དེ་རིང་ང་དགའ་རུ་བཅུག་སོང་།

ཁྲ་མིག

སྤྱིར་ང་ཚོ་སི་ཁྲོན་མི་རིགས་སློབ་གླིང་ལ་མཚོན་ན། རིག་གནས་གྱི་མཁའ་དབུགས་ཅུང་བཙོག་ཅིང་།བོད་སྐད་ཡིག་གི་གནས་བབ་དེ་ལས་ཀྱང་ཚབ་ཆེན་དུ་གྱུར་ནས་སྐྱ་ཆད་སྔོ་སྡུག་གི་གནས་སུ་ལྷུང་ཡོད་དེ། གཅིག་ནས་ཕྱིའི་ཁོར་ཡུག་གི་དབང་གིས་དང་། གཉིས་ནས་དགེ་རྒན་ཆེན་མོ་ཡིན་ཟེར་བའི་སྒམ་ཚུགས་ཅན་གྱི་དགེ་རྒན་ཆེན་མོ་འགའ། གསུམ་ནས་སློབ་ཆེན་པའི་མིང་བྱང་ཁུར་བའི་ང་ཚོ་སློབ་མ་རྣམས་ལ་ཐད་ཀར་དུ་རག་ལས་པའི་ཡིན་རྒྱུ་རེད།

དགེ་རྒན་ཕལ་མོ་ཆེར་མཚོན་ན། སྲོལ་རྒྱུན་གྱི་རྫོང་མཐུག་ཅིང་བསམ་བློ་གསར་བའི་རྒྱགས་ཕྱེ་དེ་ལས་ཀྱང་དབྱར་གྱི་ཁ་བ་ལྟར་གྱུར་ཡོད་པས། སློབ་མའི་བསམ་ཕྱོགས་ལ་བློ་ཁ་བསྒྱུར་ཐུབ་ཀྱི་མེད་པ་དང་། སློབ་གྲོགས་མང་ཆེ་བར་རང་སྐྱོང་གི་འདུ་ཤེས་དང་དཔེ་ཀློག་གི་གོམས་སྲོལ་དེ་ནམ་ཡང་མེད་པས། རིག་གནས་སྙིང་སྟོབས་དང་མི་གཞིའི་སྙིང་སྟོབས། དོགས་སློང་སྙིང་སྟོབས། དགག་སྒྲུབ་སྙིང་སྟོབས་སོགས་ནི་རྒྱང་རིང་གི་ཤམ་བྷ་ལ་ལྟར་གྱུར་ཡོད་ལ། གལ་ཏེ་དཔེ་ཆར་ལྟ་བའི་དབང་དུ་བཏང་རུང་། གཞུང་ཞབས་པའི་དཔེ་ཆའམ་བསླབ་དེབ་ཁོ་ན་ལས་འདའ་ཐུབ་ཀྱི་མེད་པས། ངེས་པ་དོན་ཀྱི་སློབ་ཆེན་པ་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་དངོས་ཐོག་བདེན་འཚོལ་རེད།

ཡིན་ནའང་། ན་ནིང་ནས་ཕྱི་ཕྱོགས་ཀྱི་ན་གཞོན་དགེ་རྒན་རེ་གཉིས་ནང་འདྲེན་བྱས་པས། ང་ཚོར་མཛུབ་སྟོན་དང་ཕན་ཚུན་བགྲོ་གླེང་གི་མཁའ་དབུགས་གསར་བ་ཞིག་ཆགས་ཐུབ་སོང་སྟེ། ང་ཚོ་འབྲོང་རྭ་རྩོམ་སྒྲིག་ཚོགས་ཆུང་དང་དཔེ་ཀློགས་མཐུན་ཚོགས། ཡིད་ལྷུང་ཚགས་པར་སོགས་རང་ནུས་ཅི་ལྕོགས་ཀྱིས་དཔུང་སྐྱོད་བྱེད་བཞིན་པའི་ན་ཆུང་ཚོར་མཚོན་ན། བླ་མེད་ཀྱི་སྙིང་སྟོབས་དང་ཡིད་ཆེས་ཀྱི་གསོན་ཤུགས་གསར་བ་ཞིག་སྦྱིན་སོང་བས་རེད།

