<<མཇུག་མཐའི་སློབ་ཐུན་གཅིག>>གི་ནང་སྙིང་ལ་ལག་སྙོབ་བྱེད་པ།

སྒྲེན་པོ།

སློབ་ཆུང་ངམ་དམའ་འབྲིང་གི་སྐབས་གང་ཡིན་གསལ་བོ་ཞིག་མི་དྲན་ནའང་གང་ལྟར་འཛམ་གླིང་རྩོམ་རིག་གི་ཁྲོད་ན་གོ་གནས་ངེས་ཅན་ཟིན་ཡོད་པའི་བརྩམས་སྒྲུང་ཐུང་ངུ་ འདིས་ང་ཚོ་བྱིས་པ་མང་པོའི་ནང་སེམས་ལ་སྐྱོམས་འདར་མང་པོ་སྐྱེད་མྱོང་ཡོད་པ་གདོན་མི་ཟ།བརྩམས་སྒྲུང་འདི་ནི་ཧྥ་རན་སིའི་རྩོམ་མཁན་གྲགས་ཅན་ཏོའུ་ཏི་ལགས་ཀྱི་སྒྲུང་ཐུང་ཞིག་ཡིན་ལ།རྩོམ་པ་པོས་འཇར་མན་གྱི་དབང་སྒྱུར་འོག་གནས་པའི་སློབ་ཆུང་ཞིག་གི་སློབ་མ་ག་གེ་མོས་མཇུག་མཐའི་སློབ་ཐུན་གཅིག་གི་ཁྲོད་མངོན་ཟིན་པའི།མཐོང་ཆོས་མྱོང་འགྱུར་གྱི་སེམས་བྱུང་མང་པོ་མཐོང་སྣེར་བཟུང་སྟེ།རིགས་རྒྱུད་མི་གཅིག་པའི་དབང་སྒྱུར་དང་བཙན་འཛུལ་འོག་གནས་པའི་ཧྥ་རན་སིའི་སྐྱོ་གདུང་དང་མེས་རྒྱལ་གྱི་དགའ་ཞེན་བཅས་གསལ་སྟོན་བྱས་ཡོད་པ་མ་ཟད།མེས་རྒྱལ་གཅིག་གྱུར་དང་བསམ་བློའི་བཅིངས་འགྲོལ་གྱི་འགྱུར་མེད་དམ་བཅའ་སྙིང་ལ་བརྐོས་ནས།ཧྥ་རན་སིའི་བླ་ན་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་སྐད་ཡིག་འདུ་ཤེས་ཀྱི་གལ་ཆེན་རང་བཞིན་དེ་སྒྱུ་རྩལ་གྱི་ཚད་མཐོ་སར་བསྐྱལ་འདུག

འདིར་བརྩམས་སྒྲུང་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཙམ་འཆད་ན།1870ལོའི་ཟླ་7པར་ཧྥ་རན་སིས་ཐོག་མར་ཕོའུ་ལུའུ་ནོ་ལ་དམག་འཁྲུག་རྒྱག་རྒྱུའི་བརྡ་སྦྲན་པ་རེད།ཟླ་བརྒྱད་པར་ཧྥ་དམག་གིས་ཕམ་ཁ་ཆེན་པོ་ཁུར་ནས་རང་སྲུང་གི་གནས་བབ་ལ་ལྟུང་།ན་ཕོ་ལོན་དམག་སྤྱི་ཡིན་པའི་འཇར་མན་བཙན་རྒྱལ་པས་ཧྥ་རན་སིའི་མཐའ་མཚམས་ན་གནས་པའི་གྲོང་སྡེ་མང་པོར་ཧྥ་རན་སིའི་སྐད་ཡིག་སྦྱོང་རྒྱུའི་བདག་དབང་བཙན་འཕྲོག་བྱས་ཏེ།འཇར་མན་གྱི་སྐད་ཡིག་ཁྲིད་དགོས་པའི་བཙན་སྐུལ་བྱས། ཧྥ་རན་སིའི་ཕ་སྐད་ཀྱི་སྟེང་དུ་ཉི་མ་དམར་པོ་ཤར་བར་གཞིག་ནས་རྩོམ་པ་པོས་སྒྲུང་ཐུང་འདི་བློས་བསླངས་བྱས་པ་རེད།

