡིན་ཡང་།དེ་འུ་ཅག་གཅིག་པུ་མིན་པར་འཛམ་བུ་གླིང་ལ་ཆོས་ལུགས་གཉིས་སྟོང་ལྷག་ཡོད་པའི་མང་ཆེ་བར་ཆོས་ལུགས་ལ་སློབ་སྦྱོང་དང་དད་མོས་མཆོད་འབུལ་བྱེད་སའི་དགོན་སྡེ་དང་གཙུག་ལག་ཁང་རེ་ཡོད་ངེས་ཤིང་།སངས་རྒྱས་ཆོས་ལུགས་ལ་མཚོན་ན་བདག་ཅག་གི་སྟོན་པ་སྐུ་འཚོ་བཞུགས་དུས་སུ།གྲྭ་བཙུན་རྣམས་གནས་ངེས་མེད་ཡིན་ལ།དབྱར་གནས་སོགས་ཀྱི་སྐབས་སུ་གྲྭ་མང་ཕྱོགས་གཅིག་ཏུ་མཚམས་བུ་ཆེ་དང་མཚམས་བུ་ཆུང་དཀྱིལ་འཁོར་བའི་མཚམས་སོགས་བཅད་དེ།གནས་བྱིན་རླབས་བྱས་ནས་སྡོད་བ་དང་གཉུག་མར་གནས་པ་ཞེས་པ།དེ་ཡང་གྲྭ་བ་བསམ་གཏན་པ་འགའ་རེ་མཉམ་དུ་ཡོད་པ་ལས་ད་ལྟའི་གཞི་སྡོད་དགོན་པའི་ལུགས་སྲོལ་མེད་པ་དང་།ཕྱིས་ཎལེན་དྲ་སོགས་དར་བ་འདྲ།ང་ཚོར་ཡང་ནང་ཆོས་ལ་དད་མོས་ཡོད་པའི་མི་རིགས་ཤིག་ཡིན་པས།གཏམ་དཔེ་ལ་མཁར་གྱི་ཐོག་མར་ཡུ་བུ་བླ་མཁར།དགོན་གྱི་དང་པོ་བསམ་ཡས་དགོན་པ།ཞེས་གྲགས་པ་ལྟར།བསམ་ཡས་དགོན་སངས་རྒྱས་ཆོས་ལུགས་བོད་ལ་དར་བའི་ཐོག་མའི་དགོན་པ་ཡིན་ཅིང་།སད་མི་མི་བདུན་རབ་ཏུ་བྱུང་སྟེ་བཙན་པོ་ཁྲི་སྲོང་གིས་གྲྭ་བ་ཚོར་འཚོ་བ་མེད་ན།གྲྭ་བའི་རྒྱུན་གནས་མི་ཐུབ་པར་བསམ་ནས་གྲྭ་བའི་འཚོ་བ་རྒྱལ་པོའི་གན་མཛོད་ནས་སྤྲད་པ་དང་།དེ་ཡང་འགྱུར་བ་ཕྱིན་ཏེ་གྲྭ་བ་རེ་ལ་མཆོད་གཞིས་དུད་ཁྱིམ་གསུམ་རེ་འབུལ་བ་དང་།བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་གསུམ་ལ་ཉེ་བའི་དུས་སུ་གྲྭ་བ་སུམ་བརྒྱ་ཙམ་ཟིན་བ་བྱུང་ཡང་།དེ་རྗེས་མངའ་བདག་ཁྲི་རལ་གྱིས་གྲྭ་བའི་མཆོད་གཞིས་ལ་འཕོ་འགྱུར་བཏང་སྟེ་དུད་ཁྱིམ་བདུན་རེ་འཕར་ཞིང་།ཞིང་འབྲོག་མི་སེར་གྱིས་རྒྱལ་ཁབ་དང་དགོན་པ་གྲྭ་བ་དམག་མི་ལ་ཁྲལ་འཇལ་དགོས་པས།དམག་མི་ལ་འཚོ་བ་ཇེ་རྡུགས་ཇེ་ཞན་དང་དཔལ་འབྱོར་གྱི་བཙིར་འདེད་འོག་མི་སེར་དང་དམག་མི་གྲྭ་བ་བྱེད་མི་མང་དུ་ཕྱིན་ཀྱང་།དུས་དེ་ནས་བཟུང་ལྷ་སྡེ་མི་སྡེ་ཟེར་བའི་མཆོད་གཞིས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་འདྲ།

དེ་ནི་ལོ་ངོ་བརྒྱ་ཕྲག་བཅུ་གཉིས་ལྷག་གི་ཡར་སྔོན་ནས་དར་ཞིང་།བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ཕན་འབྲས་མི་དམན་པ་བཞག་ཡོད་ལ།འོན་ཀྱང་གྲྭ་བ་མང་དྲགས་པའམ།ཡང་ན་ཆོས་ལུགས་ནང་མ་འཆམ་པའི་ཡིན་ནམ།གང་ལྟར་རྒྱུ་རྐྱེན་སྣ་མང་ལས་བཙན་པོའི་གདུང་རྒྱུད་ཀྱིས་བོད་ལ་དབང་བསྒྱུར་བའི་མཇུག་རྫོགས་ཀྱང་།བོད་རྒྱལ་ཁབ་ཆེན་པོའི་མངའ་ཐང་དབང་ཕྱུག་རྣམས་ཐུར་དུ་བྲི་བའི་སྐབས་སུ་སྔགས་པ་གོས་དཀར་ཅན་མ་གཏོགས་གཙུག་ལག་ཁང་དང་དགོན་པ།ལྷག་པར་གྲྭ་པ་རྣམས་ལོ་བརྒྱ་དང་ལྔ་བཅུ་ཡས་མས་ནང་མིང་གི་ལྷག་མ་ཙམ་དུ་གྱུར་ཀྱང་།གོད་ཆག་དེ་ལས་ཆོས་ལ་དོར་སྣང་ཇེ་ཆེར་ཕྱིན་ཏེ།ལོ་རྒྱུས་སུ་བསྟན་པའི་མེ་རོ་མདོ་ཁམས་ཡུལ་ནས་གསོས་ཞེས་པ་ལྟར།དབུས་གཙང་ནས་མི་བཅུས་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་བརྒྱུད་བླ་ཆེན་གྱི་དངོས་སློབ་སྤ་གོང་ཡེ་ཤེས་གཡུང་དྲུང་གི་སློབ་མ་གྲུམ་ཡེ་ཤེས་རྒྱལ་མཚན་ལས་བསྙེན་པར་རྫོགས་ནས།དབུས་བསམ་ཡས་སུ་རྒྱལ་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་གྱིས།རྒྱབ་སྐྱོར་ལ་བརྟེན་ནས་ལྷ་ཁང་ཞིག་གསོ་དང་དགོན་པ་དགེ་འདུན་གྱི་སྡེ་གཙུགས་ཤིང་།ནང་ཁུར་དུ་ཀླུ་མེས་ཚོ་པ།རྦ་ཚོ་པ།རག་ཤིའི་ཚོ་པ།འབྲིང་ཚོ་པ་སོགས་མང་བོ་གྱེས་ཤིང་།སྤྱི་ལོ༡༠༠༨ལོར་ནས་བཟུང་ཀླུ་མེས་ཀྱི་བརྒྱུད་པ་མཚན་ཉིད་སྐོར་སྡེ་བཞི་དང་།སྔགས་པ་སྡེ་གཉིས་དང་དགེ་བཤེས་གྲྭ་པ་མངོན་ཤེས་ཀྱིས་གྲྭ་ཐང་གཙུག་ལག་ཁང་སོགས་བརྒྱ་ལྷག་ཙམ་བཏབ་ཡོད་ལ།སོ་སོའི་རྟེན་གཞི་དཔོན་ཆུང་རེའི་རྒྱབ་སྐྱོར་འོག་དགོན་པ་མཆོད་གཞིས་གང་མང་གི་མགྲན་རྩོད་ཀྱི་ཡོ་ལང་རྒྱས་ཤིང་།ལྷ་སྡེ་མི་སྡེའི་མཆོད་ཡོན་དེ་ནས་བཟུང་ཤུགས་ཆེན་པོ་དར་བ་འདྲ།མངའ་རིས་རྒྱལ་རྒྱུད་ཀྱིས་གཙོས་བྱས་ནས་རྒྱ་གར་གྱི་པཎ་ཆེན་དཔལ་ལྡན་ཨ་ཏི་ཤ་གདན་དྲུངས་ཤིང་།དུས་དེར་གསང་སྔགས་ལ་སྒོམ་སྒྲུབ་དང་།མདོ་ཕྱོགས་ལ་འཆད་ཉན་བྱེད་པའི་ཕྱོགས་ཁག་གཉིས་ལ།ལྟ་བའི་འཁྲུག་ཆ་དོད་པོ་རྒྱས་པའི་སྐབས་ཡིན་པས།རྩོད་པ་ཞི་བའི་ཐབས་སུ་དམིགས་ནས་བཤད་ཆོས་སྒྲུབ་ཆོས་མི་འགལ་བའི་བཤད་པ་རྩ་དོན་ཞིག་ལ་བཟུང་སྟེ།མདོ་སྔགས་ཟུང་འབྲེལ་གྱི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོམ་མེ་གསུངས་ཤིང་།བཀའ་གདམས་པའི་ཆོས་རྒྱུད་སྲོལ་དོད།དེ་ནས་བཟུང་བོད་ལ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དར་རྒྱས་སུ་ཕྱིན་པ་འདྲ་ཞིང་།ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པས།སྤྱི་ལོ་༡༠༥༥ལོར་མཉེས་ཐང་དང་༡༠༥༧ལོར་རྭ་སྒྲེང་དགོན་པ་བཏབ།ནང་ཁུལ་ལ་བཀའ་གདམས་གཞུང་བ་པ་དང་།མན་ངག་བ་སོགས་གྱེས་ཤིང་།བཀའ་གདམས་པའི་ཆོས་རྒྱུད་འཛིན་པའི་དགོན་པ་དང་བཙུན་པའི་གྲངས་གནས་མཐོ་ཞིང་།བོད་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་ལ།དེ་ནས་ཆར་ཤུལ་ལ་ཤ་མོ་བརྡོལ་བ་བཞིན་དུ་ས་སྐྱ་དང་།བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད།ཇོ་ནང་།དགེ་ལུགས་སོགས་གྲུབ་མཐའ་མང་བོ་དར་རྒྱས་ཆེན་པོ་བྱུང་ཤིང་།དེ་དུས་བོད་མི་རྣམས་ལ་བོད་རྒྱལ་ཁབ་ཆེན་པོའི་ཆབ་དཔལ་རིགས་གསུམ་གྱི་འདུ་ཤེས་དམན་ཞིང་སོ་སོའི་གྲུབ་མཐའི་གོ་གནས་མཐོ་གདེག་དང་།མངའ་འོག་རྒྱ་བསྐྱེད་ཀྱི་བསམ་བློའི་མེ་ལྕེ་འབར་བཞིན་པའི་སྐབས།སོག་དམག་གྱིས་བཙན་འཛུལ་བོད་ལ་སླེབས་ནས་བོད་མངའ་འོག་ཏུ་བསྡུ་བའི་ངན་ཇུས་ལས།ཧོར་རྒྱལ་ཚོས་བོད་ཀྱི་གྲུབ་མཐའ་ཁག་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད་པའི་བླ་མ་དང་དགེ་བཤེས་ཚོ་ལ་དད་གུས་ཆེ་མདོག་ལས།ཞི་དྲག་ཟུང་གིས་ཧོར་ཡུལ་དུ་དབུ་བླར་ཁྲིད་ནས་ཆབ་སྲིད་ཀྱི་ལག་ཆ་བྱས་ཤིང་།ཁོང་ཚོས་ཆོས་ལུགས་གྲུབ་མཐའི་དུངས་ཞེན་ཁ་ལ་ཁྱེར་ཏེ།ནང་ཁུལ་ལ་གྲུབ་མཐའི་རྒྱ་བསྐྱེད་དང་མི་སེར་སྤེལ་ཡུལ་འབངས་འཕྲོད་རྩོད་ཀྱི་བྱ་ངན་བསླང་ཞིང་།བོད་ཀྱི་དཔའ་བོ་སྟག་འདྲ་གཟིགས་འདྲ་ཚོའི་མགོ་སྐེ་དགྲ་ལག་ལ་བཞག་ནས་དགྲ་དགའ་གཉེན་སྡུག་གི་ལས་ངན་ཚབ་ཆེན་བསགས།དག་སྣང་གི་ཀློང་ལ་མྱུལ་ནས་ཡོད་པའི་བོད་མི་ཚོར་མི་ལོ་བརྒྱ་ཕྲག་བདུན་བརྒྱད་ཞིག་ཏུ།ནང་ཁུལ་དམག་འཁྲུག་གི་ལྟ་མོ་དེས་གྲུབ་མཐའ་དང་ཡུལ་ལུང་ནང་འཁྲུག་བྱེད་པའི་བག་ཆགས་གཏིང་ཟབ་བཞག་པ་གདའ།ཆབ་སྲིད་ཀྱི་གཡོ་སྒྱུའི་དྲི་མའི་མ་གོས་ཤིང་རང་བཞིན་དྲང་བའི་བླ་མ་དགེ་བཤེས་ཚོས།རྒྱ་དཔོན་དེ་ཚོའི་མ་རུང་ཁོག་བཅུག་གི་གཡོ་འཕྲུལ་མ་ཁེད་པར།ད་དུང་བླ་ཆེན་རེས།རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས།།འཇིགས་རུང་སྟོབས་ལྡན་རྒྱལ་པོའི་ཚུལ་བཟུང་ནས།།རྒྱལ་ཁབ་ཆོས་བཞིན་སྐྱོང་བའི་ཐུགས་རྗེ་ཅན།།ནམ་མཁའི་གོང་མ་རྒྱལ་བའི་ཞབས་བརྟན་ཤོག།ཅེས་རྒྱ་ནག་གི་རྒྱལ་པོ་ཚོ་འཇམ་པའི་དབྱངས་ཀྱི་སྤྲུལ་སྐུ་ཡིན་ལུགས་ཀྱི་བསྟོད་བསྔགས་སྣ་ཚོགས་བྱས་ཤིང་།བླ་དཔོན་གཉིས་བརྩེགས་ཀྱི་བདག་པོ་དག་ལ།ཅི་མཛད་ལེགས་པར་མཐོང་ནས་མོས་གུས་བྱེད་པའི་མང་ཚོགས་རྣམས་ཀྱིས་ཁོང་ཚོའི་ཚིག་རྗེས་འབྲངས་ཏེ་མི་གསོད་ཁྲག་སྦྱོར་གྱི་ལས་ལ་བཞུགས་པའི་མི་ཡུལ་གྱི་གཤེད་མ་དེ་ཚོར།རྒྱ་ནག་གོང་མ་ཆོས་ཀྱི་རྒྱལ་པོ་སོགས་ངག་ནས་བསྟོད་ཚིག་བགྲང་ཞིང་གསེར་སྐུ་དང་ས་སྐུ་ཅི་འཇོན་མཆོད་གྲལ་བསྒྲིགས་ནས་ཕྱག་འབུལ་བྱེད་སྲོལ་དར།བླ་ཆེན་དུ་གྲགས་པ་རྣམས་ལ།རྒྱ་དཔོན་ཚོས་ཏི་ཤྲི་དང་གུ་ཤྲི་སྟེ་སློབ་དཔོན་ཆེན་པོ་དང་ཆེས་མཐོ་བའི་སློབ་དཔོན་སོགས་ཀྱི་མིང་ཐམ་ག་བཟོས་ནས་སྤྲད་ཚེ།ཁོང་ཚོར་སྐོམ་པ་ཆུ་དང་འཕྲད་པ་བཞིན་གཞན་ལ་ངོམས་སོ་ལས།སྟོན་ས་བསྒྲགས་ས་མ་རྙེད་པར་ཡོད་ལ།མང་ཚོགས་ཀྱིས་ཀྱང་དོན་དམ་པའི་བླ་མར་ཆོས་བཞིན་འདུལ་བཞིན་བྱེད་མཁན་དང་རིག་པའི་གནས་ལ་བྱང་ཆུབ་པ་ཞིག་ཡིན་མིན་ལ་མི་བལྟ་བར།ཆོས་ཀྱི་རྒྱལ་པོའི་མིང་གི་ཐམ་ག་ཡོད་མེད་ལས་རྩ་ཆེ་ཆུང་འཇོག་པ་དང་།ཡོད་ན་ཁོ་དང་ཁོའི་གྲུབ་མཐའ་དང་དགོན་པ།ཕུལ་བྱུང་ཁྱད་འཕགས་ཤིག་ཡིན་པར་སེམས་ཤིང་ཁ་ནས་ཀྱང་གླེང་།ཁོའི་རྗེས་འབྲངས་པའི་གཞན་ལ་མཐོང་ཆུང་གི་རྣམ་པའི་ཁྱེད་ཀྱི་གྲུབ་མཐའ་ཐ་ཤལ་དང་།ཆོས་ལོག་ཡིན་ལུགས་ཀྱི་མཚར་གཏམ་སྣ་ཚོགས་སྨྲ་བས།ཁ་རྩོད་ལས་སོ་སོའི་ཚེ་སྲོག་བསྟིམས་པ་ཡང་ཡོད།ཐབས་སྐྱོ་བ་ཞིག་ལ་དགོན་སྡེ་གོང་འོག་འགྲན་རྩོད་ཀྱི་ཡོ་ལང་ཁྲོད།ཆོས་དད་མང་ཚོགས་ཀྱིས་ནང་པའི་ཆོས་ཀྱི་གཞུང་ལུགས་ལ་སློབ་རྒྱུ་བཞག་སྟེ།བླ་མ་དང་དགོན་པའི་ཐོབ་དང་རྒྱལ་ཕམ་གྱི་ཕྱིར་ཏུ་དུས་འདའ་ཞིང་།འཇིག་རྟེན་བྱེད་པ་པོ་དེ་ཚོས་རང་ཉིད་ཡར་རྒྱས་གཏོང་བ་ལས་དག་སྣང་རྐྱང་བའི་སློབ་གསོའི་གཡོ་འཕྲུལ་ལྟན་ཏེ་མང་ཚོགས་མགོ་རྨོངས་སུ་བཅུག་ནས།ཆག་སྒོ་ཞིག་བྱུང་ཚེ་གཞན་གྱིས་དམོད་ངན་བཏང་སོང་ཞེས་དཀྲོག་གཏམ་སྣ་ཚོགས་བསྒྲགས་ནས་དགོན་པའི་གྲྭ་བཙུན་དང་ཐ་ན་དགོན་འདབས་ཀྱི་གྲོང་སྡེ་ཕན་ཚུན་བར་ལ་རྩོད་རྙོག་སྣ་ཚོགས་བསླངས་ཤིང་།གྲོང་སྡེ་ཕན་ཚུན་བར་འཕོངས་དཀྲུག་བྱེད་མཁན་ཚོར་ལ་རྒྱ་ཅན་དང་ཧ་ཕ་ཆོས་ཅན།བསྟན་པའི་སྦྱིན་བདག་སོགས་ཀྱི་ཆོ་ལོ་ཕུལ་ནས་སྡེ་འཁྲུག་ལ་དགའ་བའི་བག་ཆགས་གཏིང་ཟབ་བཞག་ཅིང་།ད་དུང་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཤེས་རབ་ལ་སྦྱོང་བརྡར་བྱས་ནས་རང་ལམ་རང་གིས་འཚོལ་བའི་ལམ་ཆེན་ལ་མི་བཞུགས་པར་རེ་བཅོལ་གྱི་ཀློང་ནས་གྲགས་འགུལ་མེད་པར་དགོན་པའི་སྣེ་ཁྲིད་ཀྱི་མལ་ཁྲི་ལ་འཇུས་ནས་ཡོད་པ་འདི།དགོན་པའི་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཡིན་པ་སྨོས་མེད་དུ་ངེས་ཤིང་།རྒྱུ་རྐྱེན་གཉིས་པ་ཞིག་ནི།བོད་ལ་བཙུན་དགོན་ལས་གཞན་བཙུན་མའི་དགོན་པ་འགའ་ཡོད་ན་ཡང་།ཁོང་ཚོས་མི་སེར་གྱི་འདོན་བཅོལ་སྒྲུབ་རྒྱུ་ཙམ་མ་གཏོགས་གཞུང་ལུགས་ལ་འཆད་ཉན་བྱེད་སྲོལ་མེད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་དེ་ཙམ་མ་ཐེབས་ཀྱང་།རག་བརྩིས་ལས་བོད་ཀྱི་བུད་མེད་བརྒྱ་ཆའི་དགུ་བཅུ་ཡིག་རྨོངས་ཡིན་ཞིང་།ད་ལྟ་ཡང་ལུང་ཀྱོག་རེ་ན་བུད་མེད་ཀྱི་ཡོན་ཏན་སློབ་པ་ལྟས་ངན་དུ་བརྩི་བཞིན་ཡོད་པ་དང་།མི་སྐྱ་ཤེས་ཡོན་ཅན་འགའ་བྱུང་མྱོང་ཡོད་པ་ཡང་སྔར་གྲྭ་བ་བྱས་པའམ་དགོན་པ་ནས་སློབ་སྦྱངས་བྱས་པ་ལས་དགོན་པའི་སློབ་གསོ་མ་ཐེབས་པའི་བོད་ཀྱི་ཡོན་ཏན་པ་བཙལ་དུ་མེད།།བོད་ཀྱི་སྤྱི་ཚོགས་ཐོག་ཕོ་མོ་དབྱེར་མེད་ཀྱི་སློབ་གྲྭའི་རིགས་ཀྱི་མྱུག་གུ་ཞིགསྤྱི་ལོ་༡༧༡༥་ཡས་མས་སུ་ཕོ་ལྷ་བས་བྱིས་པ་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་ཞིག་སྐྲུན་ནས་མདོ་མཁར་བ་རྡོ་རྗེ་ཚེ་བརྟན་སོགས་བོད་མི་ཤེས་ཡོན་པ་འགའ་འབྱུང་ཡང་དེ་ནི་གཙོ་བོ་སྐུ་དྲག་དང་མཐོ་རིམ་མི་སྣའི་ཕྲུག་གུ་རྣམས་གསོ་སྐྱོངས་བྱེད་ས་ཞིག་ལས་སློབ་གྲྭ་མཚན་ཉིད་པ་ཞིག་མིན།ཕྱིས་སྤྱི་ལོ་༡༩༡༧ལོར་རྒྱལ་དབང་བཅུ་གསུམ་པའི་ལྷ་སའི་ཇོའི་ཁང་གི་ལྷོ་ནུབ་མཚམས་ཀླུ་སྒུག་ལ་བོད་ཀྱི་ཐུན་མོང་རིག་གནས་དང་དེའི་ཐོག་མི་རིགས་གཞན་གྱི་སྐད་དང་ཡི་གེ་སོགས་རིག་གནས་དབྱེར་མེད་སློབ་སའི་སློབ་གྲྭ་ཞིག་གསར་བཙུགས་བྱས་ཤིང་བོད་ཆོས་དད་མང་ཚོགས་ཀྱིས་སློབ་གྲྭ་བཙུགས་ན།ནང་བསྟན་ཆོས་ལུགས་ལ་གནོད་པ་འབྱུང་རབས་བཤད་ནས་སེ་འབྲས་དགེ་གསུམ་སོགས་དགོན་པའི་གནོད་ཤུགས་འོག་བརྒྱུད་སྐྱོང་མ་ཐུབ་པ་དང་།དེ་ལས་ཅུང་འཕྱི་བ་སྤྱི་ལོ༡༩༤༠་ལོ་ཡས་མས་ནས་སློབ་གྲྭ་མཚན་ཉིད་པ་ཞིག་མེད་ཀྱང་བྱིས་པ་འགའ་མཉམ་དུ་ཚོགས་ཏེ་ཡི་གེ་འབྲི་ཀློག་སློབ་ས་ཞིག་བཙུགས་པ་ལས་གཞན་མེད་འདྲ།ཡིན་ཡང་འུ་ཅག་གི་རེ་བའི་ཞིང་ས་དམ་པ་དགོན་པས་གླང་ཆེ་ས་ལ་རབ་བརྟན་བརྒྱ་སྟོང་གིས་མི་ཐེག་པའི་སྐྱོན་ཡོན་གྱི་ཁུར་བོ་ཁུར་ནས་རྡུལ་ཆུའི་རྡོག་པོ་རེས་འཇིག་རྟེན་ལ་ས་བོན་འདེབས་བཞིན་དུ་འུ་ཚོའི་མདུན་དུ་སླེབས་དུས།འུ་ཅག་གིས་ཁོའི་རིན་ཐང་ལ་བསྔོགས་གཤེར་དང་ཁོའི་མ་འོངས་པར་བསམ་གཞིགས་ཙམ་ཡང་མི་བྱེད་པར་ཁ་ཡག་ངོ་དགས་ངོ་སོ་སྲུང་བ་འདི་ཁོའི་ཚེ་སྲོག་ལ་འགན་མ་ཁུར་བའམ་དུངས་ཞེན་རྐྱང་བའི་དབང་དུ་ཤོར་བ་གང་ཡིན་མི་ཤེས་ཤིང་།ད་ལྟ་མཛའ་གླིང་སྤྱི་འགྲོས་ལྟར་གཞུང་སྒེར་གཉིས་ནས་སློབ་གྲྭ་གང་ཙམ་བཙུགས་ནས་ཕོ་མོ་དབྱེ་བ་མེད་པར་སློབ་སྤྱོང་གི་སྐལ་བ་ཅུང་ཐོབ་པ་དང་།ལྷག་དུ་མི་རིགས་གཞན་དང་།རྒྱལ་ཁབ་གཞན་གྱི་སློབ་གྲྭ་ཆེན་ཁག་ཏུ་སློབ་སྦྱོང་ལ་ཕྱིན་པའི་ན་གཞོན་མང་བོ་ཡོང་གི་ཡོད་པས།མ་འོངས་པར་རིག་གནས་གང་ཞིག་གི་ཐོག་ཏུ་རིགས་གཅིག་རྐང་འཛིན་གྱི་རེ་བ་རི་ལས་མཐོ་བའི་སྐབས་འདིར།དགོན་པ་གྲྭ་ཚང་གི་གནས་བབ་མཐོ་བཏེགས་ལ།ཤ་ཚའི་བསམ་བློ་ཞིག་བཏང་བ་ཡིན་ན།རུལ་སུངས་སྔོན་འགོག་བྱེད་དགོས་པ་ལས་ཕྱག་ཕྲེང་ངོར་གཟུངས་སྔགས་བགྲང་བའི་ཚབ་དུ་སྙིགས་མ་ལྔ་འདྲེན་ནས་འདུག་པ་དང་གང་ཟག་བྱེད་བྲག་པ་གཏོར་འདེད་བྱས་པའི་ཅི་ལ་ཕན།དེ་ལས་གོམས་སྲོལ་གྱིས་ཡིན་ཡིན་འདྲ་བའི་སྣང་བཏགས་ལས་ཀུན་གཞིའི་རྣམ་ཤེས་ངོར་གཏིང་རིང་བཞག་པའི་བག་ཆགས་ལ་རྒོལ་དགོས་ཤིང་།སློབ་གསོའི་ཁོར་ཡུག་ཞིག་གིས་འུ་ཅག་གི་ཡོད་ཚད་དག་སྣང་ལ་བཅོལ་ནས་རང་ཉིད་ཀྱི་དཔྱོད་ཤེས་ལ་དེ་ཙམ་ཆགས་མི་འཇོག་པ་དེ་ནི་མི་ལོ་བརྒྱ་ཕྲག་མང་བོ་ནས་བཟུང་གྲྭ་བཙུན་གྱིས་བོད་ཁམས་ཡོང་ལ་ཁ་ལོ་སྒྱུར་ཞིང་།གྲྭ་བཙུན་རྣམས་དུངས་ཞེན་ཆེན་པོ་ཡོད་ས་དེ་གྲུབ་མཐའ་དང་དགོན་པ་ཆོས་ཀྱི་སྡེ་ཡིན་པས།འཇོན་ཐང་དང་ནུས་རྩལ་གང་ཡོད་ཀྱི་དགོན་པ་གསར་འཛུགས་བྱེད་པའི་ལས་ལ་བྲེལ་ཞིང་།སློབ་གསོ་ནི་དག་སྣང་ཙམ་ཡིན་པ་ལས།ནང་ཆོས་ཀྱི་རྩ་དོན་སྤྱོད་པ་འཚེ་མེད་དང།ལྟ་བ་རྟེན་འབྱུང་གིས་བསྡུས་པའི་སྐྱབས་འགྲོ་རྒྱུ་འབྲས་སོགས་ལ་བླང་དོར་འབྱེད་པའི་བློ་མིག་བག་ལ་འཁུམས་ཤིང་།ཐ་ན་བོར་སྟོར་དང་ཆམ་ནད་ཞིག་ཕོག་ཚེ།ཆོས་ལ་ངེས་ཤེས་རྙེད་པ་མིན་ཡང་།འཆི་བ་ལ་སྐྲག་པ་དང་མེད་མུག་ལ་སུན་པས།མོ་ལུང་བརྩི་གསུམ་ཞུས་ཤིང་།གྲྭ་རྒན་དེས་ངག་ནས་ལོག་འཚོ་ལྔ་དང་མ་འདྲེས་པའི་དཔལ་འབྱོར་སྒྲུབ་དགོས་ཟེར་བཞིན་དུ།མཐར་ཐུག་ན་གྲྭ་བ་དང་དགོན་པའི་སྒྲུབ་དགོས་པའི་ལྷ་མཆོད་ཀླུ་གསོལ་སོགས་གཏོ་ཆོག་སྣ་ཚོགས་བྱེད་པར་མངགས་ཤིང་།གྲྭ་བ་དང་དགོན་པས་འདོན་བཅོལ་ལ་གོང་ཚད་བཟུང་ནས་སྒྲུབ་ཁུར་བྱེད་པ་འདི།དོན་ལ་ལོག་འཚོ་དང་མ་འདྲེས་པ་ཡིན་པ་སོམ་ཉི་ལས་མ་འདས་ཤིང་།གྲྭ་དགོན་གྱིས་སྒྲུབ་ཚད་བཤད་ཚད་ཡང་དག་དང་མ་འཁྲུལ་བ་ཡིན་མདོག་སྟོན་པ་ལས་དེའི་སྐྱོན་དང་རུལ་སུངས་ལ་སྐྱ་སེར་སུས་ཀྱང་རྒོལ་མི་ནུས།དེ་ནི་ཅི་ཁག་བོད་ཀྱི་སློབ་གསོ་མཁན་ནི་རིགས་གཅིག་ཏེ།དགོན་པའི་ནང་གི་བླ་མ་དགེ་བཤེས་སུ་གྲགས་ཚོ་ཡིན་ལ།དེ་རྣམས་ཀྱིས་རང་གི་བྱེད་སྟངས་སུ་ཆགས་མི་འཇོག་པར།རིག་ཚད་མཐོ་ཚད་ལ་ཕ་ཡུལ་བདུད་ཀྱི་བཙོན་རྭ།ཕ་མ་བདུད་ཀྱི་སྒོ་སྲུང་།ཞེས་གསུངས་པ་བཞིན་འཁོར་བར་སྙིང་བོ་མི་འདུག་ཟེར་ཞིང་།བྱིས་པ་དམར་འབྱར་དུས་ནས་ཁྱིམ་བདག་ལ་ཁྱོད་ཀྱི་བྱིས་པ་ངེས་དགོན་པར་གྲྭ་བ་བཟོས་ཞེས།ཕྱག་མདུད་སེར་བོ་སྐེ་ལ་སྐོན་ནས་བྱིས་པ་ཕོ་མོ་ནོར་བའི་གཏམ་བརྒྱུད་ཀྱང་བྱུང་མྱོང་ཡོད།བོད་ཡུལ་དམར་སེར་ལི་ཁྲིའི་ཕྱུག་པའི་གྲྭ་བཙུན་གྱི་ཁེངས་ཤིང་།དོན་དུ་སྤུས་ཚད་དང་གྲངས་འབོར་གཉིས་ལས་གཙོ་བོ་གྲངས་འབོར་བརྩི་བའི་གོམས་སྲོལ་ཞིག་ཆགས།སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་དང་གཤིབ་རྡར་བྱས་ན་ཕྱི་ཤུན་ཙམ་ལས་མེད་པ་འདྲ།དེ་ནི་ཡིད་འཕངས་པའི་གྱོང་གུད་ཆེ་བོ་ཞིག་མ་ཡིན་ནམ།འོན་ཀྱང་དགོན་པ་ནི་བདག་ཅག་གི་སྟོན་པའི་འདུལ་ཁྲིམས་ལག་སྟར་བྱེད་མཁན་ཡིན་ལ།འདུལ་བ་ཡུལ་དུས་དང་བསྟུན་དགོས་ལུགས་གསུངས་པ་བཞིན།ཡུལ་སྲོལ་གོམས་གཤིས་ལ་བསྟུན་དགོས་པའི་རིགས་རེ་ཟུང་ཡོད་ན་ཡང་།འུ་ཅག་གིས་གྲོང་བའི་རྒྱས་སྤྲོས་བྱེད་སྟངས་དར་སོ་དང་།གཏུམ་སྤྱོད་ཀྱི་ལས་དང་འབྲེལ་བའི་རྒྱལ་པོས་ཆད་པ་གཅོད་སྲོལ་སོགས་ལ་མཐོ་ཆེན་བྱས་ནས་འདུལ་ཁྲིམས་ལ་བརྩིས་དེ་ཙམ་མི་བྱེད་པར།འདུལ་གཞུང་ལས་ཡུལ་སྲོལ་གཙོ་བོ་བྱས་ནས་འདུལ་བ་ཆོས་རྭའི་ནང་རྩོད་པ་བྱེད་སྤྱད་ཙམ་ལས་རྒྱངས་དུ་དོར་ན་ནོར་འཁྲུལ་ཆེ་བོ་ཞིག་མ་ཡིན་ནམ།ལ་ལས་སོ་སོའི་སྲུང་ན་ལེགས་མོད།ཁ་ཕོ་ཆེ་བ་ལས་ཅི་ཕན་ཟེར་ན་བདེན་ཤས་ཆེ་ཡང་།འདུལ་བ་སྒེར་དང་ཚོགས་པ་གཉིས་ལས་ཚོགས་པ་ལ་ངེས་པར་ལྟོས་ཏེ་སྲུང་དགོས་པའི་རིགས་ཀྱང་མང་བོ་ཡོད།འུ་ཅག་གི་ཕམ་ལྷག་གི་ལྟུང་བ་ལ་དག་ཐེར་དང་དོ་སྣང་བྱེད་པ་ལས།གོས་གྱོན་སྟངས་གོམ་པ་བཏེག་འཇོག་གི་ལྟུང་བ་ལ་དོ་སྣང་ཟབ་པ་ཡོད།དགག་བྱ་དགོས་པ་གཉིས་ལས་ཕྱི་མའི་གནད།ཞེས་ལྟུང་བ་ཆེན་པོ་ལས་ཆུང་བ་བློས་གཏོང་དགོས་པར་གསུངས་པ་ལས་ལྡོག་སྟེ།ལྟུང་བ་ཆེ་རིགས་ལ་ཆུ་ལྕེབ་ཤམ་ལྕེབ་བྱས་ནས་བསྡམ་བྱའི་ཉེས་བྱའི་སོགས་ལྟུང་བ་ཆུང་རིགས་ལ་ཟིམ་ཟིམ་བྱེད་པ་འདི།བློ་དམན་བྱིས་པའི་ངོ་བོར་སྤྲུལ་པ་བསྟན་པའི་རྫུན་འཆོས་འབའ་ཞིག་མ་ཡིན་ནམ།དགོན་པ་ཞེས་པ་གང་འདྲ་ཞིག་ཡིན་ངོ་འཛིན་ཐོབ་པ་གནད་དམ་པ་ཞིག་ལགས་ཤིང་།འུ་ཅག་ལ་འདྲི་ཚིག་དེ་བཏོན་ན་ལན་ཡང་དག་ཅིག་མི་ཐེབས་པའི་ཚད་དུ་སླེབས་འདུག་ལ།འོན་ཀྱང་གཞུང་ལུགས་ལ་འདྲེས་ཆ་ཆེ་མདོག་ཅན་རེས།ཀློག་པ་ཐོས་བསམ་དང་།སྤོང་བསམ་གཏན་ལ་བརྩོན་པའི་ཁོར་ར་ཁོར་ཡུག་ཞིག་རེད་ཞེས་ལན་འདེབས་ངེས་ཤིང་།ཡང་བསྐྱར་དྲི་བ་ཞིག་འདོན་དུས།ངོ་གདོང་བྱུར་རུ་ལྟར་དམར་བོ་གྱུར་བ་ལས་ཐབས་གཞན་མེད།དེ་ནི་ད་ལྟའི་དགོན་པ་མང་ཆེ་བས་སོ་སོའི་འཁྲིས་ཀྱི་གྲོང་སྡེ་རྣམས་སུ་གྲོང་ཆོག་འདོན་བཅོལ་ཙམ་བྱས་ནས་ཡོད་པ།འདི་ཀློག་པ་ཐོས་བསམ་དང་།སྤོང་བ་བསམ་གཏན་ལ་བརྩོན་པ་ཡིན་ནམ།ང་ཚོའི་མཐོང་སྣང་ལ་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེན་པོ་ཕར་ཞོགརང་ཉིད་ཀྱི་ཁས་བླངས་པའི་སོ་ཐར་སྡོམ་པའི་སྲུང་བྱ་དང་།མི་མཐུན་ཕྱོགས་ཀྱི་དབྱེ་འབྱེད་ཙམ་ཡང་མི་ཤེས་པའི་གྲྭ་བ་འབོར་ཆེན་ཡོད་པ།འདི་ཀློག་པ་ཐོས་བསམ་དང་།སྤོང་བ་བསམ་གཏན་ལ་བརྩོན་པ་ཡིན་ནམ།དེ་མ་ཟད་རྩོད་གྲྭ་དང་བཤད་གྲྭ་ཡོད་པའི་དགོན་ཆེན་དུ་གྲགས་པ་རྣམས་སུ་འཆད་ཉན་སློབ་གཉེར་བྱེད་མི་ལས་གྲོང་ཆོག་དང་སྐྱིད་ཉལ་བྱས་ནས་སྡོད་མཁན་ལྡབ་འགྱུར་འགའ་མང་བ་འདི་ཞེས་འདྲི་ངེས་ཤིང་།དོན་དངོས་ལ་སྨྱོན་ག་ལ་རུང་།ཡིན་ཡང་འུ་ཅག་ལ་མཚོན་ན་རང་ཉིད་ཀྱི་འགན་འཁྲི་བོར་བའི།མི་འབོར་ཆེན་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་པ་རྒྱུ་རྐྱེན་མེད་པ་ཞིག་ཅི་ལ་ཡིན།སློབ་གསོ་བ་ཕ་མ་དང་དགེ་རྒན་ལས་ཕ་མས་བུ་ཕྲུག་ལ་གྲྭ་བ་བྱས་བསྡད་པ་ཙམ་གྱི་ཆོགཆོས་མ་ཤེས་ན་འགྲིགས་ཞེས་གྲྭ་བའི་འགན་འཁྲི་མི་གླེང་།དགེ་རྒན་གྱིས་ཁྱིམ་པ་བྱས་ན་ཆུང་མ་བུ་ཕྲུག་ཕ་མ་སོགས་ཁ་གསོ་རྒྱབ་འགེབ་བྱེད་དགོས་པས།དཔལ་འབྱོར་རྩོལ་སྒྲུབ་ཀྱི་དཀའ་ངལ་དང་།གྲྭ་བ་བྱས་ན་ཟས་རང་འབབ་གོས་རང་འགྲུབ་ཡིན་ལུགས་ཀྱི་སློབ་གསོ་རྒྱག་པ་ལས་གྲྭ་བའི་འགན་འཁྲི་མི་གླེང་།གྲྭ་གཞོན་ཚོ་ཐོག་མར་ཕ་མས་སློབ་གསོ་དང་ངོ་སྲུང་གི་གྲྭ་བ་བྱས་པ་ལས།ལོ་བདུན་བརྒྱད་ཐོག་འཁོར་བར་ངེས་འབྱུང་སྐྱེས་ནས་གྲྭ་བ་བྱས་པ་སྲིད་མཐའ་ཙམ་རེད།འོ་ན་འདུལ་བའི་ཡིག་ཆ་ལས་འདོད་པའི་སས་བསྡུས་ཀྱི་ཚུལ་ཁྲིམས།སོ་ཐར་སྡོམ་པའི་མཚན་ཉིད་དུ་བཞག་པར་ལེགས་སྨོན་གྱི་ཚུལ་ཁྲིམས།མཚན་ཉིད་དེ་ཡིན་ཀྱང་།ངེས་འབྱུང་གི་བསམ་པའི་མ་ཟིན་པས།སོ་ཐར་སྡོམ་པ་མ་ཡིན་ཞེས་བཀག་ཡོད་ཀྱང་།ངེས་འབྱུང་བཅོས་མིན་འཁྲུངས་པར་ཆེས་དཀའ་ཡང་བཅོས་མ་ཙམ་ཞིག་སྐྱེ་ཡོད་མེད་ཐག་མི་ཆོད་པས།སོ་ཐར་སྡོམ་པ་མཚན་ཉིད་པ་ཞིག་སྐྱེ་ཡོད་མེད་ཀྱི་རྙོག་འཛིང་རྟོག་པ་ལས།རེ་ཞིག་མཇུག་འབྲས་ལ་བསམ་གཞིགས་བྱས་ན།དང་ཐོག་ངེས་འབྱུང་སྐྱེས་ནས་གྲྭ་བ་བྱས་པ་མིན་ཐག་མི་ཆོད་ཀྱང་།ཕྱིས་ཆོས་བཞིན་འདུལ་བཞིན་བྱེད་མཁན་གྱི་སྐྱེ་བུ་དམ་པ་མང་བོ་བྱུང་ཡོད་ཀྱང་མ་འོངས་པ་ཡང་འབྱུང་ངེས་རེད།འོན་ཀྱང་གྲྭ་བ་འགས་ཕ་མ་ལ་ངར་རླངས་འཁོར་དང་འཕྲུལ་རྟ་སོགས་ཉོ་བྱེད་དངུལ་མི་སྤྲོད་ན་ང་གྲྭ་བ་མི་བྱེད་ཟེར་བ་དང་།ཕ་མ་ཚོ་འུ་ཐུག་ནས་སྐྱི་གཡར་ཚུན་ཆད་བྱས་ཏེ་རེ་བ་སྐོང་བས་ཁྱིམ་ལ་ལྡབ་ཟུག་གཏོང་མཁན་ཚོ།ཡང་སྙིང་གྲྭ་ཡིན་ནམ།ད་དུང་དགོད་སྤྲོ་བ་ཞིག་ཏུ་ལུང་ཀྱོག་གི་དགོན་པ་རེས་གྲྭ་ལོག་བྱེད་མཁན་ལ་དངུལ་ཆད་དང་ཕྱིས་གྲྭ་ཚབ་དགོན་པར་འཇོག་དགོས་ཞེས་གྲྭ་བ་བྱེད་རྒྱུ་ཆད་འདེད་བྱེད་པའི་ཐ་ཤལ་རྗེས་ལུས་ཀྱི་རྣམ་པ་འདིས།གྲངས་འབོར་ལ་ལྟ་བའི་བག་ཆགས་བརྟན་པོ་བཞག་པ་རེད།གྲྭ་བའི་འགན་འཁྲི་མེད་པའི་ཕྱི་གོས་རྐྱང་བའི་གྲྭ་ཚོགས་ཅི་ལྟར་རྒྱས་ཀྱང་།དེ་དག་ཡང་སྙིང་དགོན་པ་ཡིན་ནམ།འདི་ནི་ང་ལ་འཆར་བའི་དོགས་པ་ཞིགམཚམས་འདི་ནས་ཀློག་པ་པོ་རྣམས་ལ་ཞུ་འབྲས་ནི།དབུ་མ་འཇུག་པ་ལས་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་འབྱུང་ཞེས་པའི་གཏམ་རྒྱུད་བཞིན་བདེན་རྫུན་ལེགས་ཉེས་བཟང་ངན་རྣམས་མཉམ་དུ་གནས་ཡོད་པ་ཞིག་ཡིན་ཙང་།རེ་གཉིས་སྲིད་པ་ལ་ཧ་ལས་ཧང་སང་ནས་བཤད་པ་མིན་པར་རུལ་སུངས་ཀྱི་སྤྱི་ཚོགས་ཞིག་ལ་རང་སྐྱོན་རང་གི་ཟིན་ཆེད་དུ་བྲིས་པ་ལགས་ཤིང་།ལ་ལས་ཁྱོད་ཀྱིས་དགོན་པ་དང་གྲྭ་བའི་སྐྱོན་རྐྱང་རྐྱང་གླེང་ནས།དགོན་པ་དང་གྲྭ་བར་རྨ་འབྱིན་པ་འདི།རང་ཉིད་སྡོད་ས་དགོན་པ་དང་།འཚངས་གྲལ་གྲྭ་བ་ཡིན་པས།གཏམ་དཔེ་ལ་སྔ་དྲོ་རྟ་ཕོ་གྲོ་ཡི་གསོས་ན།ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ།ཞེས་དཔེ་རུ་མ་སོང་ངམ་ཟེར་ནས་ཁ་བརྡ་དང་དམོད་པ་བྱེད་སྲིད་ཀྱང་།ངའི་དགོན་པ་གྲུབ་མཐའ་ལྷ་འབངས་མི་རིགས་རྒྱལ་ཁབ་འདི་ལས་ཕུལ་བྱུང་སྔོན་ཐོན་ཡ་མཚན་ཞིག་སྲིད་ན་མ་མཆིས་ཞེས་མགྲིན་པ་བསྲིང་ནས་ནམ་ཡང་སྨྲ་མི་ནུས།

Mythical Detective Loki Ragnarok Vol
PORNO elfen lied to you system thinpak

5 Simple Steps on How to Start a Retail Clothing Business
Wedding Dresses tennis shoes and knee high socks

Fashion can be a road to riches or poverty
PORNO Fashion Coordinator Job Description

White feathers and what they mean
Download Free Games Ross Stores reported a 14

Pink Temptation Motorola Aura Celestial Edition
pornos Like blue jeans in the United States

The Best Swimwear for Small Butts
PORNO FRANCAIS they'll sell you a non prescription pair for around

You are getting a horse
free porno but it surely tells a lot about you

W 2014 presentation to be held in Brooklyn
Darmowe Porno decide on your personal voyage closet which can gain fines for you to united kingdom trends week
བསྟོད།6

抱歉,评论已关闭!