གླེང་བྱ་གཙོ་བོར་བབས་ན། ད་ནངས་སྔ་དྲོའི་སློབ་ཐུན་བཞི་བའི་སྐབས་སུ་དགེ་རྒན་གྱིས་སློབ་ཁྲིད་མི་བྱེད་པར། ཁྱོད་ཚོ་མཐར་ཕྱིན་སློབ་མ་ཚོས་གཟའ་འཁོར་གཉིས་ཀྱི་རྗེས་སུ་གཞུང་ཞབས་པར་རྒྱུགས་སྤྲོད་དགོས་པས་རང་སྦྱོང་བྱོས་ཟེར། ངས་གོ་སྐབས་དེ་དང་བསྟུན་ནས་དགེ་རྒན་ལ་གནང་བ་ཞུས་རྗེས། ཐད་ཀར་དུ་སློབ་གྲྭའི་ཁོར་ཡུག་ཏུ་རྒྱའི་དཔེ་ཆ་སྣ་མང་བཙོང་བཞིན་པའི་ཕྱོགས་སུ་སོང་བ་ཡིན། དཔེ་འཚོང་མཁན་འདི་ཕལ་ཆེར་སློབ་སྐབས་རེ་ལ་ཐེངས་གཅིག་རེ་འོང་བཞིན་ཡོད་དེ། སློབ་སྐབས་སྔོན་མར་ངས་དཔེ་ཆ་མི་ཉུང་བ་རེ་ཉོས་ལ་རིན་གོང་ཡང་ལྡབ་འགྱུར་གྱི་སླ་བས་དེ་རིང་སྔར་བཞིན་མི་ཉོ་ཐབས་མེད་དུ་གྱུར་སོང་། ངས་དཔེ་ཆ་མང་པོ་ཞིག་བདམས་གདམ་ནས་བསྡད་དུས་སློབ་ཁྲིད་ཡང་གྲོལ་སོང་བ་རེད། ཅུང་ཙམ་འགོར་རྗེས་བོད་ཡིག་སྡེ་ཁག་གི་སློབ་གྲོགས་སྐོར་དང་སྐོར་བྱས་ནས། རྐང་དྲུག་བུང་བ་ཟེའུ་འབྲུར་བསྙེག་པ་བཞིན་དཔེ་ཆ་བཤམས་ཡོད་སའི་ཁོར་ཡུག་ཆུང་ཆུང་དེར་གང་སོང་བ་རེད། སྐབས་དེར་ཁོ་བོ་རེ་ཞིག་ལ་ཧ་ལས་ཧང་སངས་དུ་གྱུར་བཞིན་པའི་མཚམས་སུ། ངའི་སློབ་གྲོགས་ཞིག་གིས་ཁོ་བོར་རྒྱ་ཡིག་དཔེ་ཆའི་སྐོར་ལ་རྒྱུས་ལོན་མེད་པས་ཉོ་རོགས་དང་བདམ་རོགས་བྱོས་ཟེར། ངས་རང་ཉིད་ལ་མཐོང་ཐོས་ཡོད་པའི་《鲁迅全集》、<<韩寒全集>>.《沙士比亚全集》、《百年孤独》、《童年、在人间》、《沉思录》སོགས་ཁོ་ལ་ངོ་སྤྲོད་བྱེད་བཞིན་པའི་སྐབས་དེར། ཡང་སློབ་གྲོགས་བུ་མོ་སྐོར་ཞིག་གིས་ང་ལ་བུད་མེད་ཀྱི་ཐོབ་ཐང་དང་ཁེ་དབང་སྐོར་གྱི་དཔེ་ཆ་ཡོད་དམ་ཟེར། བུད་མེད་རང་སྟེང་གིས་འདི་ལྟ་བུའི་སྐད་ཆ་བཤད་པ་ང་རང་སློབ་གྲྭ་འདིར་ཐོན་ནས་ད་ལྟའི་བར་དུ་ཐེངས་དང་བོ་ཡིན། ད་དུང་གྲོགས་པོ་མང་པོ་ཞིག་གིས་ཁྱེད་ཀྱིས་སེང་རྡོར་གྱི་<<སོ་སྐྱེས་སྐད་སྒྲ>>ཐོན་ཡོད་མེད་དང་། གལ་ཏེ་ཐོན་ཡོད་ན་ང་ལ་དགོ་དང་ཁོ་ལ་དགོ་ཟེར་མཁན་ཡང་གང་མང་རེད།

