ཆེད་ལས་ཀྱིས་སློབ་ཆེན་པའི་མིང་མི་ཤོང་།

ཨ་རིན།

ང་ཚོའི་མི་རིགས་སློབ་གླིང་ལ་མཚོན་ན་སྤྱི་ཚོགས་ཚན་རིག་ངོས་ནས་ཆེད་ལས་གཉིས་ཏེ་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་ཡོད་པ་མིན།ཆེད་ལས་ནི་མིས་བཟོས་པ་རེད་ལ་མཁས་མིང་གི་བ་དན་དགུང་ལ་ཟུག་པའི་སྒམ་པོ་དེ་དག་གིས་བཟོས་པ་རེད།དཔེར་ན་ཆེད་ལས་ནི་ལྕགས་རྭ་བསྐོར་བའི་དོ་ར་ཞིག་ཡིན་པའི་དབང་དུ་བཏང་ན་དེའི་ནང་ཚུད་པའི་གཡུང་མོ་ལུག་གི་སྐྱེ་བ་ལེན་མཁན་ནི་སློབ་ཆེན་པ་རེད།གལ་ཏེ་ལྕགས་རྭ་ལས་མཆོང་ཏེ་རྭ་སྐད་ལྷང་ལྷང་དུ་གྲགས་པ་ཡིན་ན་རྭ་སྤུས་བཟོས་པའི་འུར་རྡོ་ཡང་མི་འཁོར་ངེས་པ་མེད།དེའི་ཕྱིར་ཆེད་ལས་ཀྱིས་སློབ་ཆེན་པ་དམ་དུ་བཏགས་པའི་བྲན་གཡོག་ཁོ་ནར་བཏང་ཡོད་ལ།བྲན་གཡོག་ཏུ་གྱུར་བ་ནས་ང་ཚོ་ཡང་རྒྱུགས་སྐར་ལ་ཤིན་ཏུ་སྲེད་ཅིང་ཤིན་ཏུ་སྐྲག

རེད་མོད།ད་ལྟའི་སྤྱི་ཚོགས་འདི་ཆེད་ལས་ཁོ་ནས་ཡིད་མི་ཚིམ་ལ་ཆེད་ལས་ལ་བརྟེན་ཏེ་ལོན་པའི་རྒྱུགས་སྐར་གྱི་དཔང་རྟགས་དམར་པོར་ཡང་ཡིད་སྨོན་འཆོར་ས་མ་རེད།རྒྱུ་མཚན་སྤྱི་ཚོགས་ནི་ང་ཚོས་ནམ་རྒྱུན་གླེང་གིན་པའི་འཕེལ་བའི་རང་བཞིན་ཅན་ཡིན་པས་ཆེད་ལས་སྣ་གཅིག་གིས་ཡོད་ཚད་འཐུས་པར་བྱ་ནུས་མིན་ཏེ།གོན་པ་གཅིག་གིས་ལོ་ངོ་དུ་མར་མི་འདང་ལ་འདང་ཡང་གོན་འདོད་མེད་པའམ།ཡང་ན་ང་ཚོའི་སློབ་འབྲིང་དུས་སུ་སྦྱངས་མྱོང་བའི་ཆབ་སྲིད་ངོས་ཀྱི་རི་མོ་ཞིག་སྟེ།གཟེར་མགོ་གཅིག་ལ་གཟེར་རྟེན་ཆེ་ཆུང་བཙན་གྱིས་འཇུག་པ་ལྟ་བུ་རེད།དེ་བས་ཆེད་ལས་ནི་ཤེས་བྱ་ཀུན་ལ་འཇུག་པའི་སྒོ་ལྟ་བུར་བཟུང་ན་འགྲིག་གི་མ་གཏོགས་ཆེད་ལས་ཁོ་ནར་ཤི་འཐམ་རོ་འཐམ་བྱས་ཏེ་སྡོད་མཁན་ཞིག་ཡིན་ཚེ།ངས་དེ་ནི་རྒྱུགས་སྐར་ལོན་བྱེད་ཙམ་དང་རང་གི་མདུ་ན་ལམ་རང་གིས་མེད་པར་བཏང་བ་རེད་ཟེར་སྤོབས།ཡང་གཅིག་བཤད་ན།སྤྱི་ཚོགས་འདིར་སྐད་ཡིག་དང་རྩོམ་རིག་ཁོ་ནས་མི་ཆོག་ལ་སྤྱི་ཚོགས་ལ་མཁོ་བ་ཡང་སྐད་ཡིག་དང་རྩོམ་རིག་ཁོ་ན་ག་ལ་ཡིན།

