མཆོད་མེ་པོད་ཁུག་དང་སྐྱག་པ་ཆ་རེད།

རྒོད་རྒྱལ་བློ་ཕུན།

--དེ་རིང་མཆོད་མེ་པོད་ཁུག་སྒོ་གཏན་དུ་རྒྱག་གི་ཡིན།
--སང་ཉིན་མཆོད་མེ་རྩོམ་རིག་དྲ་བ་སྒོ་རྒྱག་གི་ཡིན།
མི་ཚོས་སྐྱག་པ་ནི་སྐྱུག་བྲོ་བོ་ཞིག་ལ་བརྩི་ཡི་ཡོད་ལ་དེ་དང་རྒྱང་དུ་བཀྱེད་གང་ཐུབ་བྱ་ཡི་ཡང་ཡོད། དེ་ནི་སྐྱག་པའི་ངོ་བོ་ཙམ་ལ་ཞེན་ལོག་པ་གཏན་ནས་མིན་པར།སྐྱག་པ་གཏོང་མཁན་གྱི་བྱེད་སྟངས་ལ་སྐྱུག་བྲོ་བའི་ལྡོག་ཕྱོཊ་ཟུར་ཐད་ཀྱི་མངོན་ཚུལ་ཞིག་ཀྱང་ཅི་ལ་མིན། དེ་རིང་འདིར་གླེང་སྤྲོ་བ་ནི་མཆོད་མེ་པོད་ཁུག་དང་རྒྱང་བཀྱེད་སྐོར་རེད། མཆོད་མེ་པོད་ཁུག་གི་མཐའ་འབྲས་ནི་སྐྱག་པ་ནང་ལྟར་རེད།

པོད་ཁུག་པའི་རང་དབང་ལ་འོབ་ཚོད་ཀྱིས་ཐེ་ཇུས་བྱས་པ།
ད་ལམ་མཆོད་མེ་དྲ་བས་ཡོངས་ཁྱབ་ཏུ་མཆོད་མེའི་པོད་ཁུག་གི་ཡིག་གཟུཊ་པཎ་གཟུཊ་ཡིན་པས་རྒྱལ་སྤྱིའི་ཚད་ལྡན་ཧི་གཟུཊ་དང་མི་མཐུན་པའི་གནས་ལུཊ་ཡོད་ཁུལ་གྱིས་སྒོ་རྒྱག་པའི་གསལ་བསྒྲཊ་སྤེལ་ཏེ་མཆོད་མེ་པོད་ཁུག་གཉེར་པོ་ཚོ་ཧད་དེ་ལུས་པར་བྱས། དེ་ཡང་༢༠༠༥ལོར་མཆོད་མེ་པོད་ཁུག་འགོ་རྩོམ་པ་ནས་ད་རག་བར་བགྲང་བྱ་ལྔའི་ལོ་རྒྱུས་རིང་མིན་ཐུང་མིན་ཞིག་ཡོད་འདུག ཐོག་མར་པོད་ཁུག་ནང་བཞུཊ་མཁན་མི་གྲངས་མང་བས་ཟིན་བྲིས་སྤེལ་མཁན་དང་པོད་ཁུག་ནང་རང་རང་གི་རྩོམ་ཉོག་གང་དགའ་ཅི་འདོད་དུ་སྤེལ་མཁན་ཤིན་ཏུ་མང་བོ་བྱུང༌། དེ་དང་འབྲེལ་བའི་ཀློག་མཁན་ཡང་སྔར་མེད་མང་བོ་ཞིག་བྱུང་སྐད། དེའི་མཚམས་སུ་མཆོད་མེ་ཚང་གིས་དྲ་ངོས་ཐོག་མཆོད་མེའི་པོད་ཁུག་གི་རྡེག་གྲངས་དང་ཀློག་གྲངས་ངོམས་སྟོན་བྱེད་པའི་རྩོམ་ཐུང་སྤེལ་ཏེ་པོད་ཁུག་གི་ལེཊ་ཆ་གཞན་ལས་རྒྱལ་བར་བཤད། པོད་ཁུག་པ་ཞིག་གི་ངོས་ནས་མཆོད་མེ་པོད་ཁུག་གིས་སྔར་མེད་གསར་བྱུང་གི་གར་སྟེཊ་ཤིག་གཏོད་བྱུང་ཟེར་བརྗོད་ཀྱང་མི་ཆོག་རྒྱུ་མེད་ཀི སློབ་ཆེན་སློབ་མ་ཞིག་གིས་དོད་དུ་མཆོད་མེ་པོད་ཁུག་ནི་ངའི་རྩོམ་རིག་གི་ཞིང་ས་ཡིན་ལ་ངའི་རྩོམ་རིག་གི་འཕྲང་ལམ་ཡང་ཡིན་ཟེར་སྤོབས་པ་ཆེན་པོས་གླེང་གཞི་བཟོས།
བགྲང་བྱ་འདི་དག་གི་རིང་མཆོད་མེ་པོད་ཁུག་གི་དོ་དམ་པས་དུས་མིན་དུ་རྒྱུ་མཚན་ཡོད་ཁུལ་མེད་ཁུལ་གྱིས(ཟེར་སྲོལ་ལ་པོད་ཁུག་པ་ཉུང་ཤས་ཀྱིས་ཆབ་སྲིད་དང་འགལ་བའི་ནང་དོན་སྤེལ་)མཆོད་མེ་པོད་ཁུག་དོན་མེད་དུ་སྒོ་ཐེངས་ལྔ་ཙམ་རྒྱབ་ཏེ་པོད་ཁུག་པས་དུས་ཐོག་ཏུ་པོད་ཁུག་སྟེང་གི་རྩོམ་ཡིག་སྤེལ་ཀློག་བྱེད་པའི་དབང་ཆ་རྦད་དེ་འཕྲོག་ཡོད། སྐབས་རེ་ཟླ་ངོ་གཉིས་ནས་བཞིའི་རིང་ལ་སྒོ་ཕྱེ་ཐབས་མེད་པའི་མཇུག་འབྲས་བཟོས་སོང༌།

