མཚོ་སྔོན་པོ་ཟིན་བྲིས་བདག་པོར་གྲོས་ཁ་བརྡུར་བ།

རྣོ་མིག

གསལ་བཤད།མཚོ་སྔོན་པོ་ཟིན་བྲིས་སུ་མ་ཤོང་བས་ན་གཞོན་གསར་བར་ཕྱིར་མི་ལོག་ག་མེད་རེད།རྣམ་པ་ཚོར་དགོང་ཞུ།

སྤྱི་ལོ༢༠༡༠ལོའི་ཟླ༡༠ཚེས༢༢ཉིན་ཏེ་རེས་གཟའ་པ་སངས་ཀྱི་དགོང་མོ་དུས་ཚོད༧:༠༠གྱི་སྟེང་།སི་ཁྲོན་མི་རིགས་སློབ་གླིང་གི་ཐང་ག་སྒྱུ་རྩལ་ཚོགས་པ་དང་འབའ་གཞས་བྲོ་གར་ཚོགས།མི་རིགས་རིག་གནས་ཞིབ་འཇུག་ཚོགས་པ་བཅས་ཚོགས་པ་ཁག་གསུམ་གྱིས་སྒྲུབ་པའི་རིག་རྩལ་དགོང་ཚོགས《ལེགས་སྐྱེས་མིག་གི་དགའ་སྟོན》ཞེས་པ་ ཞིག་སྤེལ་ཞིང་།སྤྲོ་ཚོགས་དེའི་སྒྲིག་གཞི་ནི།གླུ་དང་གར།རྩེད་མཚར།གློག་བརྙན་འཁྲབ་སྟོན་སོགས་ཀྱིས་གཙོར་བྱས་པའི་ནང་།ཡང་ལས་ཡག་སྟེ་བོད་ཡིག་གི་སྙན་ངག་གྱེར་འདོན་གཅིག་ཀྱང་བཀོད་སྒྲིག་བྱས་འདུག་པས་ན།ཚོགས་པའི་ལས་མི་ཞིག་གིས་ང་ལ་སྙན་ངག་གྱེར་འདོན་བྱེད་དགོས་པའི་སྐུལ་སློང་བགྱིས་མཐར།བདག་གིས་ཀྱངགནས་བབ་འདི་ལྟ་བུ་ཞིག་གི་ནང་གོ་སྐབས་འདི་ནི་བཙལ་ ནས་མ་རྙེད་སྒུག་ནས་རྙེད་པའི་སྐབས་གླགས་བཟང་བོ་ཞིག་རེད་བསམ་སྟེ་འཆོར་གི་མ་བཅུགདེ་རིང་ཁ་སང་གི་མདོ་དབུས་མཐོ་སྒང་དུ་ཚ་བ་རྒྱས་ཏེ་ཐན་སྐམ་གྱི་གནས་ཚུལ་བྱུང་ནས་ཐ་ན་ཚེ་སྲོག་གི་ཐ་མཐའི་འཚོ་རྐྱེན་དུ་སོང་བའི“འཐུང་ཆུའང”སྐམ་གྱིན་པའི་ཉེན་ཁ་ཆེན་ པོ་ཞིག་གིས་གཅུར་འོང་གི་ཡོད་པའི་གནས་ཚུལ་དེར་ཆེད་དུ་དམིགས་ནས།དེའི་སྐོར་གྱི་སྙན་ངག་ཅིག་གྱེར་འདོན་དུ་བྲིས་པ་ཡིན།ཡང་ན།རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་མི་དྲག་དྲེད་པོ“ཁོག་གྱིམ”ཚོ་དང་འདྲ་བར་ཁ་ འཛིན་ནས་འདུག་མ་བཟོད་པ་ཡིན།རྩོམ་ཐུང་འདི་ནི་དེ་རིང་སྔ་མོར་བྲིས་ཚར་བ་དང་མཚོ་སྔོ་པོ་ཟིན་བྲིས་སུ་བཀོད་པ་ཡིན་མོད།ཉིན་གུང་ཙམ་འགོར་བ་ན་ཟིན་བྲི་དོ་དམ་པས་སྒོ་བརྒྱབ་འདུག་པས་བལྟ་མི་ཐུབ་པར་གྱུར་འདུག

དེ་དང་བསྒྲགས་བདག་ལའང་ཁ་ཕྱིར་འཁོར་ནས་སྐད་ཆ་ཞིག་བཤད་རྒྱུ་ཡོད་དེ།སྤྱིར་བདག་གི་རྩོམ་ཐུང་འདིའི་ནང་དོན་ནི།མི་རིགས་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཚུལ་ཞིག་བྲིས་པ་ཡིན་པས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མཐུན་པས་ཁྲིམས་འག་ལ་མིན་ལ།སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པའི་གནས་ལུགས་ཀྱང་ང་རང་ཚོས་སྔ་མོ་ནས་བློར་འབྱོང་བ་ཡིན་སྟབ ས།མི་རིགས་དུ་མས་གྲུབ་པའི་རྒྱལ་ཁབ་ཅིག་གིས་མཚོན་ཏེ་བཤད་ན།བྱེ་བྲག་མི་རིགས་ཀྱི་འཕེལ་རྒྱས་ནི་སྤྱི་ཡོངས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡིན་པའི་ལེགས་བཤད་ནི།དུས་རབས་བཅུ་དགུ་བའི་ནང་གི་འཇར་མན་གྱི་རྒད་པོ་མར་ཁེ་སིས་བཞེད་པ་ཡིན་ཙང་།མར་ཁེ་སི་ཚད་མར་འཛིན་པའི་ཀྲུང་གོ་བར་བལྟས་ནས་བཤད་ན་ཧ་ཅང་གིས་གོང་བཀུར་བྱེད་ཀྱི་འདུག་སྐད།ངས་མི་རིགས་དང་རྒྱལ་ཁབ་ཀྱི་འཕ ེལ་རྒྱས་ལ་བསམ་སྟེ་བོད་སྐད་ཡིག་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་གནང་བའི་རྩོམ་ཐུང་འདི་ཅི་ཞིག་ལ་བརྩིས་ཏེ་བཀག་འགོག་དང་མགོ་མནོན།ལོག་བཀར་ཟུར་ཕུད་དུ་གཏོང་བ་ནི་ཧ་ཅང་གིས་ཁྲིམས་འགལ་དུ་སོང་མི་འདུག་གམ་སྙམ་བྱུང་།བདག་གི་གཟུགས་གཞི་མ་ཆགས་པའི་རྩོམ་ཐུང་ཐབས་རྡུག་འདི་དག་ནི་ཡོན་ཏན་གྱིས་སྒམ་པའི་མཁས་ཆེན་ཚོའི་གཟུགས་ཡུལ་དུ་འདྲེན་པ་ནི་ཧ་ཅང་གུས་མེད ་ཅིག་དང་མི་རུང་བ།ལྟ་ལོངས་མེད་པ་ཞིག་ཡིན་སྲིད་མོད།ང་རང་ད་གཟོད་ལམ་ལ་འབུད་ཀྱིན་པའི་སྒང་འདིར་ཁྱོད་ཀྱིས་ང་རང་ཡོ་བསྲིང་གནང་ཆོག་པ་ལས་མཐོང་ཆུང་བྱེད་མི་འོས།འདི་ལྟ་བུའི་བྱ་སྤྱད་ཀྱིས་ནམ་ཡང་རང་ཉིད་ཀྱི་གཅེར་གཟུགས་ལྷང་ལ་ཕུད་ཀྱི་འདུག་པ་མ་ཡིན་ནམ།

