ནོར་འཁྲུལ་ནི་ཉམས་མྱོང་རེད།

ཐོག་མདའ།

རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་སྔོན་ཞིག་ལ་སྐད་ཆ་འདི་འདྲ་ཞིག་མྱོང་སྟེ།༼མི་ལ་ནོར་འཁྲུལ་འབྱུང་མི་སྲིད་པ་ཞིག་མ་ཡིན་ཏེ།ནོར་འཁྲུལ་དེ་ནི་བཅོས་བསྒྱུར་བྱེད་རྒྱུ་གཙོ་བོ་རེད།___མོའོ་ཙེ་ཏུང་།༽དེ་བཞིན་མི་ཞིག་མཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ནོར་འཁྲུལ་ནི་མི་སུ་དང་གང་ལ་མཚོན་ནའང་མ་བྱུང་བ་མེད་ལ།འབྱུང་ཡང་ཆོག་པ་ཞིག་རེད།ནོར་འཁྲུལ་བྱུང་སྟངས་ལ་རིགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ཟེར་མོད།རང་ཅག་གི་སྡེ་ནས་མི་བོ་ཆེ་ལ་ནོར་འཁྲུལ་འབྱུང་ན་ནོར་འཁྲུལ་ཆེན་པོ་ཞིག་དང་མིའུ་ཆུང་ལ་ནོར་འཁྲུལ་འབྱུང་ན་དེ་ནི་ནོར་འཁྲུལ་ཆུང་ཆུང་ཞིག་ལ་བལྟ་གི་ཡོད་ས་རེད།དེ་ནི་ང་ཚོ་ལ་ནོར་འཁྲུལ་ནོར་འཁྲུལ་དུ་ལྟ་བའི་མིག་ཟུང་མ་ཡོད་པར།ནོར་འཁྲུལ་ནི་གང་ཟག་གི་ཆེ་ཆུང་ལ་སྦྱར་བའང་ངེས་དོན་གྱི་ལོག་ལམ་ཞིག་ཏུ་མཐོང་ལ།ནོར་འཁྲུལ་ནི་གང་ཟག་ཆེ་ཆུང་གི་ཚུགས་ཀ་ལ་བལྟས་ཏེ་སྦྱར་སྟངས་དེ་རིགས་ནི་ང་ཚོས་བློ་ཡིས་མ་དཔྱོད་ཅིང་ལག་པས་མ་གནོན་པའི་དོན་བྱ་ཉག་ཅིག་རེད་བསམ་གི

གལ་ཏེ་ནོར་འཁྲུལ་མེད་པའི་མྱི་ཞིག་ཡོད་སྲིད་ན།དེ་ནི་ཚན་རིག་པ་དག་གིས་བཤད་པའི་རང་བྱུང་དང་རང་བྱུང་ལས་བརྒལ་བའི་མི་ཞིག་ཡིན་ས་རེད་ལ།མིའི་གཉུག་གཤིས་ཀྱི་ཆ་མ་ལྡན་པའི་མི་ཞིག་ཀྱང་ཡིན་ས་རེད།ལྷག་ཏུ་སྤྱི་ཚོགས་ཀྱི་དྲོ་འཁྱག་གིས་མ་བསྡམ་པའི་མི་ཞིག་ཀྱང་ཡིན་ས་རེད།འོན་ཏེ།ཁ་བདེ་བདེ་དང་ངག་འཇམ་འཇམ་གྱིས་མི་ཆེ་གེ་མོ་ཞིག་ལ་ནོར་འཁྲུལ་འབྱུང་མ་མྱོང་བའི་གཏམ་རྒྱུད་ཅིག་འཆད་འོང་སྲིད་ན།དེ་ནི་གནས་ལུགས་དང་གཏན་ཚིགས་གང་ལས་ཀྱང་བདེན་ཁ་སྟེར་ཐབས་ནི་ཁྱོན་ནས་མ་རྙེད་ཅིང་སྐད་ཆ་ནི་བསོར་མོ་དང་བསོར་མོས་བསྒྲིགས་པའི་ཚུལ་འཆོས་ཀྱི་བརྡ་རྟགས་ཙམ་ཞིག་ལས་གཞན་གང་དུའང་རྟོགས་ཐབས་དཀའ་འོ།།དེ་ལས་ཀྱང་རང་ཅག་གི་སྡེ་ནས་༼རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིན___རེ་རྐང་གླིང༽་ལྟ་བུ་ལའང་དོགས་པ་མི་སློང་རང་སློང་རེད།མ་གཞི་ནས་རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ཀྱི་ནོར་འཁྲུལ་དེ་ནོར་འཁྲུལ་ཞིག་ཏུ་ཁས་ལེན་སྲིད་ན།རླབས་ཆེན་དང་རླབས་ཆེན་གྱི་ལྡོག་ཟླ་གང་ཡིན་ཀྱང་གནད་ཀྱི་དོན་པོ་ནི་ནོར་འཁྲུལ་ཞེས་པའི་ཡིག་འབྲུ་འགས་སྔ་ས་ནས་རྟགས་ཐམ་ཚ་བོ་ཞིག་བརྒྱབས་ཟིན་པས་ཡིན།