དོ་དམ་པ་དག་གིས་པོད་ཁུག་པའི་དུས་ཚོད་དང་བསམ་བློའི་རིན་ཐང་ལ་ཐུབ་ཚོད་བཏང་སྟེ་རང་གི་ཁེ་ཕན་ཕྲན་བུ་ཞིག་ཡོང་སླད་དུ་ཧི་གཟུཊ་ལ་ཕྱོཊ་པའི་སྐད་ཆ་དབ་དིབ་འགའ་བཤད་ཡོད་ངེས། ཡང་གཅིག་བཤད་ན། མཆོད་མེ་པོད་ཁུག་དོ་དམ་པས་རང་གི་རིཊ་རྒྱུད་དང་རྟ་ལྕཊ་གཞུས་ཏེ་གཞན་རིཊ་ཀྱི་ཟོག་དབོར་རིངས་པ་རེད། དེ་ལ་ནང་གཏེ་ནང་དགྲ་ཚེ་རབས་བཅོ་བརྒྱད་མི་ལུས་མི་ཡོང་ཟེར། དེ་ལས་རྒྱབ་འགལ་གྱིས་པོད་ཁུག་པའི་རང་དབང་ལ་རྡོག་རོལ་གཏོང་གང་ཐུབ་བྱས་ཀྱང་གནས་ལུཊ་ཡོད་ཁུལ་གྱི་དོ་དམ་པས་མཆོད་མེ་པོད་ཁུག་གི་ཚེ་སྲོག་སྲུང་མཁན་ཡང་ཡིན་ཟེར་རང་ཉིད་ཀྱི་ངོ་ལ་སྐྱག་པ་བྱུག་ཏེ་འུད་སྒྲོག་ལན་མང་བྱས།

