སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕྱིན་པའི་ཟིན་ཐོ་ཐོར་བུ།

ཁྲ་མིག

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི། དཀར་མཛེས་རྫོང་གི་ཁུལ་ཐོག་སྟེ་དར་མདོ་རྫོང་གི་གཡས་ཕྱོགས་ཀྱི་ལུང་ཁུག་ཞིག་ཏུ་གནས་ཤིང་། སློབ་གྲྭ་འདིར་དགེ་སློབ་གཉིས་ཀ་བསྡོམས་པའི་མི་གྲངས་སྟོང་གཅིག་ཙམ་ཡོད་སྐད་འདུག་ལ། དེ་ནང་གི་དགེ་སློབ་མང་ཆེ་བ་འདི་ཕྱོགས་ཀྱི་ས་གནས་རང་གི་མི་ཡིན་པ་དང་། མཚོ་སྔོན་དང་རྔ་བ། ཡུན་ནན་བདེ་ཆེན་སོགས་ཀྱི་མི་སྣ་ཁ་ཤས་ཀྱང་ཡོད་པའི་ཟེར་སྒྲོས་ཡོད། སློབ་གྲྭ་འདིར་མཚོན་ན་ཕྱི་ནང་གི་ཆ་རྐྱེན་དང་སློབ་གསོ་སོགས་ཕྱོགས་ཀུན་ནས་ཞིང་ཆེན་ནང་ཁུལ་གྱི་ཚད་ལྡན་དང་། མིག་དཔེ་ལྟ་བུའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གྲྭ་འགངས་ཆེན་ཞིག་དང་། ལྷག་པར་དུ་ཁམས་པའི་ཕོ་གསར་ཡིན་ཟེར་བའི་ས་ཁུལ་འདི་ལ་མཚོན་ན་དེ་ལས་ཀྱང་མི་རིགས་རང་གི་སྐད་ཡིག་འཕེལ་རྒྱས་གཏོང་སའི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་རེད།

ང་ཚོའི་སློབ་གྲྭ་ཆགས་སའི་གུ་དྲག་གི་རྒྱབ་རྒྱུད་དང་དར་མདོའི་ལམ་བར་གྱི་ལུང་བའི་ནང་དུ་གནས་པའི་སྡེ་བ་ཕལ་མོ་ཆེར་མཚོན་ན། སྔོན་ཆད་བོད་རིགས་ཡིན་ལ་དེང་སྐབས་བོད་མིན་དགྱ་མིན་གྱི་ཡ་མ་གཟུགས་ལྟ་བུར་གྱུར་ཡོད་པ་རེད། འདི་དག་བོད་མ་རེད་ཟེར་ན་ཁོ་ཚོས་བོད་སྐད་བོད་ཡིག་མི་ཤེས་པ་མ་གཏོགས་ཁྱིམ་ཚང་རེ་གཉིས་གྱི་ཁང་ཟུར་དུ་རླུང་རྟའི་དར་ལྕོགས་ཡོད་པ་དང་། མཚམས་རེར་གྲྭ་བ་འདྲ་མིན་ཁ་ཤས་ཀྱིས་གྱལ་བ་རིམ་བྲོའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བཞིན་ཡོད་པ་དང་། ཡང་བོད་རིགས་རེད་ཟེར་ན་ཀུན་པོས་དགྱ་ཡིག་དགྱ་སྐད་ཁོ་ན་སྤྱོད་བཞིན་ཡོད་པ་ལ། ལྷག་པར་དུ་མི་ག་གེ་མོ་ཞིག་འདས་སོང་བའི་སྐབས་སུ་སྟོན་མོ་བྱེད་པའམ་ཤོག་སྦག་རྒྱག་སྟངས་སོགས་ལ་བལྟས་ན་ཕལ་ཆེར་དགྱ་རིགས་དང་གཅིག་འདྲ་རེད།

