མི་སྨྲ་བའི་བརྟུལ་ཞུགས།

ཞོགས་ལྗང་།

སྨྲ་བ་ནི་རང་གི་བསམ་བློ་གང་ཞིག་གཞན་ལ་བརྡ་སྤྲོད་པའི་ཆེད་དུ་ཡིན་པ་རེད། སྨྲ་བ་ཡོད་པས་གཞི་ནས་འགྲོ་བ་མིའི་རིགས་འདི་ཉིད་འཕེལ་ཞིང་རྒྱས་པ་ཡིན་པར་སྙམ། མཁས་པ་མང་བོ་ཞིག་གིས་སྨྲ་བ་ནི་བསམ་བློའི་སྔོན་འགྲོ་རེད་ཅེས་བརྗོད་པའི་ཡང་སྙིང་ཡང་མདོར་དེད་ན་སྨྲ་བ་ཡོད་པས་གཞི་ནས་བསམ་བློ་སྐྱེས་པ་ཡིན་པར་ངོས་འཛིན་གནང་བ་རེད། སྨྲ་བ་མེད་པའི་འཇིག་རྟེན་ནི་གཞར་ཡང་མཛེས་སྡུག་ལྡན་པ་ཞིག་ཡོང་མི་སྲད།

སྨྲ་བ་ལ་རིགས་གཉིས་ཡོད་པར་འདོད་དེ། གཅིག་ནི་འུ་ཅག་གིས་རྗོད་ཀྱིན་པའི་སྐད་ཆ་འདི་ཉིད་རེད། འདི་ཉིད་ནི་འགྲོ་བ་མིའི་རིགས་ལ་ཅི་ནས་ཀྱང་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན། འཇིག་རྟེན་ཁམས་ཀྱི་འབྲེལ་འདྲིས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་དུ་བེད་སྤྱོད་ཀྱི་གོ་གནས་ཨང་དང་བོ་བཟུང་ཡོད་པ་རེད། ཅིག་ཤོས་ནི་སྐད་ཆའི་ཚབ་ཏུ་བྲིས་པའི་གཟུགས་ཏེ་ཡི་གེ་རེད། ཡི་གེ་ལ་བརྟེན་ནས་གནས་ལུགས་མང་བོ་ཞིག་ཕན་ཚུན་རྒྱུས་ལོན་བྱེད་ཀྱིན་ཡོད་ཅིང་། སྤྱིར་བཏང་དུ་འདི་ཡི་ནུས་པ་ནི་སྐད་ཆ་ལས་ཀྱང་འགོངས་ཡོད་པར་སྙམ། ཡི་གེ་ལ་དུས་དང་གནས་ཀྱི་བཀག་རྒྱ་ཆེར་མེད་ཅིང་། ལོ་རྒྱུས་གང་ཡང་གཙོ་བོ་ཡི་གེ་ལ་བརྟེན་ནས་གནས་ཡོད་པ་དང་། གནའ་དེང་མཁས་པའི་གསུང་འབུམ་ཚང་མ་ཡང་ཡི་གེ་ལ་བརྟེན་ནས་གནས་ཡོད་པ་རེད། ཡི་གེའི་ནུས་པ་མེད་ཚེ་སྐད་ཆའི་ནུས་པ་ཁོ་ནས་འདི་ཉིད་གནས་ཐུབ་མེད། ཡང་གཅིག་བཤད་ན། འུ་ཚོས་ཕྱི་ནང་མཁས་པ་མང་བོའི་བསམ་བློར་སློབ་སྦྱོང་བྱེད་ཀྱིན་པ་འདི་ཉིད་ཀྱང་གཙོ་བོ་ཡི་གེའི་སྨྲ་བ་ལ་བརྟེན་པ་ཡིན།