གཞན་ཡང་ངའི་རྩོམ་ཐུང་འདི་བཀག་འགོག་བྱེད་པའི་གནད་དོན་དེར་ཟུར་ངོས་གཞན་ཞིག་ནས་བལྟས་ན།ད་ཅི་གོང་དུ་བྲིས་པའི“འཐུང་ཆུའི”གནད་དོན་དེར་ཅལ་འདྲོགས་བྱས་ཏེ།རྒྱལ་ཁབ་ཀྱི་ཁྲིམས་སུ་བཀོད་པ་ཞིག་ ཡིན་ན་ནམ་ཡང་མི་ཆོག་པའི་གནད་དོན་ཞིག་ཏུ་བལྟ་བའི་གཏེ་དུག་གི་བསམ་བློ་ཡོད་པས་ཡིན་རྒྱུ་རེད།དེ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན།འོ་ན།དྲ་ལམ་གྱི་བོད་ཡིག་ཟིན་བྲིས་ཡོད་ཚད་ཀྱི་དམིགས་ཡུལའང་བོད་སྐད་ཡིག་འཕེལ་རྒྱས་གཏོང་བའི་དགོས་ཆེད་དུ་འགྲོ་བས་དེ་དག་ཀྱང་མི་ཆོག་པའི་ཁྲིམས་འགལ་ཡིན་པར་ཐལ།ངོ་མ་དོ་ཞག་གི་སྤྱི་ཚོགས་ཁྲོད་མི་ཉོག་མང་སོང་བས་ལན་ཆགས ་སུ་གྱུར་ཏེ་བོད་སྐད་ཡིག་སྐྱོང་མཁན་དང་བརླག་མཁན་སུ་སུ་ཡིན་པའང་དབྱེ་བ་འབྱེད་དཀའ་བོ་འདུགཧ་ཅང་རྒྱ་ཆུང་ཕྱོགས་ནས་འདང་རྒྱབ་ན།གལ་ཏེ་བོད་ཡིག་ཟིན་བྲིས་སུ་བོད་སྐད་འཕེལ་རྒྱས་སྐོར་གྱི་སྐད་ཆ་ཞིག་ཀྱང་མི་ཤོང་བ་ཡིན་ན།དེས་ན་བོད་ཡིན་ཟིན་བྲིས་ཟེར་བ་དག་གིས་ཅི་ཞིག་ལས་ཀྱི་ཡོད་པ་རེད།ཡང་ན་བྱིས་པ་སུ་ཞིག་གི་རྩེད་སྤྱད་ཙམ་རེད།དེ་ཡང་མིན་ན།ཟིན་བྲིས་སྦྱ ར་བྱང་ལ་བོད་ཡིག་ཟིན་བྲིས་ཞེས་བཀོད་དེ་ཟིན་ཐོ་རྒྱ་ཡིག་གིས་འབྲི་དགོས་རྒྱུ་རེད།སྐད་ཡིག་གི་ཆེད་དུ་སྐད་ཡིག་མི་ཤོད་པའི་སྐད་ཡིག་ཟིན་བྲིས་དག་གིས་ཅི་བྱེད།

འོ་རེད་ཡཱ།མཐའ་མར་ངས་མི་དྲག་དྲེད་པོ་དག་ལ་བསྔོ་ཡིག་ཅིག་བྲིས་ཡོད་དེ།ཁྲིམས་ལུགས་ཅི་ལྟར་བརྩི་སྲུང་བྱས་ན་ཁྱོད་རང་ཁྲིམས་ལུགས་ཀྱི་རྒྱ་རུ་དེ་ལྟར་བཙུད་པ་ཡིན་ཞིང་།ཁྲིམས་ལུགས་ལ་འཛེམ་དོགས་ནན་མོ་བྱེད་པ་ནི་ཁྲིམས་ལུགས་མ་ཤེས་པའི་ངོ་ཚ་དང་གླེན་རྟགས་ཤིག་རེད།འོ་སྐོལ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དེ་སྙན་གྲགས་ཀྱིས་སྡུད་སྒྲིག་བྱས་པའི《སྲིད་པའི་ཁུགས་པ་བཅོ་བརྒྱད》དུ།ལུས་མི་ཐེག་སྡོང་རྒན་སྐམ་པོ་འདྲ།།རྩལ་ བདེ་མོ་ཡོད་པ་རྫུན་གཏམ་རེད།།ཁ་རྒས་ནོ་བྲག་ཕུག་སྐམ་པོ་འདྲ།།སོ་སུམ་བཅུ་ཡོད་པ་རྫུན་གཏམ་རེད།།ཞེས་འདི་ལྟ་བུའི་མི་ཤེས་ཤེས་མདོག་བསྟན་ནས་རང་ཉིད་ཐེར་འདོན་བྱས་པར་གནད་ལ་ཕོག་པ་ཞིག་བྲིས་འདུག་པརའང་གོ་རྒྱུ་འདུགའུ་ཚོ་སུ་ཡིན་ཡང་ཐོག་མར་རང་ཉིད་ལ་རྒྱུས་མི་ལོན་པར་ལབ་རྒྱག་རྒྱུ་ནི་འུ་ཅག་བོད་པ་སྤྱིའི་སྐྱོན་ཆ་ཆེ་ཞིག་རེད།དེ་ལྟར་ཁྲིམས་ལུགས་མི་ཤེ ས་པར་ཁྲིམས་ལུགས་བཤད་པ་ནི་ཁྲིམས་ལུགས་ལ་མཐོང་ཆུང་དང་རྡོག་རྫིས་བཏང་བ་ཡིན་པས་ཕྱིར་རང་ཉིད་ཀྱི་དཔྱངས་ཐག་ཏུ་འགྱུར་ཉེན་ཆེ་ཨང་།དེ་ལྟ་བུའི་མི་ཚོས་ཐ་ན་མུན་ནག་ཀྱང་རང་དབང་ཞིག་ཏུ་སྣང་ངོ་།།