དེ་རིང་སྔ་དྲོར་ང་རང་བྱ་བ་ཆུང་ཆུང་ཞིག་གི་ཆེད་དུ་ཞིང་ཆེན་བོད་ཡིག་སློབ་གྲྭར་འགྲོ་དགོས་བྱུང་། ལམ་བར་དུ་དེ་རིང་གནས་ཚུལ་ཅི་ཞིག་ཡིན་པ་མི་ཤེས་ཏེ། གུ་དྲག་གྲོང་རྡལ་གྱི་དགྱ་སྲང་ཚང་མ་དང་དར་མདོའི་ལམ་བར་གྱི་སྡེ་བ་ཚང་མ། དར་མདོ་རྫོང་གི་སྲང་འདབ་ནས་སྲང་མགོའི་བར་དུ་གཡས་གཡོན་ཀུན་པོ་སྐར་ལྔའི་དར་དམར་གྱིས་ཡོངས་སུ་བཀླུབས་ཡོད་པས། ས་འདིའི་མི་ཚང་མ་མེས་རྒྱལ་ལ་དགའ་ཞེན་ཆེ་ཞིང་རྒྱལ་གཅེས་རིང་ལུགས་དང་ཏང་གི་སྲིད་གཞུང་ལ་བློ་དཀར་བའི་འཕྲུལ་སྣང་སྣ་ཚོགས་ཤིག་མི་སྐྱེས་རང་སྐྱེས་རེད། ཞིང་ཆེན་བོད་ཡིག་སློབ་གྲྭའི་སྒོ་ཆེན་གྱི་མདུན་དུ་སླེབས་མ་ཐག་མིག་ལམ་དུ་སྣང་འོང་བ་ནི་སྔར་བཞིན་སྒོ་མགོ་ཚང་མ་སྐར་ལྔའི་དར་དམར་གྱིས་གང་ཡོད་པ་དང། ད་དུང་སྒོ་ཐོག་ཏུ་དགྱ་ཡིག་ཁོ་ནས་སྤྲོ་སེམས་འཁོལ་བའི་ངང་རང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་དགའ་བསུ་ཞུ་ཞེས་བྲིས་ཡོད་པས། རང་ཉིད་ལ་སྨྲ་མི་ཤེས་པའི་ཚོར་བ་མཚར་བོ་ཞིག་དབང་མེད་དུ་སྦྱིན་བྱུང་། སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་འགྲོ་སྐབས་ལུས་ལ་དམག་ལྭ་གྱོན་པའི་སྒོ་སྲུང་ཞིག་གིས་ང་ལ་ཕྱིར་སོང་ནས་སྡོད་དང་ནང་དུ་ཡོང་མི་ཆོག་ཟེར། མ་བསམ་ས་ནས་ཁོ་རང་བོད་མི་ཞིག་རེད། ངས་ཁོ་ལ་ང་རང་ཁམས་པའི་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པ་དང་སློབ་གྲོགས་ཤིག་ལ་འཕྲད་དགོས་ཟེར་མ་ཐག་ཏུ། ཁོས་སློབ་གྲོགས་སུ་ཡིན་པ་དང་ཁ་པར་ཨང་གྲངས་དུ་ཡིན་ཟེར། ངས་ཁོ་ལ་ཨང་གྲངས་མེད་ཟེར་མ་ཐག་ཏུ་ཡང་ཁོས་ང་ལ་ཁྱོད་ཀྱི་སྡོད་དམངས་འཛིན་བྱང་ཁྱེར་ཤོག་ཟེར། ངས་ཁོ་ལ་སྡོད་དམངས་འཛིན་བྱང་བཟུང་མེད་མོད་ཨང་གྲངས་ཤེས་པས་མིང་ཐོ་བཀོད་ན་ཆོག་ཟེར་ནས་མིང་ཐོ་བཀོད་པ་ན། ཡང་ཁོས་ང་ལ་ཚང་མས་དགྱ་ཡིག་གི་མིང་ཐོ་བཀོད་ཡོད་པ་ཁྱོད་ཀྱིས་མ་མཐོང་ངམ། བསམ་གཟས་ནས་བོད་ཡིག་འབྲི་དོན་ཅི་ཡིན་ཟེར། སྐབས་དེར་ང་རང་ཁོང་ཁྲོ་དང་བཅས་ཏེ་ཁོ་ལ་ང་བོད་པ་ཞིག་ཡིན། གལ་ཏེར་ང་དང་ཁྱོད་ལྟ་བུའི་བོད་པ་ཚང་མས་བོད་ཡིག་བེད་སྤྱོད་མ་བྱས་ན་སུ་ཞིག་གི་བཀོལ་སྤྱོད་བྱ་རྒྱུ་རེད་ཟེར་བ་ན། ཁོའི་ངོ་གདོང་དམར་པོར་གྱུར་ནས་ཅི་འང་མི་བཤད་པར་འདུག་པ་དང་། དེ་ནས་ང་རང་སློབ་གྲྭའི་ནང་དུ་འགྲོ་ཐུབ་པ་བྱུང་སོང་།

ང་རང་སློབ་ཁྲིད་ཐོག་ཁང་ཆེན་མོའི་མདུན་དུ་ཐོན་མ་ཐག་ཏུ་སློབ་ཁྲིད་གྲོལ་སོང་སྟེ། དགེ་སློབ་ཀུན་པོས་བོད་ལ་གྱོན་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པར་བལྟས་ན་ཇི་འདྲའི་མིག་ལ་མཛེས་ཤིང་ཡིད་གར་འོང་བ་ཞིག་རེད་ལ། སྐབས་དེར་ཁོ་བོས་དབང་མེད་དུ་རྒྱང་རིང་གི་མ་ཡུམ་སློབ་གྲྭ་མི་དྲན་རང་དྲན་རེད།

ངས་རང་ཉིད་ཀྱི་དོན་དག་ཙག་ཙིག་དེ་སྒྲུབ་ཚར་རྗེས་གྲོགས་པོ་ཞིག་དང་ངེད་གཉིས་སློབ་གྲྭའི་ཟ་ཁང་དུ་སོང་ནས་ཟ་མ་ཟ་ཞོར་དུ་ཁ་བརྡ་བྱས་པ་ཡིན། ཁོས་བཤད་པ་ལྟར་ན་སློབ་གྲྭ་འདི་ནས་ད་ལོ་ནས་སློབ་གྲོགས་ཚང་མས་ཁ་པར་བཟུང་ན་མི་ཆོག་པ་དང་། ཐ་ན་སློབ་གྲྭའི་ཕྱི་རོལ་གྱི་གྲོང་ནང་ནས་ཀྱང་སློབ་མ་ཞིག་གིས་ཁ་པར་བཟུང་ཡོད་པ་རྒན་གྱིས་མཐོང་ཚེ། ཐད་ཀར་དུ་ལག་ནས་ལེན་པའམ་ཆད་པ་གཅོད་པ་སོགས་འདྲ་མིན་སྣ་ཚོགས་བྱེད་པ་དང་། ཚགས་པར་དང་དུས་དེབ་སོགས་ཀྱང་གང་འདོད་དུ་བསྒྲུབ་ན་མི་ཆོག་པ་དང་གལ་ཏེར་སྒྲུབ་པའི་དབང་དུ་བཏང་རུང་འགོ་བའམ་དགེ་རྒན་གྱིས་ཆོག་མཆན་མེད་ན་གཏན་ནས་མི་ཆོག་པ་དང་། ཐ་ན་རིག་གནས་བགྲོ་གླེང་དང་བྱ་འགུལ་སོགས་ཀྱང་སློབ་གྲྭ་སྤྱི་ནས་མ་གཏོགས་བསྒྲུབ་ན་མི་ཆོག་སྟེ། ཐེངས་སྔོན་མར་ཁོ་ཚོས་པན་ཆེན་རིན་པོ་ཆེའི་སྙིང་སྟོབས་རྗེས་དྲན་ཞེས་པའི་བགྲོ་གླེང་ཞིག་ཚོགས་རྗེས། སློབ་གྲོགས་ཁ་ཤས་འཛིན་གྲྭ་ནས་ཕུད་པའམ་རྒྱུན་སྐར་འཐེན་ནས་རྒྱུགས་འཕྲོད་དུ་མི་འཇུག་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་སོང་བ་རེད། ནང་སྒོས་སུ་ཁ་སང་དེ་རིང་གི་བསམ་བློ་སྔོན་ཐོན་ཅན་གྱི་སྐུ་ཞབས་ཞོགས་དུང་སོགས་ཀྱི་སྐོར་གླེང་ཚེ། ཁོ་ཚོ་ནི་ཆོས་ལུགས་ལ་མི་དགའ་ཚུལ་དང་སྲོལ་རྒྱུན་རིག་གནས་ལ་དགག་པ་རྒྱག་མཁན་གྱི་ལྟ་ལོག་པ་ཡིན་ཚུལ་སོགས་ཟེར་ནས། ཁོ་ཚོའི་ལྟ་ཚུལ་གླེང་ན་ནག་ཉེས་ཅན་དང་ལྟ་ལོག་པར་བརྩི་་ནས་དགེ་རྒན་མང་ཤོས་མི་དགའ་བ་སོགས་ཀྱི་གནས་ཚུལ་ཡོད་པ་རེད།