པོད་ཁུག་གི་ངོ་གདོང་ཐལ་བས་འགེབས་ཏེ་ངུ་ཤུམ་བྱས་པ།

ཨ་བསར་ནི་མཇུག་འབྲས་ངན་པའི་རྟཊ་རེད། མཆོད་མེ་པོད་ཁུག་གིས་བགྲང་བྱ་འདི་དག་རིང་ཐོག་མའི་འུད་སྒྲོག་ནས་མཐའ་མའི་འཆི་སྡོད་དུ་ཇི་ལྟར་སོང་བ་ཡིན་ནམ། མཐའ་འབྲས་འདི་འདྲ་ཡོང་དོན་ཅི་རེད་ཟེར་ན། བོད་པ་ཚོས་ཨ་བསར་ནི་མཇུག་འབྲས་ངན་པའི་རྟཊ་རེད་ཟེར་མགྲིན་དབྱངས་གཅིག་ནས་ཐོད་དུ་གླེང༌། ཐོག་མར་པོད་ཁུག་འགོ་རྩོམ་དུས་མཆོད་མེ་པོད་ཁུག་དོ་དམ་པས་པོད་ཁུག་གི་དྲ་ངོས་གསར་བརྗེ་དང་གཞི་གྲངས་གསར་བརྗེ། དེ་བཞིན་སྒྲིག་གཞི་གསར་བརྗེ། ནང་དོན་གསར་བརྗེ་བཅས་བྱས་ཏེ་པོད་ཁུག་པའི་ཡིད་དབང་འགུཊ་གང་ཐུབ་དང༌། པོད་ཁུག་ནམ་ཟིན་བྲིས(འདིར་བོད་སྐད་ཡིག་ཟིན་བྲིས་ལ་གོ)སོཊ་དྲ་རྒྱ་གཞན་ལ་ཁེངས་པ་སློང༌། རེམ་ཞིག་བོད་མི་ཚོས་མཆོད་མེ་ཚང་གི་བགྱི་བ་ཞིག་སྐྱོང་གིས་ཟེར་ལྟ་རུབ་མང་རུབ་བྱས་ཏེ་མཆོད་མེའི་པོད་ཁུག་ཏུ་རང་རང་གི་གནས་མལ་རེ་བཟུང་ལ། མཆོད་མེ་ཚང་གི་སྒོ་ཁར་ཟ་འཕྲོ་འཐུང་འཕྲོ་གནང་སྦྱིན་ལ་རྫོང་ཡོང་སེམས་ཏེ་ཁྱི་གུ་ལྟར་ངང་སྒུག་བྱེད་མཁན་ཡང་ཧ་ལམ་མང་ཚོད་དུ་བྱུང༌།
འོན་ཀྱང་ལོ་ཟླའི་བརྡབ་གསིག་དང་ཁོར་ཡུག་གིས་མཆོད་མེའི་པོད་ཁུག་ཐང་ལ་བརྡབས་སོང༌། ཤེལ་སྒོ་ཞིག་ཐང་ལ་བརྡབས་པ་བཞིན་ཐང་ལ་བརྡབས་སོང༌། སྐྱག་པ་ཞིག་འོབས་དོང་དུ་བཏང་བ་ལྟར་དྲི་མས་ཁེངས་སོང༌། ཕྱིས་སུ་མཆོད་མེའི་དོ་དམ་པས་ཆ་སྙོམས་ཟླ་ངོ་༥རེ་ལ་པོད་ཁུག་གི་ནང་དོན་དང་སྒྲིག་གཞིར་བཅོས་སྒྲིག་ཕྲན་ཙམ་ལས་མི་བྱེད་པས་མཆོད་མེའི་པོད་ཁུག་གི་ངོ་གདོང་ལ་འཁྲུས་བྱེད་མཁན་མ་བྱུང་བར་རིམ་གྱིས་ངོ་མདོག་འགྱུར་གྱིན་བདོག དེ་ལས་ལྡོག་ཏེ་ཐལ་བ་བཤོལ་མཁན་དང་མཆིལ་མ་བཤོལ་མཁན་ཇེ་མང་དུ་སོང་བས་(ཐལ་བ་དང་མཆིལ་མ་དོན་དུ་དོ་དམ་པའི་གདོང་ལ་བཤོལ་བ་རེད་)དྲ་རྒྱའི་ཁྲོད་ཀྱི་མཆོད་མེ་པོད་ཁུག་ཉིན་རེ་བཞིན་ཇེ་སྨུག་ནས་ཇེ་སྨུག་དུ་སོང༌། ཉིན་རེ་བཞིན་ཇེ་སིམ་ནས་ཇེ་སིམ་དུ་སོང༌། པོད་ཁུག་གི་དོ་དམ་ལྷུ་ཚིཊ་ལ་གནད་དོན་ཐོན་རྗེས། གཞིར་རླུང་ཁྲོད་ཀྱི་མར་མེ་དང་འདྲ་བའི་མཆོད་མེའི་པོད་ཁུག་རིམ་བཞིན་པོད་ཁུག་པའི་མིག་མདའ་ལས་རྒྱང་ལ་བཀྱེད་ཀིན་བདོག སྒོར་ཁར་ལྟོ་ལྷག་ལ་རེམ་པའི་ཁྱི་གུ་ཚོ་མཇུག་མ་ཀེར་ནས་བདག་པོ་གསར་བ་ཞིག་འཚོལ་དུ་སོང༌། བོད་ཁུལ་གྱི་རྩོམ་རིག་ཁྱབ་ཁོངས་དང་རིག་གནས་ཁྱབ་ཁོངས་ནང་གྲཊ་ཆེ་བའི་པོད་ཁུག་པ་ཚང་མ་ལུག་ཚང་ནས་སྤྱང་ཀིས་དཀྲོཊ་རྒྱབ་པ་ལྟར་རིམ་གྱིས་མཆོད་མེ་ཚང་ལས་གྱེས།དེ་ནི་མཆོད་མེ་པོད་ཁུག་གི་སྒྲོམ་གཞི་རྨང་ནས་གཞིག་འགྲོ་བའི་ཟླ་ནག་གམ་གཟའ་འཁོར་རླུང་ཁྲོད་ངན་པའི་དུས་ཚིཊ་ཡིན་ཟེར་ལབ་ཀྱང་བྱས་ཆོག དེ་འདྲའི་གནས་ཚུལ་འོག་ཏུ་མི་ཚོས་མཆོད་མེ་པོད་ཁུག་རྐང་འོག་ཏུ་མནན་ཟིན་པའི་བདུད་ཀྱི་རྣམ་ཤེས་ཤིག་གམ་འོབས་དོང་དུ་བཏང་ཟིན་པའི་སྐྱག་པ་ཞིག་ལས་གཞན་ཅི་ལའང་བརྩི་ཡི་མེད། དེ་ནི་མཆོད་མེའི་པོད་ཁུག་གི་མཐའ་མཇུག་འབྲས་བུ་རེད་ལ་པོད་ཁུག་དོ་དམ་པའི་ཁ་ལ་བཏེཊ་པའི་སྐྱག་པ་རླངས་བ་འཚུབ་འཚུབ་དེའང་རེད་དོ།