དེ་ལྟར་ལགས་ཀྱང་། ལོ་རྒྱུས་ཀྱི་དུས་སྐབས་རིང་མོ་ཞིག་བརྒྱུད་མྱོང་བའི་འུ་ཅག་ལ་མཚོན་ན། ད་ལྟ་གཞི་ནས་སྨྲ་བ་མེད་པའི་སྤྱི་ཚོགས་ཤིག་ཆགས་ཀྱིན་འདུག སྨྲ་བ་མེད་པ་ཞེས་པར་གོ་བ་གཉིས་ཡོད་དེ། གཅིག་ནི་ཅི་ཡང་མི་སྨྲ་བར་གོ་དགོས་པ་དང་། དེའི་རིགས་ནི་རང་ཉིད་ཆེན་པོར་འདོད་པ་དག་དང་། གང་ཞིག་གཉའ་ནས་མནན་ཞིང་གཞོགས་ནས་བཙིར་བ་དག་ཡིན། སྔོན་མ་ཚོས་ནམ་ཡང་སྒམ་ཚུགས་ཁ་བོ་བཟུང་སྟེ་འདུག་པ་ལས། རང་གི་མཐའ་འཁོར་རམ་ལོ་རྒྱུས་ལ་འགན་ཅི་ཡང་མི་འཁུར་བ་རེད། ཕྱི་མ་དག་ནི་མ་བཤད་ཀྱང་ང་ཚོས་ཤེས་འོང་བ་དེ་རེད། ཡང་གཅིག་ནི་སྨྲ་བར་སྙིང་བོ་ཅི་ཡང་མེད་པའི་རིགས་ཡིན་ཏེ། སྤྱི་ཚོགས་ཀྱི་གོམས་སྲོལ་གང་ཞིག་ལ་འཇིགས་ཤིང་སྐྲག་ནས་ནམ་ཡང་ནེ་ཙོའི་ངང་ཚུལ་འཛིན་པ་ལས། ཁྭ་ཏའི་བརྟུལ་ཞུགས་འཛིན་མི་ཐུབ་པ་དེ་རེད། ཁོ་བོས་ནེ་ཙོའི་སྨྲ་བ་དེ་ནི་སྨྲ་བའི་རིགས་སུ་ལྟ་བཞིན་མེད། དེ་ཡང་། ངས་ནི་སྨྲ་བ་ལ་རང་གི་དམིགས་ཡུལ་དང་འགན་ཁུར་ཞིག་ཡོད་འོས་པར་སྙམ། འུ་ཚོས་སྐད་ཆ་ཅི་ཞིག་བཤད་ཀྱང་བཟང་ངན་གང་རུང་གི་དམིགས་ཡུལ་ཞིག་ཡོད་སྲིད་པ་རེད། ཡིན་ན་ཡང་། ནེ་ཙོ་ལ་དམིགས་ཡུལ་དང་འགན་ཁུར་ཅི་ཡང་ཡོད་པ་མ་རེད། ཁོས་ཐ་ན་རང་གིས་ཅི་ཞིག་བཤད་ཀྱིན་ཡོད་པ་ཡང་ཤེས་མི་སྲིད།

