མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི“བདེན་དོན་གྱི་ང་རོ”དང་འབྲེལ་བའི་གདོང་འབག་དམར་བཤུ།

གཅན་མེ་སོན།

ལར་ཁོ་བོས་བྲིས་པའི《བདུད་རི་ཧ་ཤང་ནས་ཤམ་བྷ་ལར་ཕེབས་པ》ཞེས་པའི་རྩོམ་ཡིག་འདི་སྐབས་ཐོག་ཏུ་སྤེལ་མ་ཐུབ་པར་དུས་འགྱངས་བྱས་ཡོད་ཕྱིར་དེ་འདྲ་འཁྲུག་ཆ་དོད་པོ་མིན་པ་དང་དུས་ད་ལྟ་ཅིས་ཀྱང་འདི་ནས་གསལ་རྗེན་དུ་མ་བཤད་ཚེ་སད་མགོ་ཙམ་བརྩམས་ཀྱིན་པའི་མ་ཡུམ་སློབ་གྲྭའི་དགེ་སྤུན་ཚོ་རྐྱེན་དང་འཕྲད་ན་ཕྱིར་གཉིད་དུ་ཡུར་བའི་ཉེན་ཁ་ཆེ་བས།རང་གི་རྒྱུས་པ་ཕྱུངས་ནས་ དཔལ་འབར་སྒྲོན་པའི་སྙིང་སྟོབས་ཡིད་ལ་བཅངས་ཏེ་སྦ་གསང་མེད་པར་དྲན་ཤིང་གི་དཔའ་དར་འཐེན་ཞོར་རྫུ་བག་གི་གདོང་འབག་བཤུ་རྒྱུ་ཡིན། བདེན་དོན་གྱི་ང་རོ་འདི་དགེ་རྒན་དཔྱོད་ཤེས་ཅན་ཁ་ཤས་ཀྱིས་རྟིང་སྐུལ་བྱས་ཏེ་08ལོའི་བོད་ཡིག་འཛིན་གྲྭས་སྣ་ཁྲིད་དེ་དམིགས་ཡུལ་དང་གོ་རིམ་ཡོད་པའི་ངང་བསྒྲགས་པ་ཞིག་ཡིན་ལ། ང་རོ་འདི་མ་གཞི་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་རིགས་དགེ་སློབ་ཀུན་གྱི་རེ་ལྟོས་དང་འདོད་བློར་ འབབ་པ།མགུ་ཡོངས་སུ་བཀང་བ་ཞིག་ཡིན་ནའང་།བོད་དུ་སྙན་གྲགས་ཀྱི་བ་དན་སྲིད་རྩེ་ན་གཡོ་བའི་འོ་སྐོལ་གྱི་སློབ་གླིང་གི་གླིང་གཙོ་གཞོན་པ།ཞིབ་འཇུག་སློབ་མར་འཛུབ་སྟོན་བྱེད་མཁན།རིག་གཞུང་ཡོན་ཏན་གྱི་ཆ་ལ་ རང་གཞན་གང་གིས་ཀྱང་གཞན་དྲིང་མི་འཇོག་པ།དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ལྕགས་ཐར་རྒྱལ་གཉིས་ནི་ དབུགས་ཧལ་ཧལ། རྟབ་རྟབ་པོར། ལུས་དོག་སྔོན་འཚང་གིས་འོངས་ཏེ་བདེན་དོན་གྱི་ཕྱིར་དུ་ང་རོ་སྒྲོག་མཁན་གྱི་མི་བུ་ཚོར་གཤེ་གཤེ་བཏང་ཞིང་།རྫིག་ཉམས་བསྟན།དབང་ཤུགས་སྤྱད། རིག་གཞུང་ཡོན་ཏན་གྱིས་གཟི་བྱིན་ངོམས་ནས་བདེན་དོན་ཐེད་ལ་བོར།གཡོ་ཟོལ་དང་མགོ་གཡོག་པང་དུ་ བླངས་ཏེ་འགྲོ་ཐབས་འདུག་ཐབས་ཀྱི་སྐད་ཆའི་དུག་མཚོན་གྱིས་སྤོབས་པའི་གཟེངས་མཐོ་བའི་དཔའ་གདེང་ ཅན་གྱི་མི་བུ་ཚོས་སྙིང་ལ་བསྣུན་ཞིང་རང་ཉིད་ཀྱིས་རྒྱང་རིང་རྒྱང་རིང་མཐོང་གིན་ཡོད་ཚུལ་གསུངས།སློབ་གྲའི་སྤྱིའི་མགོ་གཙོ(རྒྱ་རིག)ཕེབས་པས་སྔར་གྱི་སྐྱེས་བུ་ཆེན་པོའི་དྲེགས་ཉམས་དེ་གར་སོང་ཆ་མེད་དུ་གྱུར་ཅིང་།འདི་གའི་སློབ་གྲོགས་ཚོའི་རྨོངས་དད་བྱེད་ཡུལ་དུ་གྱུར་བའི་མི་བོ་ཆེ་འདི་གཉིས་ཀྱིས་ཕྲག་པ་གློད་ཅིང་བཟོ་བལྟ་ཤོར། སྤྱིར་ཁོང་རྣམ་པ་གཉིས་ཀྱི་གོང་དུ་འཕགས་མོ་ཟེར་བའི་སློབ་གཙོ་གཞོན་པ་དང་གླིང་གཙོའི་འགན་བཞེས་མཁན་ཞིག་ཡོད་ནའང་ཁོ་བོས་དེ་ནི་མ་གཞི་ནས་མི་སྣ་གལ་ཆེན་པོ་ཞིག་ཏུ་བགྲངས་ཀྱིན་མེད་པས་གླེང་འདོད་ཡེ་ནས་མེད་དོ། ། ཁོང་རང་ཚོར་མངའ་བ་ནི་སློབ་གླིང་དེ་རང་ཉིད་ཀྱི་ཁྱིམ་ཚང་ཡིན་སྙམ་པའི་འདུ་ཤེས་ཏེ།རང་ཉིད་ཀྱི་བཤད་བཤད་མཐའ་དག་དང་བསྒྲུབས་བསྒྲུབས་ཡོད་ཚད་བདེན་པ་ཁོ་ན་དང་།རང་གིས་ཅི་འདོད་གང་དྲན་བྱེད་ཆོག་སྣང་ལ། རང་ལ་ནུས་པ་མེད་ཀྱང་ལས་གནས་དགོང་ཞུ་བྱས་ཏེ་ན་གཞོན་འཇོན་ཐང་ཅན་ལ་མི་སྤྲོད་པར་ཏག་ཏག་རྐུབ་སྟེགས་དེ་སྲུང་ཞིང་དེའི་ཕྱིར་དུ་གཉིད་མི་ཡོང་བར་འདུག་པ་ནི་སློབ་གླིང་འདིའི་ནད་གཞི་གཙོ་བོ་ཡིན། གོ་གནས་ན་གཞོན་ཚོ་དང་མི་རབས་གསར་བའི་འཇོན་ཐང་ཅན་ལ་མ་སྤྲད་ཚེ་འཕེལ་རྒྱས་ཟེར་བ་གང་ནས་འབྱུང་ངམ།ཁོ་བོ་སོམ་ཉིའི་དྲ་བར་ཚུད་ནས་ཡོད་དོ།། དགེ་རྒན་ཆེན་མོ་གཉིས་ཀྱི་ཉན་ཐོས་ཁ་ཤས་ནས་གཅན་མེ་སོན་ཀྱིས་དྲིན་ལན་ལོག་མཇལ་བྱས་སོང་།རང་ འཚང་རྗེན་པར་བསྟན་སོང་།སྤྱི་ཚོགས་རིག་པ་མི་ཤེས་པའི་ན་གཞོན་འདིའི་ཁ་ཕོ་ཆེ་བ་ལ།སྤོབས་པ་འཛོམས་པ་ལའང་།རང་ཉིད་ཆ་བྱད(交色)ལ་དོ་སྣང་མི་བྱེད་པའི་མི་འདི་ཚོས་སྤྱི་ཚོགས་ལ་གདོད་མ་ནས་རིམ་གྲས་ཡོད་པ་ཁྱོན་ནས་ཚོར་ཀྱིན་མི་འདུག་ཅེས་ཤོད་སྲིད་ནའང་ཐང་མོད།ཁོ་བོར་ལན་འདི་ལས་མེད་དེ།ཡ་ལེ་ཧྲི་ཏོ་ཏིའི་གསུང་སྟེ། ང་རང་དགེ་རྒན་ལ་དགའ་ཞིང་བདེན་ལུགས་ལ་དེ་བས་ཀྱང་དགའ་འོ་ཞེས་པ་དེའམ།ཤར་དུང་རིའི་བསམ་བློའི་སྙིང་སྟོབས་ཏེ།ངས་མཁས་མིང་འཛིན་པ་ཚོའི་ངོ་བསྲུང་མ་ཐུབ་ལ་………ངས་ནི་གནས་ལུགས་ཤིག་འཚོལ་གྱིན་ཡོད།དྲང་བདེན་དང་………………གནས་ལུགས་ཤིག་འཚོལ་གྱིན་ཡོད་ཅེས་པ་དེའོ།། མཇུག་ཏུ་ཁ་ཕྱིར་འཁོར་ནས་བཤད་རྒྱུ་ཞིག་ནི་ཐེངས་འདིའི་བདེན་དོན་གྱི་ང་རོའི་ཐོག་མཐའ་བར་གསུམ་དུ་ཞིབ་འཇུག་སློབ་མ་ཚོ(རགས་འཇུག་སློབ་མ་ཟེར་ན་ཤིན་ཏུ་འོས)འཕྱི་བ་དགུན་ཉལ་བྱེད་པ་ནང་བཞིན་རུས་མཐུན་ཚོའི་བདེ་སྡུག་ལ་མིག་ཟུར་ཙམ་ཡང་མ་བལྟས་པར་སྒམ་ཚིགས་བཟུང་ཞིང་འདོད་ཆུང་ཆོག་ཤེས་ཀྱི་ངང་ཚུལ་འཛིན་པར་བྱེད་པ་དང་།འདི་གའི་གླིང་གཙོ་གཞོན་པ་རྒན་ སངས་རྒྱས་རྒྱལ་མཆོག་གིས་ད་བཟོད་དཔའ་གདེང་གྱི་མི་བུ་ཚོར་སྙིང་ཕུར་བརྡབས་ཅིང་སྤོབས་པ་བསྩལ་བར་ཁོ་བོས་ཁ་མིན་སེམས་གཏིང་ནས་ཡི་རང་དང་གུས་འདུད་ཞུ་བཞིན་ཡོད།

Thanks everybody for helping me improve
VIDEO PORNO XXX nice looking shoes

What shoes to wear with this dress
Wedding Dresses Or just the unabashed cheesiness of it all

12 Interchangeable Celebrities You Probably Get Confused
VIDEOS PORNO As one of the most impressive stocks of 2013

frank act affect note investing and selle
Download Free Games Features evaluated in upcoming models

Save yourself From Nip Slips With Nipple Covers
pornos You could go to the neighborhood bar

Express the beauty with Diamond jewellery
Porno pour femme For the fans who really

Plus Size Dress Apparel Essentials
Tube XXX 6 weird fashions including historical past at creepyer facts

Why are so Many People Caught Up in Celebrity Fashion Trends
Free Porno Wife panicker extends sort expedition programs in an excellent apparel
བསྟོད།6

抱歉,评论已关闭!