གཤམ་གྱི་སྙན་ངག་ནི་བདག་གིས་མདང་དགོང་གྱེར་འདོན་བྱས་པའི་སྙན་ངག་དེ་ཡིན།ཡང་ན།ང་དང་མཚོ་སྔོན་པོ་ཟིན་བྲིས་བདག་པོ་གཉིས་བར་གྱི་འགལ་བའི་སྙན་ངགའང་ཡིན།

ངའི་བློས་མི་ཐངས་པའི་སྐད་ཡིག

སྐད་ཡིག སྐད་ཡིག
ངའི་བློས་མི་ཐོངས་པའི་སྐད་དང་ཡི་གེ་ཨཱ

ཁ་བ་ལྷབ་ལྷུབ་དུ་བབ་བྱུང་ན
མི་ཚོགས་ཀྱིས་དེ་རུ་དགུན་ཁ་ཞེས་འབོད་ཀྱིན་འདུག
སྦྲ་ནག་གི་དབུ་སྐྲ་དཀར་བོང་ངེར་སོང་ན
ཕོ་སྐྱེས་སུ་ཞིག་གིས་དེ་ལ་ཁ་བ་ཞེས་བརྗོད་སྲིད་ཨང

འོ་ཇ་ཁོལ་མ་ཧུབ་གང་འཐུང་ནས
འཁྱག་གྲང་གི་སེམས་པར་ཚ་དྲོད་བླུད་དུས
རང་ཉིད་འགྲུལ་བཞུད་པ་ཆེས་མཐའ་མ་ཡིན་པ་ངང་གིས་ཚོར་ཞིང
གནའ་བོའི་རས་པ་ལྟ་བུའི མ་ཧཱ་གན་རྡི་ལྟ་བུའི
གྲོང་ཁྱེར་ཡེ་ལུའུ་ས་ལིང་གི་དམ་པ་ཡེ་ཤུ་ལྟ་བུའི
ཡང་ན་སྐད་དང་ཡི་གེ་ལྟ་བུའི
གདོང་ལེན་པ་ཞིག

ཁ་བ་ལྷབ་ལྷུབ་དུ་བབ་བྱུང་ན
མི་ཚོགས་ཀྱིས་དེ་རུ་དགུན་ཁ་ཞེས་འབོད་ཀྱིན་འདུག་སྐད
རྩྭ་ཐང་གི་རྒས་འཁོགས་འདྲ་བའི
ཁ་བ་ནག་པོ་ཡང་ཡང་བབ་ན
ང་ཚོར་མནོ་བསམ་གཞན་ཞིག་གི་མགོ་འཕངས་ཡོད་ཨེ་སྲིད
སྟེང་ལྷ་ཡུལ་གྱི་བཀའ་ཆད་ལྟ་བའི
འོག་ཀླུ་ཡུལ་གྱི་གདུག་རྩུབ་ལྟ་བུའི
ཁངས་འཚུབ་བུ་ཡུག་གིས་ཕྱོགས་ཕྱོགས་ནས་དེད་པའི་ཐལ་རྡུལ་དག་གིས
བྱ་ཁྱུང་གི་གཤོག་པ་ཐོགས་མྱོང་པའི
ངའི་གངས་ཆབ་བསིལ་མ་རྙོག་ཏུ་འཇུག་ག་རུང

དགུན་ཁ་དགུན་ཁ་རུ་འཁྲིལ་ན
ཉམ་ཐག་མིག་སེར་གྱི་དམངས་ཚོགས་ནི
དགུན་ཁ་དེའི་སྙིང་ཉེ་བའི་ཁ་བ་རིགས་ཤིག་རེད
ཁ་དོག་གིས་བརྫུས་པའི་ཁ་བ་རིགས་ཤིག་རེད
བྱིས་པ་ཚོའི་སྔས་མགོར་གྲང་ཤུར་ཤུར་གྱིས་བབ་པའི
ཞིག་རལ་དུ་གྱུར་བའི་གནའ་གྲོང་གི་རྩིག་བར་ན་འཚང་བའི
མིའི་རིགས་ཀྱི་གསེར་གྱི་སྒྲོག་གུ་བོར་བ་ལྟ་བུའི་ཁ་བ་གཞན་ཞིག
འཛུམ་ཤིག་གེར་བབ
འཛུམ་ཆུང་དེ་རྒྱ་བཟའི་གཡུ་ཆུང་དྲུག་དཀར་དང་འདྲ

དངོས་གནས་ཁ་བ་བབ་པ་ནི་དགུན་ཁ་སླེབས་པ་དང་གཉིས་སུ་མ་མཆིས
དགུན་ཁ་སླེབས་རྗེས་ཁ་བ་འབབ་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད
དེའི་ཕྱིར་ང་ཚོས་ཁ་བ་དེའི་འབྱུང་ཁུངས་ལ་བསམ་གཞིག་ཐོངས་དགོས
དགུན་ཁ་སླེབས་ན ཆུ་གཙང་བོར་འགྲམ་དར་ཆགས་ནས
སྤང་སྔོན་མོར་བསེར་བུ་གཡུག་ནས
མཚན་གུང་གི་མར་མེའི་ཚོགས་ཀྱང་སྨྲ་མེད་དུ་གཏོང་པ་མ་ཡིན་ནམ

ནུབ་རླུང་གིས་ཁུར་བའི་ཉི་ཟེར་གྱི་བེམ་པོ
བར་དོའི་མཉེས་གཤིན་བསྔོ་བའི་སྤོ་བོ་དང
སྤོ་བོའི་བསམ་པའི་བྱེ་ཐང་དུ་དུར་སྦས་བྱས
སྐབས་དེར བདག་གི་སྤོ་བོའང
དགུན་གཞུང་གི་ལྟོ་བར་ན་འགྲེང་བའི་བསམ་བློ་བ་ཞིག
ལྷ་ལུང་དཔལ་རྡོར་གྱི་བང་སོ་འདྲ་བའི་སྤོ་བོ་ཡཱ
ཡང་ན ཁྱེད་རང་རྒས་པ་སྔ་དྲགས་སོང

མིན ང་ཚོ་ནི་རྒྱལ་སྲིད་ཀྱི་རྣམ་ཤེས་ཞུགས་པའི་མི་རབས་ཡིན
ང་ཚོ་ནི་གནམ་སྒོར་སྒོར་ཡིན ང་ཚོ་ནི་ས་རིལ་རིལ་ཡིན
ང་ཚོར་སུ་ཡང་ཟིན་གྱིས་གནོན་པའི་སྐད་དང་ཡི་གེ་ཡོད་པས
ང་ཚོའི་ཆེས་མཐའ་མཇུག་གི་གདམ་ངའང་སྐད་དང་ཡི་གེ་ཡིན་འོས
ང་ཚོའི་ཆེས་མཐའ་མཇུག་གི་བང་སོའང་སྐད་དང་ཡི་གེ་ཡིན་འོས
ཁྱོད་ཀྱི་སྒལ་ཚིགས་དྲང་བོར་བསྲིངས་པའི་རུས་རྐང་སྲ་མོ་དེ་གས་མི་ཉན་ཨང
སྤུན་ཟླ

Replica Chloe Marcie Hobo bags
PORNO it will also be available for viewing in teen magazines

Stop looking at just the rates
Prom Dresses great outdoors palms complete grouping thinpak

Fashion Merchandising Colleges in the United States
VIDEOS PORNO And the company approach rolls out in four steps

Callaway WOMEN'S SIVAN CART BAG
Download Free Games Project Runway Season 7 Episode 1

Have You Bought Discount Louis Vuitton Bags Today
pornos I on my phone and won be able to type a long response

Night Out at the 900 Shops
Porno pour femme then you can learn to walk like a catwalk model

The Average Salary of a Fashion Journalist
free porno that just unacceptable

Fashion Trends That Are Making a Comeback
Filme Porno their 10 several unlikely hollywood fistfights
བསྟོད།7

抱歉,评论已关闭!