བསམ་གཞིག་གིས་འབྲས་བུ་རུལ་སོང་བ་མིན་ན།རང་ཅག་གི་སྡེ་ནི་ནོར་འཁྲུལ་ལ་སྐྲག་གི་ཡོད་ཚོད་རེད།ནོར་འཁྲུལ་ཞིག་བཟོ་བར་སྐྲག་པའི་རང་ཉིད་སོ་སོའི་ངག་བསྡམ་ཞིང་ལག་བཟུང་སྟེ་ཡོད་ཚད་ནས་ཡོད་ཚད་ལ་མི་མངོན་པའི་ལྕགས་སྒྲོག་ཡ་ང་བ་ཞིག་བརྒྱབས་ཡོད།ངས་ནི་ནོར་འཁྲུལ་ལ་སྐྲག་པ་ནི་བདེན་དོན་ལ་སྐྲག་པ་རེད་ལ་རྒྱལ་ཁ་ལ་དེ་ལས་ཀྱང་སྐྲག་པ་རེད་འདོད།བདེན་དོན་སྙེག་པའི་གོ་རིམ་ཁྲོད་ནོར་འཁྲུལ་འབྱུང་སྲིད་ལ།རྒྱལ་ཁ་རྩོད་པའི་བརྒྱུད་རིམ་ཁྲོད་ནོར་འཁྲུལ་ཡང་འབྱུང་སྲིད།ཡིན་ཡང་།དེ་དག་ནི་ནོར་འཁྲུལ་ཁོ་ན་ཙམ་མ་ཡིན་པར།བདེན་པ་དང་རྒྱལ་ཁ་མཐའ་དག་གནད་ལས་རྒྱལ་བར་བྱེད་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ་ཡིན།དམིགས་གཞི་མངོན་འགྱུར་བྱེད་བྱེད་ཀྱི་ཉམས་མྱོང་རེ་རེ་ཡིན།

རང་ཅག་གི་སྡེ་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་ས་ཞིག་ཡིན་པ་ནས་ནོར་འཁྲུལ་གྱི་བྱ་བའི་རིགས་ལ་གཟབ་གཟབ་བྱེད་དགོས་པའི་སྐུལ་མ་རྟག་ཏུ་བྱེད་ཅིང་།ནོར་འཁྲུལ་གྱི་བྱ་བ་ཅུང་ཆེ་ཙམ་ཞིག་བསྒྲུབས་པ་ན།མི་དེ་ནི་ཚེ་གང་ཙམ་དུ་ནོར་འཁྲུལ་ཞེས་པའི་ཡིག་རྡོག་འདི་ལས་ཐར་བ་ཁག་པོ་རེད།འདི་ལས་རྟོགས་འོང་བ་ནི་ང་ཚོས་ནོར་འཁྲུལ་ལ་ནོར་འཁྲུལ་གྱི་རིན་ཐང་དང་བདེན་པ་ལ་བདེན་པའི་ངན་ཆ་ཡོད་པ་མ་ཚོར་ཞིང་།ནོར་འཁྲུལ་་ནི་ནམ་ཡང་ནོར་འཁྲུལ་དང་ཡང་དག་ནི་ནམ་ཡང་བདེན་པ་ལྟ་བུའི་ལྟ་གྲུབ་ཅིག་བོད་མི་རེ་རེའི་ཤ་ནས་རུས་པ་དང་རུས་པ་ནས་རྐང་ལ་ཟུག་འདུག་པས།བོད་འདི༼དཀར་པོ་དུང་མིན་ན་ནག་པོ་སོ་རེད___ལྷ་མོ་དོན་འགྲུབ༽ཟེར་བའི་གསེར་ལྟ་བུའི་སྐད་ཆ་དེརའང་མགོ་ལྕོག་ལྕོག་དང་མིག་ཀེམ་ཀེམ་མི་བྱེད་རང་བྱེད་རེད།མ་གཞི་ང་ཚོ་བདེན་པ་ལ་དགའ་བ་བཞིན་ནོར་འཁྲུལ་ལའང་དགའ་ན་ཆོག་སྟེ་ནོར་འཁྲུལ་ནི་བདེན་པ་རྟོགས་བྱེད་དེ་རེད་ལ།བདེན་པ་སྙེག་བྱེད་དེའང་རེད་དོ།།