གང་ལྟར་ཀྱང་གནས་འདི་ན་སྲོལ་རྒྱུན་གྱི་རྫོང་མཐུག་པའི་མི་སྣ་སྐོར་ཞིག་གིས་གསར་སྐྱེས་ཚོའི་མདུན་ལམ་ལ་བཀག་འགོག་བཟོ་བ་མངོན་སུམ་ཡིན་པས། ང་ཚོ་ཚང་མས་ཕྱི་མིག་ཅིག་མ་བལྟས་ན་དུས་ནམ་ཡང་རྣམ་པ་གསར་བ་ཞིག་ག་ལ་ཡོད། བོད་ཁུལ་གྱི་ས་གནས་སོ་སོར་འདི་ལྟ་བུའི་གནས་ཚུལ་ཧ་ཅང་མང་བས་ཀུན་པོས་གཟབ་གཟབ་ཅིག་མ་བྱས་ན་ག་ལ་འགྲིག མི་ཚང་མར་རང་ཉིད་ཀྱི་བསམ་ཚུལ་རེ་དང་ལམ་བུ་རེ་ཡོད་པས་མི་འཐད་རུང་བགྲོད་ལམ་གཅིག་ཏུ་འདེད་རྒྱུ་ཟེར་ན་དེ་ལས་ཀྱང་རྙོག་འཛིང་མི་ཆེའམ། ང་ཚོ་ནི་དུས་རབས་འདིའི་མི་རབས་གསར་བ་ཡིན་པས་ང་ཚོར་རང་ཉིད་ཀྱི་བསམ་ཕྱོགས་ཡོད་ལ་མདུན་ལམ་ཡོད། འདི་དང་འདི་ལྟ་བུའི་སྲོལ་རྒྱུན་ཁོ་ན་ལས་དེང་རབས་གྱི་ཁ་བརྡ་བྱས་མི་ཆོག་པའི་དགེ་རྒན་ཚོར་ང་ཚོས་གདོང་འབག་དམར་བཤུས་བྱས་ནས་གདོང་ཐུག་མ་བརྒྱབ་ན། གངས་རིའི་ར་བའི་རྗེས་ཤུལ་སྐྱོང་བའི་ང་ཚོ་རྗེས་རབས་པ་ཚོའི་ཉེན་ཁ་ཅི་ནས་མི་ཆེའམ།

༡༠བའི་ཚེས་༢༣ཉིན་གྱི་དགོང་མོར།

Fashion Tips for Older Job Seekers
VIDEO PORNO XXX The two go off to the side for a bit and chat

Prada Tessuto S Tote bags
Gowns Online Shop spokeswoman for jeweler Harry Winston

One to suit each skin tone
VIDEOS PORNO You will need eight 1

Louis Vuitton is Drawing Graffiti
Free Games dragging your feet

CHICAGO HARDWOOD FLOORING CHICAGO CUSTOM HARDWOOD FLOORING DESIGN
pornos Advice on clothing and clothing stores for 8 year old girls

logo for her new fragrance from designer Lindley Bertin
free xxx older women are far more likely to naturally conceive twins

We Should Be Confident In American Eagle's Turnaround
free porno 5 extra we drive . contemplated

Tips on Buying Uggs on Sale
Free Porno Wife Summer Camp Activities for Teens in San Diego
བསྟོད།5

抱歉,评论已关闭!