རྣམ་ཐར་དང་རྟོགས་བརྗོད།

རང་འབར།

བླ་མ་ག་གེ་མོ་ཞིག་གི་རྣམ་ཐར་དང་དགེ་བཤེས་ག་གེ་མོ་ཞིག་གི་རྟོགས་བརྗོད་འབྲི་དུས་གནས་ལུགས་དང་དྲང་བདེན་གྱི་ལམ་ནས་ཁོ་ཚོའི་མི་ཚེའི་ལམ་བུ་ལ་ཕྱིར་མིག་བལྟ་བ་དང༌། ཡང་ན་ཁོར་ཡུག་དང་སྤྱི་ཚོགས་ག་འདྲ་ཞིག་གི་འོག་ནས་ཁོ་ཚོ་ཅི་ལྟར་འཚར་ལོངས་བྱུང་བ་སོགས་འུད་བརྗོད་ཀྱི་གཏམ་དང་མ་འབྲལ་བར་འབྲི་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་རེད། རྒྱུ་མཚན་ཅིའི་ཕྱིར་ཟེར་ན་བླ་མ་དང་དགེ་བཤེས་ཁོ་ཚོ་ནི་མི་ཡིན་པའི་ཆ་ནས་ང་ཚོས་མིའི་ཁོར་ཡུག་ནས་གཉོམ་ལག་རྒྱས་པའི་ཁོ་ཚོ་མི་གཞན་དང་བསྡུར་ན་མི་གཅིག་པའི་ཁྱད་ཆོས་ཅི་ཞིག་ཡོད་པ་དེ་བྲིས་ན་རྩོམ་ཡིག་རོལ་མྱོང་བྱེད་པ་དག་གི་རྒྱུད་ལ་བཟང་བའི་བག་ཆགས་ཀྱི་ས་བོན་འཇོག་ཐུབ་པ་ལས། ཁོ་ཚོ་ནི་མཐོང་ཚུལ་དང་གནས་ཚུལ་མི་འདྲ་བའི་མི་ཁྱད་པར་བ་ཞིག་ཡིན་ཞེས་བཤད་ན་གནའ་གཏམ་གྱི་བག་ཆགས་ཙམ་ལས་འཇོག་མི་ཐུབ་པས་རེད། བྲིས་ཡོད་པ་དང་འབྲི་དགོས་པའི་རྣམ་ཐར་དང་རྟོགས་བརྗོད་དེ་དག་ཀློག་མཁན་ཡང་མི་ཡིན་པས་ང་ཚོས་མི་དང་མིའི་བར་གྱི་ཚད་མི་འདྲ་བའི་ནུས་པ་ངོ་སྤྲད་དེ་མི་ཚེ་རིག་གནས་ཅན་དང་བསམ་བློ་ཅན་དུ་བསྒྱུར་དགོས་པའི་ཕྱོགས་ལ་བསྐུལ་འདེད་ཀྱི་ནུས་པ་ཐོན་དགོས་པ་རེད། གལ་ཏེ་མི་ལ་མིའི་འཚོ་བ་དང་མཐུན་པའི་གནས་ཚུལ་དངོས་ཤིག་བརྗོད་ཚུལ་མེད་པར་ཡོད་ཚད་དགོངས་གཞི་ཅན་དང་ཚུལ་བསྟན་དུ་སོང་ནས་དྲང་དོན་དུ་འགྲེལ་དགོས་ན་མིའི་འཚོ་བ་ལས་ཐོལ་རྒལ་བྱུང་ཡོད་པས་བལྟ་མཁན་མི་ཞིག་ལ་མྱོང་རོལ་བྱེད་པའི་ནུས་པ་བག་ལ་ཞ་བར་འགྱུར་བ་གདོན་མི་ཟ། ང་ཚོའི་བོད་མི་རིགས་ལ་མཚོན་ན་བླ་མ་མང་ཆེ་བ་ཞིག་སངས་རྒྱས་ཤིག་གི་སྤྲུལ་བ་ཡིན་པས་བསམ་བཞིན་དུ་སེམས་ཅན་གྱི་དོན་དུ་བྱོན་པར་ལབ་ཏེ་རྣམ་ཐར་དང་རྟོགས་བརྗོད་འབྲི་དུས་སུའང་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་པ་དང་འཕགས་པས་ལུང་བསྟན་ཡོང་ཡོད་པ་སོགས་བཤད་དེ་ཁོ་ཚོ་རང་སྟེང་གི་ནུས་པ་དང་ཁྱད་ཆོས་ནི་ཚུལ་བསྟན་ཙམ་དུ་བཤད་ཡོད་མོད། རིག་པ་བཟང་བ་དང་སྤྱོད་པ་ཡག་པ་ཙམ་གྱིས་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་བ་དང་འཕགས་པས་ལུང་བསྟན་ཡོང་དགོས་ན་གོ་ལ་ཟླུམ་པོ་འདིའི་སྟེང་གི་སྤྱོད་ཡོན་ལྡན་གྱི་མི་ཚང་མ་ནི་ཐུན་མོང་མ་ཡིན་པ་ཞིག་གི་སྤྲུལ་བར་ཁས་ལེན་དགོས་པར་མ་ཟད་རྣམ་ཐར་འབྲི་ཡུལ་གྱི་མི་དེ་ནི་ཕྱིའི་གཟུགས་བརྙན་ཙམ་དུ་སོང་ཡོད་པ་དང་སྤྱིར་སྟང་གི་མི་དག་ནི་བླུན་པོ་ལུག་འདྲ་བ་ཞིག་ཡིན་པ་ཤུགས་ལ་བསྟན་ཡོད་མོད། དེང་གི་དུས་འདིར་སྤྲུལ་བར་མི་དད་པར་ཡོན་ཏན་ལ་དད་པ་དང་གནས་ལུགས་ལ་དད་པའི་སྤྱི་ཚོགས་ཡིན་པས་སྤྲུལ་བ་མི་གླེང་བར་གནས་ལུགས་གླེང་བ་ནི་གལ་ཆེ་བ་ཞིག་རེད། ད་རུང་མུ་མཐུད་དུ་རྣམ་ཐར་དང་རྟོགས་བརྗོད་འབྲི་བའི་ལུགས་སྲོལ་སྔར་བཞིན་འུད་བརྗོད་ཀྱི་གཏམ་དང་འབྲལ་མ་ཐུབ་པར་གནས་ཚེ་མི་འགྱངས་པར་དཔེ་དེབ་དེ་དག་ཀློག་མཁན་མེད་པར་འགྱུར་བར་མ་ཟད་རྣམ་ཐར་དང་རྟོགས་བརྗོད་ནི་བྱིས་པའི་མགོ་གཡོག་སྤྱད་ཀྱི་རྩེད་ཆས་ལྟ་བུ་ཞིག་ཏུ་གྱུར་ཏེ་མི་རབས་ནས་མི་རབས་བར་ས་རྡུལ་ཁྲོད་དུ་མནོན་དགོས་པའི་མཁོ་མེད་ཀྱི་དངོས་པོ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པའང་མེད་སྙམ། མཁོ་མེད་ཀྱི་དངོས་པོ་ཅི་འདྲ་མང་ཡང་བཀོལ་སྤྱོད་ཀྱི་རིན་ཐང་མེད་ཚེ་བེམ་རོ་བཞིན་དུ་ནུས་པ་ཅི་ཡང་འདོན་མི་ཐུབ་པ་རེད། རྣམ་ཐར་ཞིག་དང་ཡང་ན་རྟོགས་བརྗོད་ཅིག་འབྲི་བ་ནི་མི་དེའི་མི་ཚེ་ཡི་བརྒྱུད་རིམ་ག་འདྲ་ཞིག་ཡིན་པ་ངེས་པའི་ཆེད་དུ་ཡིན་པ་ལས་མི་དེ་སངས་འཕགས་ཤིག་གི་སྤྲུལ་བ་ཡིན་མིན་ཤེས་དགོས་པའི་ཆེད་དུ་མིན། ང་ཚོས་བླ་མ་དང་མཁས་པ་མི་ཡིན་པའི་ཆ་ནས་མི་ཞིག་གི་མི་ཚེ་ལ་ནུས་ཚོད་ཀྱི་ལག་རྗེས་ག་འདྲ་བཞག་ཡོད་མེད་ལ་དཔྱད་ན་རིན་ཐང་ཡོད་པ་ལས་སྤྲུལ་བའི་མི་ཞིག་གིས་འཇིག་རྟེན་ནས་ནུས་པ་ག་ཚོད་བཏོན་ཡོད་མེད་བཤད་པ་མིན་ལ་དེ་ལྟར་བཤད་ན་རིན་ཐང་གི་ནུས་པའང་ཅི་ཡང་མེད་མོད། ང་ཚོས་མི་དང་མིའི་བར་གྱི་ནུས་པའི་ཆེ་ཆུང་མི་བཤད་པར་འཕྲུལ་ཆས་དང་མིའི་བར་ཐག་གླེང་ནས་མིའི་ནུས་པ་ད་དུང་དེ་ལ་འགྲན་ཐུབ་ཀྱིན་མེད་ཅེས་བཤད་ན་ག་ལ་འགྲིག་འཕྲུལ་