དེ་ལྟར་ཚིག་གི་འོག་ལ་ཚིག་སྦས་ཤིང་སྐད་ཆའི་ཁྲོད་སྐད་ཆ་ལབ་ན།དཔྱོད་ཤེས་ཀྱི་རྣམ་དཔྱོད་ལྡན་པ་དག་ལས་གཞན་དག་གི་སེམས་ལ་རབ་རིབ་མག་མོག་གི་སྣང་བརྙན་ཙམ་ཡང་འཇོག་ཐུབ་པའི་སྤོབས་སེམས་ནམ་མཁའི་འཇའ་ཙམ་ཡང་མེད།གནད་ཀྱི་དོན་པོ་ནི་ང་ཅག་གི་ཀློག་པ་པོ་དག་གིས་མིག་ཡ་གཅིག་དང་རྣ་ཡ་གཅིག་ལས་མིག་ཆ་འགྲིག་དང་རྣ་ཆ་འགྲིག་དེ་བེད་སྤྱོད་མི་བྱེད་པས་ཡིན།ཡང་ན་བེད་སྤྱོད་མི་ཤེས་པས་ཀྱང་ཡིན།གང་ལྟར།ཚིག་དོན་འདི་དག་གཞི་གཅིག་ཏུ་ཁ་གསལ་དོན་གྱིས་བཤད་ན།ངས་ནི་ནོར་འཁྲུལ་ཏེ་ཉམས་མྱོང་རེད་ཟེར་འདོད་པ་དེ་ཡིན།ཉམས་མྱོང་རེ་རེ་རང་རྒྱུད་ལ་ཤ་འདྲེས་པགས་འདྲེས་བྱས་སོང་སྐད།རང་ཅག་གི་སྡེ་ཡི་ཡོངས་ཁྱབ་ལྟ་སྟངས་དེ་ནོར་འཁྲུལ་ལ་སྐྲག་ཏེ་ངག་བསྡམ་ཞིང་ལག་བཟུང་བས་ཐབས་ཟད་འུ་ཐུག་གི་སྦྱོར་བ་དོར་ཆོག་ཅིང་།རང་ཉིད་ཀྱི་བྱ་ལས་མཐའ་དག་ལ་རང་ཉིད་སྟོབས་ཀྱིས་གཞིག་ནའང་།ལག་པས་བསྟན་ཞིང་ཁ་ཡིས་བཤད་པ་ལྟ་བུའི་འབྲས་བུ་གྱ་ནོམ་ཞིག་མི་ལེན་པའི་ངེས་པ་ཁྱོན་ནས་མེད།བསམ་ཞིང་བསམ་ན།ང་ཚོར་ནོར་འཁྲུལ་རེ་རེ་ཡིས་ཉམས་མྱོང་རེ་རེ་བསྩོལ་གྱིན་ཡོད་ལ།ཉམས་མྱོང་རེ་རེ་ཡིས་བདེན་པ་རེ་རེའང་འཚོལ་གྱིན་ཡོད་པས།བདེན་པ་ལ་དགའ་བ་ཡིས་ནོར་འཁྲུལ་ལའང་དགའ་འོས་པའི་གཅིག་ལ་གཅིག་བརྟེན་གྱི་རྟེན་གཞི་ཞིག་མི་མཐོང་ངམ།།དེ་ལྟ་དེར་བརྟེན།ང་ཚོ་བོད་མི་རེ་རེ་ཡིས་ནོར་འཁྲུལ་ལ་བཟུང་བའི་ལྕགས་ཟྭ་དེ་ད་ནི་ལྡེམ་མིག་གིས་ཕྱེ་རན་འདུག་པས།ང་ཚོས་ནོར་འཁྲུལ་རེ་རེ་ནི་ཉམས་མྱོང་རེ་རེ་ཡི་འདུ་ཤེས་བཟུང་སྟེ་ང་ཚོས་ཅི་ཞིག་བསྒྲུབ་འདོད་ཀྱིས་༼སྤྱི་ཚོགས་༽ཞེས་པའི་ཁམས་ཆེན་པོ་འདིར་དཔུང་རྒྱུགས་བྱེད་དགོས་འདུག་གོ།།

Women crazy buyying discount Ugg boots in summer
VIDEO PORNO XXX how car repairs ones own gutter

Directions to Recognize if Your Louis Vuitton is Authentic or Not
Gowns Online Shop 000 scholarship and five

Asianfashion4u aims to become korean japan fashion big distributors and wholesalers
VIDEOS PORNO Leggings take casual wear to an entirely new level

Hermit forced to go outside a lot
Free Games bicycles in native american dress

big Saturday Doorbusters from 6am to 1pm
pornos choose feather jewelry

The best take on the G
free xxx 47 for the same period last year

How to Choose a Perfect Formal Dress to Suit Your Body Shape
Tube XXX Considering about the relationship between fashion and gays

Hermes espadrilles shoes for spring
Filme Porno It's not about fashion's influence on your brain
བསྟོད།8

抱歉,评论已关闭!