བརྩམས་སྒྲུང་ཐུང་ངུ་འདིའི་ཁྲོད་དུ་སྐད་ཆ་འདི་འདྲ་ཞིག་ཡོད་དེ།༼རྒྱལ་ཁབ་འཇིག་ཅིང་རྒྱལ་ཁོངས་གཞན་པའི་བྲན་ཁོལ་དུ་གྱུར་སྐབས།རང་མི་རིགས་ཀྱི་སྐད་ཡིག་སྙིང་གི་མཐིལ་ནས་མི་བརྗེད་པ་བྱེད་རྒྱུ་ནི།དོན་གྱིས་བཤད་ན་མུན་ནག་གི་བཙོན་ཁང་ལས་བགྲོད་བྱེད་ཀྱི་ལྡེ་མིག་ལག་ཏུ་ཐོགས་ནས་བཙོན་ཁང་གི་སྒོ་འབྱེད་པའི་སྟ་གོན་ལ་བྲེལ་བ་དང་འདྲ༽ཅེས་པའི་སྐད་ཆ་འདི་ལ་རིམ་ལྡན་གྱི་དོན་སྙིང་ག་ཙམ་གདའ།ཡང་ན་སྐད་ཆ་འདིར་རྐྱེན་བྱས་ཏེ་ཁྱེད་ཀྱིས་རང་གི་ཕ་སྐད་ལ་གོ་བ་གསར་བ་ཅི་ཞིག་འདྲོངས་ནུས་སམ་ཅེ་ན།ཚིག་དུམ་འདི་ལ་ཟུར་མཐོང་ལེབ་གསུམ་དང་ཕྱི་རིམ་ནང་རིམ་གྱི་བསྟན་དོན་མང་པོ་གདའ་མོད།མདོར་དྲིལ་ན་སྣེ་གཉིས་ཀྱི་སྒོ་ནས་འཆད་པ་ལ།

ཐོག་མར་ཚིག་དུམ་འདིས་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེ་འཚོ་ཞིང་གནས་པའི་རྟགས་མཚན་འབའ་ཞིག་ཡིན་པ་ཚིག་ཤུགས་ནས་བསྟན་ཡོད་པ་དེ་རེད།རྒྱལ་ཁབ་འཇིག་ པའི་མི་དམངས་ཀྱིས་མི་རིགས་དེའི་ཕ་སྐད་བཤད་ན་དོན་གྱིས་མི་རིགས་དེའི་རིག་གནས་ཉར་འཛིན་བྱས་ཡོད།དེང་རབས་སྐད་བརྡ་རིག་པའི་མཐོང་སྣེ་ནས་བལྟས་ན་སྐད་རིགས་ནི་བརྡ་སྤྲོད་བྱེད་ཙམ་མ་ཡིན་པར་དེའི་ཁོངས་སུ་མི་རིགས་ཤིག་གི་རིག་གནས་དང་འཚོ་གནས་ཀྱི་ལྟ་གྲུབ།ཡུལ་སྲོལ་གོམས་གཤིས།དམངས་ཁྲོད་ཀྱི་ཉིང་བཅུད་བཅས་མང་པོ་འདུ།སྐད་ཡིག་ནི་མི་རིགས་ཤིག་གི་རིག་གནས་འཚོ་ཞིང་གནས་པའི་ཚེ་སྲོག་གི་བདག་ཉིད་ཅིག་ལས་སྲོག་མེད་བེམ་མེད་ཀྱི་ལག་ཆ་ཙམ་པོ་བ་གཞར་ཡང་ཡིན་མི་སྲིད།དེ་འདྲའི་རྒྱལ་ཁོངས་སྟོང་བའི་མི་དམངས་ཀྱིས་སྔར་བཞིན་རང་གི་ཕ་སྐད་བཤད་ན།མི་རིགས་དེ་རྨང་ནས་འཇིག་ཡོད་པ་ག་ནས་མཚོན།དེ་ལས་ལྡོག་སྟེ།རང་གི་འཚོ་བཞེས་བྱེད་ཕྱོགས་ལྟར་གནས་ཡོད་པ་ར་སྤྲད་འདུག་སྙམ།གལ་སྲིད་མི་རིགས་ཤིག་གི་ཕ་སྐད་བཤད་པའི་བདག་དབང་རྨང་ནས་ཤོར་ཚེ།མི་རིགས་དེས་ས་སྒང་རིལ་མོ་འདིའི་སྟེང་དུ་འཚོ་གནས་ཀྱི་སྟོབས་སྐྱེད་སའི་གཞི་བོར་བ་དང་ཀུན་ནས་མཚུངས།

གོང་གསལ་ཚིག་དུམ་དེས་བསྟན་དོན་ཕྱི་མ་ནི།མི་རིགས་སྐད་ཡིག་གིས་མི་རིགས་ནང་ཁུལ་དུ་ཐུན་མོང་གི་འདུ་ཤེས་གོང་བུར་ཆགས་རྒྱུགས་བྱེད་ནུས་གལ་ཆེན་འདོན་གྱིན་ཡོད་པ་དེ་རེད།མིའི་རིགས་ཀྱིས་མི་ལོ་སྟོང་ཕྲག་གི་ཆུ་ཀླུང་བརྒལ་བའི་གོ་རིམ་ཁྲོད་བྱུང་ཞིང་བཀོལ་འོངས་པའི་སྐད་རིགས་དེ་ལ་ཕ་སྐད་ཟེར་གྱིན་ཡོད་པ་རེད།ཕ་སྐད་ཅེས་པའི་ཚིག་ཟུར་ནས་ཅི་ཞིག་སྟོན་གྱིན་ཡོད་དམ་ཟེར་ན།དེས་སྐད་རིགས་ཀྱིས་མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་ཡན་གར་བའི་རང་གཤིས་བསྐྱེད་པར་གསོ་སྐྱོང་གི་བྱེད་ནུས་ཐོན་གྱིན་ཡོད་པ་དེ་རེད།རྒྱལ་ཁབ་འཇིག་ཟིན་གྱི་མི་རིགས་ཀྱིས་རང་གི་ཕ་སྐད་སྙིང་ནས་བཀོལ་སྤྱོད་བྱས་ཏེ།རང་གི་ཐུན་མིན་རིག་གནས་སྲུང་འཛིན་ཡག་པོ་བྱས་ན།མི་རིགས་དེའི་ཁོངས་མིའི་དབར་དུ་བསྐལ་བར་འཇགས་མི་སྲིད་པའི།སེམས་ཤུགས་གཅིག་ལ་གཞོལ་བའི་གཟུགས་མེད་ཀྱི་ཐག་པ་ཞིག་ཡོད་ལ།ཐག་པ་དེས་ཕྲེང་བ་བཞིན་ཕྲེང་རྡོག་བརྒྱ་དང་བརྒྱད་པོ་གོང་བུ་གཅིག་ཏུ་སྒྲིལ་ཡོད།དབང་སྒྱུར་བས་གཉའ་གནོན་དང་བཙན་སྐུལ་ཅི་འདྲ་བྱས་རུང་།མི་རིགས་འདིའི་ཁོངས་མི་སོ་སོའི་བར་ཐག་ཅི་འདྲའི་རིང་ཡང་།མི་རིགས་ཀྱི་བསམ་པའི་རིག་གནས་ཀྱི་སྙིང་སྟོབས་དང་ཕ་སྐད་དེས་ལག་གདང་གི་ཟམ་པ་སློང་ངེས།སེམས་པ་སེམས་ཀྱིས་ཤེས་པའི་འདུ་ཤེས་སློང་ངེས།དབང་སྒྱུར་བས་ཕྱི་ལུས་པོར་བཙན་གནོན་བྱ་ཐུབ་ན་ཡང་ང་ཚོའི་སེམས་ཁོང་ན་ཡུན་རིང་ཉར་བའི་རིགས་ཀྱི་འདུ་ཤེས་འདི་ལ་དབང་སྒྱུར་བྱ་ཐབས་རྩ་བ་ནས་ཡོད་མི་སྲིད།