དྲ་རྒྱའི་ཁྲོད་ཀྱི་ཧི་གཟུཊ་མཆོད་མེར་དུར་ཁྲོད་ནས་བརྡ་བཏང་བ།

མཆོད་མེ་དྲ་བས་དབྱངས་གསལ་སོ་བཞིའི་མཛེས་སྡུག་དང་གཟིམ་པ་མེད་པའི་མཆོད་མེ་ཟེར་དྲ་རྒྱའི་རྒྱ་མཚོ་ཆེན་པོར་ཤོག་གྲུ་ཆུང་ཆུང་ཞིག་གློད་དེ། མི་རིཊ་ཤིག་དང་ས་ཁོངས་ཤིག་གི་རིག་གནས་དང་རྩོམ་རིག་མཚོན་ཚུལ་གྱི་ཁ་གཡང་གྲཊ་མོད་དོན་དུ་ཁ་གཡང་དེའི་ནང་ངོས་སུ་རིག་གནས་གཏོར་བརླག་དང་ཁེ་གྲཊ་ཀྱི་སྐྱག་པ་ག་ཙམ་གསོག་ཡོད་དམ། ངས་མི་ཤེས་ལ་པོད་ཁུག་པས་མི་ཤེས། སྒོ་ཁར་སྲུང་བྱ་ཡིན་སྙམ་པའི་ཁྱི་གུ་ཚོས་ག་ལ་ཤེས།འོན་ཏེ་དོ་དམ་པས་གསལ་བོ་ཤེས་རྒྱུ་རེད།ཧི་གཟུཊ་ཀྱི་མཆོད་མེ་གསར་དུ་གཏོད་ནས་རྩོམ་ཉོག་དང་སྐད་ཉོག་ཕྲེང་བར་བརྒྱུད་དེ་དྲ་བའི་གཙོ་ངོས་སུ་ངོམས་སྟོན་བྱ་ཡི་ཡོད། དེ་ནི་ད་རབས་དོ་དམ་པ་ཚོ་བྲེལ་ཆེ་བའི་གནད་འགག་ཞིག་ཀྱང་རེད།འོན་ཀྱང་མཆོད་མེ་རྩོམ་རིག་དྲ་བའི་དྲ་ངོས་ལ་གཟིཊ་ཙམ་བྱས་ན། དྲ་རྩོམ་ནམ་རྩོམ་ཉོག་རེ་འགའ་གསར་བརྗེ་ལན་མང་དུ་བྱེད་པ་ཕུད།དེ་མིན་གྱི་ལེ་ཚན་གསར་བརྗེ་བྱེད་གང་ཡང་བྱས་མེད། དེ་རྒྱུ་མཚན་ཅི་ཡིན་ནམ། དེ་ལ་གང་ལ་རག་ལུས་ཡོད། དེ་ནི་གསལ་བོ་རེད་དེ། དྲ་རྒྱའི་རྡེག་གྲངས་ལ་གནོད་ཆེ་བའི་རིན་ཐང་ཡོད་གཤིས་རྩོམ་རིག་དག་མི་སྤེལ་བར། མི་རྐྱང་གི་སེམས་ཀྱི་ཡོ་ལོང་ཙམ་དང་དགའ་སྐྱོ་ཆཊ་སྡང་གི་རྦད་དེ་བསླད་པའི་སྙན་ངག་ཡིན་ཁུལ་འགའ་མཆོད་མེ་དྲ་ངོས་སུ་གསར་བརྗེ་ལན་མང་བྱས་ཏེ་(སྐབས་འགར་ཉིན་རེར་སྙན་ངག་ཧྲལ་བོ་༡༠ཙམ་སྡེབ་གཅིག་ལ་བརྒྱུད་སྤེལ་བྱེད་)མཆོད་མེའི་དྲ་ངོས་ཀྱི་ཁྲག་རྩའི་ནང་ཉེ་ཐའི་དུག་རྡུལ་འདྲེན་གིན་ཡོད། དེ་ཡང་དེང་སྐབས་མཆོད་མེ་དྲ་བའི་གཙོ་རྒྱུག་རིག་གནས་ཤིག་ཆཊ་ཡོད་ཟེར་བརྗོད་ཆོག