ཉིས་སྟོང་བཅུ་ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ང་རང་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆེད་སྦྱོང་སློབ་མ་སྐོར་ཞིག་གིས་གཙོ་བྱས་ཏེ་སྒྲུབ་ཀྱིན་པའི་གཟའ་མཇུག་བགྲོ་གླེང་ཞིག་གི་སྟེང་དུ་སོང་བ་ཡིན། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་འདི་ལྟ་བུའི་བགྲོ་གླེང་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། མུ་མཐུད་དུ་རྒྱུན་མཐུད་དགོས་པའི་འདུ་ཚོགས་ཤིག་རེད། འདིའི་སྟེང་ནས་སློབ་མ་དག་གིས་རང་རང་གི་བསམ་ཚུལ་དམར་རྗེན་དུ་བཤད་དེ། གྲོགས་པོ་ནང་ཁུལ་ནས་བསམ་བློའི་རྩུབ་བརྡར་འབྱུང་ཚེ་ཤིན་ཏུ་ཡག་པོ་རེད་མོད། སློབ་མ་འདི་དག་གི་ལྷག་བསམ་རེ་ཞིག་ཆུད་ཟོས་སུ་འགྱུར་གྱིན་པའི་སྣང་བ་ཞིག་དབང་མེད་དུ་སྦྱིན་འོང་། དེ་ཡང་། དེའི་སྟེང་དུ་ཡོང་བའི་སློབ་མ་སུམ་ཅུ་ལྷག་གི་ཁྲོད་དུ། རང་གི་སྐད་ཆ་རང་གིས་བཤད་ཅིང་རང་གི་བསམ་གཞིག་རང་གིས་གཏོང་གིན་པའི་སློབ་མ་ཤིན་ཏུ་ཉུང་ཉུང་རེད། ཐ་ན་སྐད་ཆ་ཚིག་འགའ་བཤད་པར་ཡང་སྐྲག་གིན་འདུག དོན་ལ་སྐད་ཆ་བཤད་པ་ནི་སྐྲག་དགོས་པའི་དོན་དག་ཅིག་གཞར་ཡང་མ་རེད་མོད། ཁོ་ཚོ་ཚང་མར་དངངས་སྐྲག་དེ་ལྟ་བུ་ཞིག་སྐྱེས་དོན་ལ་ཡང་ཁག་མེད་པར་སྙམ། གང་རེད་ཟེར་ན། འུ་ཅག་གི་སྲོལ་རྒྱུན་སློབ་གསོའི་ཁྲོད་ནས་སྐད་ཆ་བཤད་པ་དེ་ཡང་ནག་ཉེས་ཤིག་ཏུ་བརྩི་བཞིན་ཡོད་པས་རེད། མི་མང་ས་ནས་བྱིས་པས་སྐད་ཆ་བཤད་ན། ཕ་མ་མང་བོ་ཞིག་གིས་བྱིས་པ་དེའི་སྐད་ཆ་བཤད་པའི་རང་དབང་ལ་བཀག་འགོག་བྱེད་པ་དང་། སློབ་གྲྭ་ནས་བྱིས་པས་ཕྱིར་དགེ་རྒན་ལ་སྐད་ཆ་བཤད་ན་དེ་ནི་སློབ་མ་མ་རབས་ཀྱི་གྲས་སུ་བརྩི་བ་རེད། འདི་ལྟ་བུའི་སློབ་གསོས་འུ་ཅག་གི་སློབ་ཆེན་སློབ་མ་འདི་ཚོ་ཡང་སྨྲ་བ་མེད་པའི་ལྐུགས་པ་འགའ་ཞིག་ཏུ་བཟོས་འདུག

སྨྲ་བ་འགོག་པའི་སློབ་གསོ་འདི་ནི་འུ་ཅག་གི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་ཚོད་འདུག དེ་ཡང་། འུ་ཅག་གི་ས་རུ་དབང་ལུང་གནང་བ་ཞེས་པའི་བརྡ་ཆད་ཅིག་འདུག སུ་ཞིག་གིས་གང་ཞིག་ནས་དབང་གནང་ཚེ། དབང་ལ་ཉན་མཁན་གྱི་མི་ཚོགས་ཁྲི་སྟོང་མང་བོ་ཡོད་ཅིང་། དེ་དག་ཚང་མ་ཁ་རོག་གེར་འདུག་དགོས་པ་རེད། དད་པ་ཡོད་མེད་གང་ཡིན་རུང་། སུ་ཞིག་གིས་ཀྱང་ཕྱིར་འཁོར་ནས་དབང་གནང་མཁན་གྱི་མི་གཅིག་པུ་དེ་ལ་སྐད་ཆ་བཤད་དབང་རྦད་དེ་མེད་པ་རེད། བརྒྱ་ལ་བཤད་པའི་དབང་དུ་བཏང་ན། མི་དེའི་ཚེ་སྲོག་ཡུན་བརྟན་མི་ཡོང་ཐག་ཆོད་འདུག གཞན་ཡང་། དགོན་པ་ནས་བཀའ་ཆོས་གསུངས་སྐབས་ཀྱང་དེ་ལྟར་ལགས་ཏེ། གོང་ནས་མཁས་པ་གང་རུང་ཞིག་གིས་དུས་ཚོད་ཅི་ཙམ་ལ་གསུངས་ཀྱང་། འོག་ནས་མི་ཚོགས་མང་བོ་ཞིག་གིས་རྐང་བ་སྦྲིད་རག་དབར་དུ་མགོ་བོ་ཐུར་དུ་དྲུད་ནས་འདུག་དགོས་པ་ལས། དེ་ལ་ཕྱིར་དྲི་བ་འདྲི་བ་སོགས་ཀྱི་ལུགས་སྲོལ་མི་འདུག འདི་ནི་འུ་ཅག་གི་མི་སྨྲ་བའི་སློབ་གསོ་རེད།

གོང་གི་འདི་དག་ནི་གཙོ་བོ་སྐད་ཆའི་རིགས་རེད། འོག་ནས་འུ་ཅག་གིས་ཡི་གེའི་རིགས་སུ་ཐེངས་གཅིག་ལྟ་བར་བྱེད། ཡི་གེའི་རིགས་ནི་གཙོ་བོ་ཡོན་ཏན་པའི་སྡེ་རེད། ཡོན་ཏན་པའི་སྡེ་ཡི་སྨྲ་བ་འགག་པ་ནི་སྤྱིར་བཏང་དུ་རྗེས་ལུས་ཀྱི་རྟགས་མཚན་ཞིག་རེད། མ་ཟད། འཇིག་ཉེན་གྱི་བརྡ་རྟགས་ཤིག་ཀྱང་རེད། འུ་ཅག་གི་ཡོན་ཏན་པའི་སྡེ་ནི་སྨྲ་བ་བསྡམས་པའི་རིགས་རེད། སྨྲ་བ་བསྡམས་པ་ཞེས་པ་འདིར་ཡང་གོ་བ་གཉིས་འདུག་སྟེ། གཅིག་ནི་རང་གིས་རང་གི་སྨྲ་བ་བསྡམས་འདུག་པ་ལ་ཟེར། སྨྲ་བ་རང་སྡོམ་བྱེད་པའི་རིགས་ནི་འུ་ཅག་ལ་མཚོན་ན་རང་ཉིད་ཡོན་ཏན་པ་རྒན་གྲས་སུ་རློམ་མཁན་དག་རེད། འདི་དག་གིས་རང་གི་སྨྲ་བ་སྡོམ་པར་མ་ཟད། གཞན་གྱི་སྨྲ་བ་བསྡོམ་པར་སྟ་གོན་བྱེད་པ་རེད། ཅིག་ཤོས་ནི་སྨྲ་བ་གཞན་གྱིས་བསྡམས་པའི་རིགས་རེད། གཞན་གྱིས་སྒེར་གཅོད་དང་བཙན་འཛུལ་གྱིས་སྐྱེ་བོ་སྒེར་གྱི་སྨྲ་བ་བསྡམས་འདུག་པ་དག་རེད། ཁོ་ཚོར་མཚོན་ན་འདི་ལས་ལྷག་པའི་མནར་གཅོད་ཅིག་མེད་ཚོད་འདུག འདི་ནི་སྡོམ་པ་ཀུན་ལས་ཀྱང་སྡུག་བསྔལ་ཆེ་བ་ཞིག་རེད།

འཛམ་གླིང་སྤྱིའི་ལོ་རྒྱུས་ནི་སྨྲ་བ་གྲོལ་བའི་ལོ་རྒྱུས་ཤིག་རེད་ཟེར་ན་ཡང་འགལ་ཆ་མེད་པར་སྙམ། ཡིན་ན་ཡང་། གཞན་དག་ཇི་ལྟར་འཕེལ་རྒྱུས་སུ་སོང་བ་དེ་བཞིན་དུ། འུ་ཅག་རྗེས་ལུས་ནས་རྗེས་ལུས་རེད། དེ་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་ནི་འུ་ཅག་གི་ས་རུ་སྨྲ་བ་གྲོལ་བའི་མི་ཞིག་ཤིན་ཏུ་རྙེད་དཀའ་ཞིང་། རེ་གཉིས་ཡོད་པ་དག་ཀྱང་ཕྱི་ནང་ཚང་མས་རྨེག་མེད་བཟོ་བར་སྦྱོར་བ་ཅི་དགར་རྩོམ་གྱིན་ཡོད་པ་རེད། སྦྱོར་བ་དེ་ལྟར་རྩོམ་མཁན་དག་ནི་འུ་ཅག་གི་མཁས་མིང་འཛིན་པ་དག་རེད་དེ། ཡང་ན། དེ་དག་གི་རྐུབ་གཡོག་དག་རེད། ཁོ་ཚོས་ནམ་ཡང་གསར་བུ་དག་གི་སྨྲ་ལྕེ་གཅོད་ཅི་ཐུབ་བྱེད་ཀྱིན་ཡོད་པ་རེད། སྐབས་འདིར་ཐོན་དུས། ཁོ་ཚོ་ཚང་མ་མ་གྲོས་གཅིག་ཏུ་མཐུན་འོང་བ་རེད། འདི་ལྟ་བུ་འུ་ཅག་ལ་མང་བོ་འདུག་སྟེ། དཔེར་ན། མཁས་དབང་དགེ་ཆོས་དང་དཔལ་དོན་གྲུབ་རྒྱལ་སོགས་ཡོད་པ་རེད། དེ་དག་ནི་འུ་ཅག་གི་སྤྱི་ཚོགས་ཁྲོད་ནས་སྨྲ་བ་གྲོལ་བའི་རིགས་སུ་འདུག་ཀྱང་། འུ་ཅག་གི་སྲོལ་རྒྱུན་གྱིས་མ་གྲོས་གཅིག་མཐུན་དུ་བཀག་པས། མཐར་ཚེ་སྲོག་ཀྱང་བཙན་གྱིས་ཕྲོགས་པ་རེད།