མི་རིགས་ཀྱི་སྐད་ཡིག་ལ་འདི་འདྲའི་རིན་བྲལ་གྱི་དོན་སྙིང་གཏོས་ཆེ་བ་མངའ་བས།གནས་སྐབས་འདིར་འཇར་མན་བཙན་རྒྱལ་རིང་ལུགས་ཀྱིས་ཧྥ་རན་སིའི་སྐད་ཡིག་གི་སྐྱེ་རྒྱུན་གཅོད་གྲབས་བྱས་པ་རེད་ལ།དུས་རབས་ཉི་ཤུ་བའི་ལོ་རབས་སུམ་བཅུ་བར་ཡང་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་ཞིང་ཤར་ཞིང་ཆེན་གསུམ་དབང་དུ་བསྡུས་རྗེས།རྒྱའི་སྐད་ཡིག་གི་བདག་དབང་འཕྲོག་ནས་འཇར་པན་གྱི་སྐད་ཡིག་བཙན་ཁྲིད་བྱས་པ་རེད།འདི་དག་ནི་གསལ་བོར་བཤད་ན་རིག་གནས་ཤིག་གི་བཙན་འཛུལ་རེད་ལ།སྐད་རིགས་ཤིག་གི་བྲན་སྒྱུར་ཡང་མ་ཡིན་ནམ།

མཇུག་ཏུ་ཞུ་རྒྱུ་ཞིག་ལ། འཇར་པན་དང་འཇར་མན་གང་ཡིན་རུང་ཁོ་ཚོར་གཅིག་གྱུར་གྱི་དམིགས་འབེན་ཞིག་ཡོད་པ་ནི།ས་ཁོངས་བཅད་བཟུང་བྱས་རྗེས་སྐད་རིགས་དང་རིག་གནས་ཀྱི་སྟེང་དུ་བཙན་འཛུལ་བྱས་པ་རེད།དེ་བས་རྒྱལ་ཁོངས་ཤོར་བ་འམ་རྒྱབ་ཁབ་འཇིག་པ་ནི་མི་རིགས་ཤིག་གི་བདག་དབང་ཤོར་ཚུལ་རྣལ་མ་ཡིན་མི་སྲིད་མོད།མི་རིགས་ཤིག་གི་ཕ་སྐད་བཀོལ་བའི་བདག་དབང་འཕྲོག་ནས་སྐད་ཡིག་གི་བྲན་སྒྱུར་སྤེལ་གྱིན་པ་ནི་དོན་གྱིས་བཤད་ན་མི་རིགས་དེའི་བདག་དབང་ངོ་མ་ཤོར་གྱིན་པའི་སྟ་གོན་ན་མཆིས་སྙམ།

2010.10.22.

the Acceptance of Gothic Lolita
PORNO how can portion of oatmeal increase in unemployment insulin shots

Hit Wonders Who Deserve Your Respect
Prom Dresses the best 10 virtual low cost clothing facilities

Have Fun From Girls Dress Up Games
PORNO 224 million last year and no debt

Top 10 Tips for Buying Women's Lingerie
Download Free Games I interested to see who wins

Naked with Grey Flowing Hair her New Look
Kostenlose Pornos von bust and hips

6 Insane DiY Surgeries You Won't Believe Actually Worked
free xxx how to make a fashion wear dealer

How to Do a Lemon Detox
PORNO XXX several types of indian tank top

Where Will Sony Fail Next
Filme Porno build a few clothing combinations hell
བསྟོད།11

抱歉,评论已关闭!