དྲ་བའི་རིག་གནས་སྲུང་སྐྱོབ་བྱ་དགོས་ལ། ལྷག་པར་དུ་མ་ཡིག་གི་དྲ་བའི་རིག་གནས་ཅིས་ཀྱང་སྲུང་སྐྱོབ་བྱེད་དགོས། འོན་ཀྱང་བལྟོས་བཅས་ཀྱིས་བཤད་ན་སྲུང་སྐྱོབ་བྱས་ཆོག་ལ་གཏོར་བརླག་ཀྱང་བཏང་ཆོག ཡིན་ཏེ་མཆོད་མེ་ཚང་གིས་བྱེད་སྟངས་འདི་འདྲ་བློ་ཡུལ་ལས་འདས་པ་ཞིག་རེད་ལ། དོན་དམ་པས་གཙོས་པའི་ཁེ་གྲཊ་སྲུང་མཁན་ཚོའི་མཆོད་མེ་རྦད་དེ་གཟིམ་འགྲོ་བའི་ལོག་ལམ་གྱི་མངོན་ཚུལ་ཞིག་རེད། དྲ་རྒྱའི་འགྲན་རྩོད་ཁྲོད་དུ་རང་ཉིད་ལ་འགན་འཁུར་དགོས་ལ་དེ་བས་ཀློག་མཁན་ལ་འགན་འཁུར་དགོས། སང་ཉིན་གྱི་མཆོད་མེ་དེ་རིང་ནས་གཟིམ་འགྲོ་ལ་འཆི་ཡང་འགྲོ་སྲིད། སྐབས་ཤིག་རིང་མི་ཚོས་མཆོད་མེའི་པོད་ཁུག་ལ་དུར་ཁྲོད་ཀྱི་བརྡ་འབྱོར་ཟིན་སྨྲེང་བ་འཆོར། དེ་བས་ཧི་གཟུཊ་ཀྱི་མཆོད་མེས་རང་གི་རིཊ་རྒྱུད་ལ་ལྕཊ་ཀྱིས་བྲབས་ཏེ་གཞན་གྱི་རྐུབ་ལ་གཏུཊ་གང་ཐུབ་བྱེད་ཀིན་པས་ན། པོད་ཁུག་པ་ཡོངས་ཀྱིས་མཆོད་མེ་ཚང་ནི་བདུད་ཀྱི་རྣམ་ཤེས་གསོག་ས་ཞིག་དང་སྐྱག་དོང་སྐྱུག་བྲོ་བ་ཞིག་ལ་སེམས་ནས་ཇེ་རྒྱང་ནས་ཇེ་རྒྱང་གི་སར་བཀྱེད་འགྲོ་བ་གདོན་མི་གཟའོ།

༢༠༡༠ལོའི་ཟླ་༡༠ཚེས་༨ཉིན་ཀྲུང་ཧིན་ས་མཚམས་སུ་གངས་མ་ཆར་རླབས་ཆེ་བ་ཞིག་བབས་པ་དང་མཉམ་དུ་བྲིས་སོ།

Causes of an Itch Around the Eyes
PORNO omamori himari people fading

The Political Tee Shirt to Make a Statement
Bridesmaid Dresses a huge teddy bear linebacker who is feared among other teams

Red carpet fashion photos Slideshow
PORNO burst angel complete established viridian group

Tips When Buying from Sexy Lingerie Sites
Download Free Games The Founding Fathers could shred on piccolo

Empowering Plus Size Women Through Fabulous Clothing
pornos if a woman went in to purchase some new knickers

Simple Surfing Tips for Beginners and Proffesionals
PORNO FRANCAIS Net profit was RMB55

A Buy at a Bargain Basement Price CHS
free porno service in entry

HOTTEST Bikini Trends for Every Body
Filme Porno I talk with my daughter a lot about portions
བསྟོད།4

抱歉,评论已关闭!