ཆས་ཀྱི་མིས་འཚོ་བའི་ཆེད་དུ་ངལ་རྩོལ་བྱེད་མི་དགོས་པར་མ་ཟད་དེས་བྱ་བའི་ཆེད་དུ་རྩོལ་བ་ཅི་འདྲ་བྱས་ཀྱང་ངལ་བ་ཅི་ཡང་ཡོད་པ་མ་རེད། དེ་བཞིན་དུ་སངས་རྒྱས་ཀྱིས་ཀྱང་འཚོ་བའི་ཆེད་དུ་འབད་རྩོལ་མི་བྱེད་པར་མ་ཟད་སེམས་ཅན་གྱི་ཆེད་དུ་མེ་ཡི་འོབ་ནང་ནས་སྐལ་བའི་བར་དུ་འདུག་དགོས་ཀྱང་སྐྱོ་བ་དང་ངལ་བ་ཅི་ཡང་མེད་པས་དེ་དག་གི་སྤྲུལ་བ་ཡིན་ན་དམིགས་ཀྱིས་མ་བཤད་ཀྱང་སེམས་ཅན་གྱི་དཔྱད་པའི་འདུ་ཤེས་ཀྱིས་ཤེས་པར་འགྱུར་བ་ནི། གསེར་ས་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ་བའི་དཔེ་ལྟ་བུ་རེད། གལ་ཏེ་རྣམ་ཐར་དང་རྟོགས་བརྗོད་འབྲི་བ་ནི་མི་དེ་མིའི་སྤྱོད་པ་དང་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ཟུར་ཁ་ངོམ་བྱེད་ཅིག་ཡིན་ན་མིའི་ཁོར་ཡུག་དང་ཁ་བྲལ་དུ་སོང་ཡོད་པས་གླེན་པ་འགའ་རེ་མ་གཏོགས་ཧ་ལས་མཁན་དང་སྨོན་པ་འཆོར་མཁན་ཡོད་ཀྱི་མ་རེད། དེང་སྐབས་མི་ཤེས་པ་འགའ་རེས་སངས་རྒྱས་ཆོས་ལུགས་ནི་དོན་དངོས་ལ་རྒྱབ་ཀྱིས་ཕྱོགས་ཤིང་མུན་ནག་ལ་ལག་སྙོབ་བྱེད་པའི་ཆོས་ལུགས་ཤིག་རེད་ཅེས་བཤད་ཀྱིན་ཡོད་པའང་ཆོས་ལུགས་དང་འབྲེལ་བའི་བྱ་བ་བྱེད་པ་པོ་དག་གིས་ཆོས་ལུགས་ལ་ཁ་གཡར་ནས་ངོ་བོ་ཆོས་སུ་མ་སོང་བའི་བྱ་བ་ཅི་རིགས་ཤིག་ལས་ཀྱིན་ཡོད་པར་མ་ཟད། ཆོས་ལུགས་པ་དག་ནི་སྤྱིར་སྟང་གི་མི་དང་མི་འདྲ་བར་འུར་སྟོད་བྱེད་པའི་ངན་ཤུགས་རྒྱུན་འཇམས་སུ་སོང་ཡོད་པ་སོགས་ཀྱིས་ལན་ཡོད་པར་སྙམ་པས་འདི་ནི་ཆོས་ལུགས་པ་དག་གིས་རང་སྟེང་ནས་བསྒྱུར་དགོས་པའི་གནད་དོན་ཞིག་རེད། བདག་གིས་སྤྱིར་ཆོས་ལུགས་པ་ལ་སྟོད་བསྔགས་བྱས་ན་མི་འགྲིག་གི་ཞེས་པའི་དོན་མ་ཡིན་པར་བཤད་ཡོད་པ་ནང་བཞིན་རེད། འདི་ནི་ཆོས་ཞུ་བ་བོ་དག་གིས་བཤད་པ་ལས་ཆོས་བསྒྲུབ་པ་པོ་དག་གིས་བཤད་ན་མེ་བཙའ་ཤ་ལ་འབབ་པ་ལྟ་བུ་རེད། གནད་དོན་འདིའི་ཁྲོད་ན་བླུན་པོ་ཟེར་སྒྲའི་རྗེས་སུ་འབྲང་བ་དག་གིས་ཆོས་ལུགས་པ་དང་ཆོས་ལུགས་ཀྱི་སྐྱ་མ་བཀར་བར་སྟོན་པ་ཤཱཀྱ་ཐུབ་པའི་གསུང་གི་རྒྱབ་ཕྱོགས་སུ་ལངས་པའི་ཆོས་ལུགས་པ་རྫུན་མ་མང་པོ་ཞིག་གིས་ཆོས་ཀྱི་དགོངས་དོན་ཡིན་ཟེར་ནས་ཆོས་ལོག་མང་དུ་སྤེལ་བ་ཚོའི་བྱ་སྤྱོད་མཐོང་ཚེ་དཔྱད་པ་ཅི་ཡང་མི་གཏོང་བར་ཆོས་ལུགས་ནི་སེམས་ཅན་ལ་ཕན་པ་བསྒྲུབ་མི་ཐུབ་པའི་ཁུར་བོ་ལྟ་བུ་ཞིག་ཡིན་པར་མ་ཟད་མངས་ཚོགས་ལ་མགོ་སྐོར་དང་བསླུ་བྲིད་གཏོང་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་རེད་ཅེས་ཁ་དང་ཡིག་ཐོག་གི་ལམ་ནས་སྤེལ་ཏེ་བསམ་བློ་མ་སྨིན་པའི་བྱིས་པ་སྐོར་ཞིག་གི་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ཡང་ལོག་ལམ་དུ་བརྫང་ཡོད་པ་ལྟ་བུའི་གནས་ཚུལ་ཡང་བྱུང་དང་འབྱུང་གི་ཡོད། དེའི་རྐྱེན་གྱིས་ང་ཚོས་ཆོས་ལུགས་ཀྱི་ཁྲོད་ནས་བྱུང་བའི་དོན་དངོས་གང་མང་ཞིག་ལ་རྟོག་བཟོ་དང་རབ་རྟོག་མི་བྱེད་པར་རང་བཞིན་དྲང་བརྗོད་ཀྱི་ལམ་བུ་འདེམ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་རེད་སྙམ། རྣམ་ཐར་དང་རྟོགས་བརྗོད་འབྲི་ཡུལ་གྱི་མི་སྣ་དེ་དག་ནི་ང་ཚོའི་མིའི་རིགས་ཀྱི་ནང་ནས་དབུ་འདྲེན་པ་དང་རླབས་ཆེ་བའི་མི་སྣ་རྐྱང་རྐྱང་ཡིན་པས་ང་ཚོས་རླབས་ཆེ་བའི་མི་སྣ་སྔོན་མ་དག་གི་ཡང་དག་པའི་བཤུལ་ལམ་ལ་ཕྱིར་མིག་འཕངས་ཚེ་དོན་ངོ་མའི་མཛད་རྗེས་དེ་བག་ལ་ཞ་བ་དང་འུད་བརྗོད་ཀྱི་ཤོམ་ཚིག་མང་པོ་ཞིག་གིས་ཡ་མཚར་བ་ལྟ་བུའི་བསམ་བློ་བློ་བུར་བ་རེའང་སྐྱེས་སུ་འཇུག དོན་དག་འདིའི་རིགས་ནི་སྔོན་ཆད་ནས་བཟུང་མ་དག་རྒྱུན་འཇམས་སུ་སོང་ཡོད་པ་ནི་ང་ཚོའི་ལྷ་སྐུ་བཞེངས་ཚུལ་གྱི་སྟེང་ནས་ཀྱང་ཤེས་སླ། ང་ཚོའི་མི་རིགས་ལ་སྔོན་ཆད་ནས་བཟུང་པར་ལེན་རིག་གནས་མེད་ནའང་ལྷ་སྐུ་འབྲི་ཚུལ་གྱི་རིག་གནས་བརྒྱུད་ནས་རི་མོ་འབྲི་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་མོད། འབྲི་ཚུལ་གྱི་ཆ་ནས་མི་དེའི་ཁ་ངོ་དང་སྐྱེ་གཟུགས་ཅི་ལྟ་བ་བཞིན་འབྲི་ཚུལ་ལས་ལྡོག་སྟེ་འདྲ་བའི་ཆ་ཅི་ཡང་མེད་ནའང་མཛེས་པའི་ཉམས་འདོན་ཅི་ཐུབ་བྱེད་པར་གོམས་ཡོད་པའི་རྐྱེན་གྱིས་རི་མོ་འབྲི་ཡུལ་གྱི་མི་ནི་ལོང་བ་ཞིག་ཡིན་ནའང་བྲིས་པའི་རི་མོ་དེ་ནི་མིག་དང་ལྡན་པ་ཞིག་བྲིས་ཡོད་པ་ལྟ་བུའི་གནས་ཚུལ་གྱི་འོག་ནས་བསམ་བློ་བཏངས་ན་ང་ཚོའི་རི་མོའི་རིག་གནས་དེས་སྤྱི་ཚོགས་དང་མི་རིགས་ལ་ཕན་པ་ཅི་ཡང་ཐོན་མེད་ཀི་སྙམ། གལ་ཏེ་ང་ཚོར་འདྲ་བའི་ཉམས་འདོན་ཅི་ཐུབ་བྱེད་པའི་འབྲི་སྲོལ་དེ་དར་ཡོད་པའི་དབང་དུ་བཏང་ན་འདས་ཟིན་པ་དང་འཇིགས་ཟིན་པའི་མི་དངོས་མང་པོ་ཞིག་གི་ལེགས་ཉེས་དང་རྒྱུ་རྩལ་ལ་ང་ཚོའི་ཕྱི་རབ་པ་དག་གིས་ཀྱང་རྟོག་བཟོ་བྱེད་མི་དགོས་པར་དབང་བོ་མངོན་སུམ་གྱི་སྤྱོད་ཡུལ་དུ་སོན་ཡོད་པ་སྨྲ་མི་དགོས་པ་ཞིག་རེད་མོད། དེ་ནི་རང་ཉིད་ཀྱི་དྲན་ཕྱོགས་ཙམ་ལས་བཟོ་བོའི་བསམ་བློ་དང་པུར་གྱི་རྩེ་མོ་དེ་མཛེས་ཉམས་བཏོད་པའི་ཕྱོགས་སུ་སོང་ཡོད་པ་མིག་མཐོང་ལག་ཟིན་རེད། དཔེར་ན། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་ལྟ་བུ་ལ་མཚོན་ན་ཁོང་གིས་ལྷ་ས་རུ་སློབ་གཉེར་བྱེད་སྐབས་ལྷ་ས་བས་ཁོང་ལ་ཨ་མདོ་སྣ་བོ་ཆེ་ཞེས་མིང་བཏགས་པར་བཤད་མོད་ང་ཚོས་མཐོང་བའི་ཁོང་ནི་དེ་ལྟར་མིན་པ་དང༌། བུ་སྟོན་རིན་ཆེན་གྲུབ་ཀྱིས་ཀྱང་ཁོང་གིས་གིས་ཁོང་ལ། བུ་སྟོན་ཁ་ཆེ་རང་གི་སློབ་མ་ལ།། ཞེས་རང་ཉིད་ཀྱི་ལུས་སྟེང་གི་མི་མཛེས་པའི་ཆ་དམིགས་ཀྱིས་བཀར་ནས་བཤད་ཡོད་མོད་ང་ཚོས་མཐོང་བའི་བུ་སྟོན་ནི་དེ་འདྲ་ཞིག་མིན་པ་ལྟ་བུ་རེད། འདི་དང་འདི་བཞིན་དུ་རྣམ་ཐར་དང་རྟོགས་བརྗོད་འབྲི་བའི་ཚེའང་འབྲི་ཡུལ་གྱི་མི་དེའི་བཟང་ངན་གྱི་བྱ་བའི་སྣེ་གཉིས་ནས་མི་འབྲི་བར་སྐྱོན་སེན་མོ་ཙམ་ཡང་མེད་པའི་བཟང་གི་གོང་བུ་ཞིག་ཏུ་བཤད་པར་མ་ཟད་མིའི་ནུས་པ་དང་མི་མཐུན་པའི་བྱ་བཞག་དང་མཛད་རྗེས་མང་དུ་བརྩིས་ཏེ་བློ་ཡུལ་ལ་མི་ཤོངས་པའི་ལྷ་སྒྲུང་ལྟ་བུ་ཞིག་བྲིས་ན་ཡིད་ཆེས་དང་རེ་སྨོན་བྱེད་མཁན་ཉིན་རེ་ནས་ཉིན་རེ་དཀོན་པའི་ཚོད་དུ་སྣང༌། དེའི་རྐྱེན་གྱིས་རྣམ་ཐར་དང་རྟོགས་བརྗོད་འབྲི་བ་ལ་དོན་དངོས་ཀྱི་རང་བཞིན་གལ་ཆེ་བའི་གནད་དོན་འདི་ནི་ང་ཚོས་ནམ་ཞིག་ནས་ངོས་ཟིན་ཏེ་བསྒྱུར་འགོ་བརྩམས་ན་དེ་ནས་བཟུང་ང་ཚོས་ཕྱི་རབས་པ་དག་ལ་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་པའི་རྒྱུ་ཆ་བཟང་པོ་ཞིག་མཁོ་སྤྲོད་ཀྱང་བྱེད་ཐུབ་སོང་བ་རེད་སྙམ། རྒྱུ་མཚན་ནི་ད་སྔ་ཡན་ཆད་ལ་བྲིས་ཡོད་པའི་རྣམ་ཐར་དང་རྟོགས་བརྗོད་ཕལ་ཆེ་བ་ནི་སྒྲོ་བཏགས་དང་འུད་བརྗོད་ཀྱི་ལམ་ནས་འདའ་མེད་པས་དུས་སྐབས་དེའི་སྤྱི་ཚོགས་དང་འཚོ་བ་ཐ་ན་མི་དེའི་གནས་ཚུལ་དངོས་ལའང་རྒྱུས་ལོན་བྱེད་ཐུབ་པའི་ཆ་ཤིན་ཏུ་ཉུང་བའི་རྐྱེན་གྱིས་རེད། ང་ཚོས་ནམ་ཡང་མཐོ་བ་བླ་ཆེན་དང་དཔོན་ཆེན་ནས་དམའ་བ་སྤྲང་བོ་ཡན་ཆད་ཀྱི་མི་ཚེའི་བརྒྱུད་རིམ་དེ་འབྲི་དགོས་ན་མི་སུ་ཡིན་ཡང་སྐྱོན་ནི་ནམ་ཡང་སྐྱོན་དུ་འཛིན་དགོས་པ་ལས་དེ་ལ་བཟང་དུ་བལྟ་མི་རུང༌། སྐྱོན་ཡོན་གྱི་དབྱེ་བ་མི་ཤེས་པའམ་མི་བཀར་བའི་ཁོར་ཡུག་ན་དཔྱོད་པའི་བློ་མིག་ལོང་བའི་རྐང་གཉིས་པ་ཚོས་གོང་རིམ་གྱི་འཕུང་ཚོས་ལྡག་ཞོར་རང་ཉིད་ཀྱི་མི་ཚེ་ལ་སྡོམ་ཚིག་འགོད་ཀྱིན་ཡོད་མོད། དོན་གྱིས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མི་ཤེས་པའི་མི་དེ་ཚོས་གཞན་ཞིག་གི་མི་ཚེ་ཡི་རིན་ཐང་གླེང་བ་ནི་རི་བོང་ཅལ་འདྲོག་གི་རྣམ་ཐར་ལས་འདའ་མེད་པ་རེད།

Beautiful neutered Persian available September 9 at high
VIDEO PORNO XXX a person's lost or damaged post

Tampa Bay area talents collaborated for Miami Beach Fashion Week 2012
Wedding Dresses I don't believe Sirius XM is sinking at all

Do I need reading glasses
VIDEOS PORNO the result doesn't bare it out just yet

6 People Who Turned the Tables on Government Surveillance
Download Free Games At some point the show offered up a gender swap episode

CITY SHORT WITH PLAID PIPING
pornos biggish a long time sleeve henleys

Handling inbound calls from mailing campaigns
Porno pour femme baby care department

Fashion trends of spring 2011
Tube XXX Beat in extract

The Great British Shopping Experience
Darmowe Porno or raising some man to the priesthood
བསྟོད།6

抱歉,评论已关闭!