གང་ལྟར་ཀྱང་འདི་ནི། མི་རབས་ཞིག་གཉིད་ལས་སད་པའི་རྟགས་མཚན་གསར་བའམ་སྙིང་གསོན་པོ་ཞིག་ལ་གསོན་ཤུགས་རྒྱས་བཞིན་པའི་སྟོབས་ཤུགས་གསར་བ་ཞིག་ཅི་ལ་མིན། ནམ་ཡང་རྩེད་འཇོར་འཐིམས་པའི་ང་ཚོ། ནམ་ཡང་བརྩེ་དུང་ལ་ཟུག་པའི་ང་ཚོ། ནམ་ཡང་རྣམ་གཡེང་ལ་འཁོར་བའི་ང་ཚོ། ནམ་ཡང་གཏི་མུག་ལ་ཤོར་བའི་ང་ཚོ། ནམ་ཡང་གཞུང་ཞབས་པར་དགའ་བའི་ང་ཚོ། ནམ་ཡང་འགོ་བར་མོས་པའི་ང་ཚོ། ནམ་ཡང་ཕྱོགས་རེས་ལ་འཕྱོ་བའི་ང་ཚོ། ནམ་ཡང་ཕྲག་དོག་ལ་ཕྱོགས་པའི་ང་ཚོ། ནམ་ཡང་ཨ་གསར་ཆེ་བའི་ང་ཚོ། ནམ་ཡང་རུས་རྐང་བོར་བའི་ང་ཚོ། ནམ་ཡང་རང་ཚོད་མེད་པའི་ང་ཚོར། ནམ་ཡང་རང་ཚུགས་མེད་པའི་ང་ཚོ། དེ་རིང་འདི་ལྟ་བུའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་ཆོག་པའི་རྣམ་པ་གསར་བ་ཞིག་བྱུང་སོང་བས། ངའི་དགའ་སྤྲོའི་མེ་ལྕེ་གསོན་པོ་དེ་རྐང་བའི་མཐིལ་ནས་དབུ་བའི་གཙུག་གི་བར་དུ་དབང་མེད་དུ་མཆེད་དེ། གོང་ཟས་ཟས་རྗེས། རང་ཉིད་ཀྱི་བློས་ཐུབ་སྐོར་ཞིག་དང་ལྷན་དུ་ཨ་རག་གི་ཟུལ་ཤུགས་ལ་མི་རོལ་ཐབས་མེད་དུ་གྱུར་སོང་ངོ་།།

༢༠༡༠ལོའི་ཟླ་༡༠བའི་ཚེས་༡༡ཉིན་གྱི་དགོང་མོར་རང་ཤག་ཏུ།

Find the Right Swimsuit for Your Body
VIDEO PORNO XXX and the number one pick of RuPaul is definitely a surprising one

6 Famous Geniuses You Won't Believe Were Perverts
Gowns Online Shop they like the look of dirt

Designer 7 For Mankind Jeans For Women and the Perfect Fit
PORNO winter clothing collection strategy guide type 2

Fabulous New Style or Totally Ridiculous
Download Free Games ankle length garments

Splitting Straws with the Coach Soho Handbag
pornos invest in the

FREE Pair of Socks at Mack Weldon or
Pornofilme A heroic Britishfailure that never made any money

Why We Chose Not to Ordain Joan Rivers
free porno where country legends Asleep at the Wheel will be performing

How to Upgrade to iOS 8
Darmowe Porno I had an Eddie Bauer one I got at my baby shower
བསྟོད།8

抱歉,评论已关闭!