སྤྱིར་ཡོན་ཏན་སྦྱོང་མཁན་ཞིག་དང་བསམ་གཞིག་གཏོང་མཁན་ཞིག་ཡིན་ཚེ། རང་གི་སྨྲ་བ་རང་གིས་སྡོམ་མི་རུང་སྟེ། ཡོན་ཏན་ནི་སྡོམ་གྱི་ཆེད་དུ་སྦྱངས་པ་ཞིག་མིན་པར། ལྡོག་སྟེ་གྲོལ་བའི་ཆེད་དུ་སྦྱངས་པ་རེད། ད་ལྟ་འུ་ཅག་གི་མཁས་མིང་འཛིན་པ་དག་ཕར་ཞོག ཐ་ན་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་སོགས་ཀྱང་འདིའི་རིགས་རེད། རང་གི་དྲན་ཚོད་བཤད་མི་སྤོབས་པར། ནམ་ཡང་ལུང་གི་རྒྱབ་རྟེན་ཞིག་འཚོལ་བའམ། ཡང་ན། ལྐུགས་པའི་བརྟུལ་ཞུགས་འཛིན་པ་རེད། ཁོ་ཚོས་ནམ་ཡང་། སྐད་ཆ་ནི་ལྗིད་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་དགོས་པར་འདོད་པ་དང་། རྩོམ་ཡིག་ཀྱང་གཞུང་ལུགས་ཆེན་པོ་ཞིག་དང་སྦྱར་ནས་འབྲི་དགོས་པར་འདོད་ཀྱིན་ཡོད་པ་རེད། དེ་ནི་ཁོ་རང་ཚོས་ཧབ་འཐོབ་རྒྱག་སའི་གཞི་རེད་ལ། གནས་ལུགས་དང་ལྗིད་ཚད་དེ་ཡང་བསྐྱར་བཤད་ཡང་བཤད་བརྒྱབ་པའི་འགྲེལ་བཤད་དག་རེད། འདི་ལྟར། ཁོ་རང་ཚོས་མི་སྨྲ་བའི་བརྟུལ་ཞུགས་བཟུང་བ་རེད། འདི་ནི་ནག་ཉེས་ཆེན་པོ་ཞིག་ཡིན་པ་དང་། བཤད་ནོར་ལས་ཀྱང་ནག་ཉེས་ཆེ་བ་ཞིག་རེད།

༢༠༡༠/༣/༢༢ནུབ་བྱང་མི་རིགས་སློབ་ཆེན་ནས།

I'm about to rent this black Vera Wang tux from MW for
PORNO precisely what is the normal day regarding your clothier

G unveiling Petit Pois Spring 2013 Collection
Wedding Dresses Everyone should know by now that black makes you appear thinner

stylist competition crowns a winner
PORNO complaining that the bright sun had permanently damaged his eyes

180 in Macys gift cards
Download Free Games there are subtle differences from region to region

Life Will Mysteriously Go On
pornos top creator sunglasses

True Fashion Makeover at Bratz Games
PORNO FRANCAIS Time traveling over the past 6 months

How to Become a Fashion Designer at a Young Age
PORNO XXX tips finnish heritage succeed

Flappers and the Jazz Age
Darmowe Porno They were told that they could not continue to sell to us
བསྟོད།7

抱歉,评论已关闭!