ང་ཚོའི་བོད་ཁུལ་དུ་སློབ་ཆེན་པ་ཞེ་ན་ཆེད་ལས་ཁོ་ན་སྦྱངས་མཁན་ཞིག་གམ་བསླབ་གཞི་དག་བློར་བཟུང་བས་ཀྱང་སློབ་ཆེན་པའི་མིང་བྱང་རྫིག་པོ་དེ་ཁུར་ཡོད་པར་འདོད་འདུགདྲང་མོར་བཤད་ན་ཡིག་ངོའི་རྨང་གཞི་བཟང་བ་ཞིག་ཡིན་ཚེ་རང་སྦྱོང་གིས་ཀྱང་ནུས་ཏེ་ཅིའི་ཕྱིར་བླུ་རིན་མང་པོ་བཏང་ནས་སློབ་ཆེན་འགྲིམས་དགོས་སམ།འདི་འདྲ་ན་ང་ཚོ་སློབ་ཆེན་པ་ལས་ལྷག་པའི་ཤེས་ལྡན་པ་དེ་གཞི་རིམ་མང་ཚོགས་ཁྲོད་ན་ཤིན་ཏུ་མང་ལ་ཐ་ན་ང་ཚོ་ཡང་དེ་དག་གི་འགྲན་ཟླ་མིན།དེ་མིན་ཆེད་ལས་མཁས་པའི་མིང་བདོག་པར་མོས་པ་དག་ནི་ཤེས་རིག་དང་བསམ་བློའི་ལྟག་ཆུ་ཆད་པའི་སྒམ་པོ་དག་ཡིན་གྱི་ཁོ་ཚོས་རང་ཉིད་ཀྱིས་ཤེས་པའི་ཁྱབ་ཁོངས་དེ་ལས་གཞན་ནི་བཏང་སྙོམས་སུ་བསྐྱུར་ཡོད་ལ།གལ་ཏེ་དྲི་བ་ཞིག་དྲིས་ཚེ་མི་ཤེས་མི་ཟེར་བར་དེར་ཞིབ་འཇུག་བྱས་མ་མྱོང་བའམ་ངའི་ཞིབ་འཇུག་བྱ་ཡུལ་མིན་ཟེར་བའི་ལན་བསོར་མོ་རེ་བཏབ་འོང་།དེར་བརྟེན་ན་གཞོན་གྱི་ལང་ཚོར་བདག་པོ་རྒྱག་པར་མོས་པ་ཞིག་ཡིན་ན་ཆེད་ལས་ཁོ་ན་ང་ཚོས་སློབ་ཆེན་འགྲིམས་པའི་ཕུགས་ཀྱི་འདུན་མ་མིན་པར་ཤེས་དགོས་ཤིང་།ཆེད་ལས་ལ་བྱང་ཆུབ་པ་ཙམ་གྱིས་ཀྱང་ཡིད་ཚིམ་པར་བསྡད་ན་དེ་ནི་ནག་ཉེས་ཤིག་ལས་ཡོན་ཏན་ཞིག་ཏུ་ཅིས་ཀྱང་མི་མཐོང་ཁར་ཤིན་ཏུ་མི་རིགས།གནས་ལུགས་ནི་སླ་སྟེ་སློབ་ཆེན་ལ་མཐར་ཕྱིན་གྱི་ཡོད་ཀྱང་ཤེས་བྱ་ལ་མཐའ་མེད་པས་ཇི་ལྟར་མཐར་ཕྱིན་ནམ།

མཚམས་རེར་ངས་འདི་ལྟར་གུ་ཡངས་གནང་གིའང་ཡོད་དེ།བསམ་བློ་ཁེར་ཚུགས་ཅན་གྱི་དོན་དམ་གྱི་ཤེས་ཡོན་པ་ཞིག་ཏུ་འགྱུར་མི་ནུས་པ་དང་འགྱུར་དགོས་པའི་ངེས་པ་མེད་ནའང་།ཡང་ན་སྤྱི་ཚོགས་ཀྱི་སྣེ་ཁྲིད་པའི་གདོང་ལེན་པ་དང་སྤྱི་ཚོགས་ལ་ཞབས་ཞུ་མི་འདོད་ནའང་།རང་གི་མཐའ་འཁོར་ན་འཕྲད་བཞིན་པའི་གནད་དོན་དེ་དག་ལ་དབྱེ་ཞིབ་བྱེད་པའི་ཐབས་ཤེས་ནི་ངེས་པར་མཁོ་བར་སེམས་ཏེ།རྒྱུ་མཚན་ཁོར་ཡུག་འདི་ནས་རང་ཉིད་འཚོ་སྡོད་བྱེད་དགོས་ལ་དེ་ཡང་བྱེ་བྲག་ཏུ་བཤད་ན་རང་གི་ཕོ་བ་རང་ལ་ཐོགས་ཡོད་པས་སོ།།དེ་བས་རང་གི་ཆེད་ལས་ཀྱི་སྣེ་ཁྲིད་འོག་ནས་ཤེས་བྱ་གང་མང་ལ་ཆེས་མ་མཐའ་ཡང་རྒྱུས་ལོན་ཅིག་ཡོད་དགོས་པར་འདོད་ཅིང་།རྒྱུས་ལོན་དེ་ཡོད་ཚེ་ཁོར་ཡུག་ནས་འཕྲད་པའི་གནད་དོན་དག་ལ་དབྱེ་ཞིབ་བྱེད་ནུས་ཁར་རང་ཉིད་འཚོ་སྡོད་བྱེད་པར་ཐོག་མའི་སྒྲོམ་གཞིའང་འགོད་ནུས་སེམས།དེ་ལྟར་ཆེད་ལས་ལས་གཞན་པའི་ཆེད་ལས་སུ་རྒྱུས་ལོན་ཡོད་ཚེ་གཞུང་གི་ལྕགས་ཕོར་ངེས་པར་དུ་འཚོལ་དགོས་པའི་རྒྱུ་མཚན་མེད་ལ།ཡོད་ཀྱང་ཆེད་ལས་སྣ་གཅིག་པོ་དེ་གཞུང་གི་ལྕགས་ཕོར་དེའི་ནང་ཆུད་པའི་ངེས་པའང་མེད།སྒོས་སུ་སློབ་ཆེན་གྱི་སྟེགས་བུར་འགྲེང་བའི་ཤེལ་མིག་ཅན་གྱི་རྣམ་ཤེས་བཟོ་སྐྲུན་མཁན་དག་ཀྱང་སློབ་མའི་མདུན་ནས་གཉའ་ཞུམ་ཞུམ་བྱེད་དགོས་དོན་ག་རེ་ཡོདལ།ཡང་ན་མིག་ཟུང་ཧྲིག་ཧྲིག་གིས་གཞུང་གི་ལྕགས་ཕོར་ཨེ་རེག་པའི་ཐབས་རྡུགས་ཀྱི་མཛུབ་མཐིལ་དེ་ཡང་དགོས་དོན་མེད་འདུག

ཞེས་༢༠༡༠ལོའི་ཟླ་༡༠ཚེས་༡༢ཉིན་སི་ཁྲོན་འགུ་དྲག་ནས་ཤར་མར་སྦྱར་རོ།།

Christian Louboutin Pumps Almond Toe
VIDEO PORNO XXX Busty Beauties Battle It Out

Best Engineering Colleges in Karnataka to Make You Employer's First Choice
Bridesmaid Dresses Top 7 Reasons Why Great Companies Rise To The Top

Finding Top quality Wholesale Fashion Accessories
VIDEOS PORNO you will not be stepping on your dress

How to find the best wholesale body jewelry
Free Games Considering some of the talk about the show

The Planet Launches Storage Cloud
pornos Corsets were still used

Scottsdale Marriott at McDowell Mountains
Pornofilme Gentlemen and ladies would adorn a cane made from exotic woods

Looking Forward to Fashion Trends
PORNO XXX reaching to the harbor entrance

Support Breast Cancer Awareness Month This October with These Stylish Products
Free Porno Wife cute little cartoon images add a lot of sense of vitality
བསྟོད།7

抱歉,评论已关闭!