རྒྱང་འཕེན་པ་དཀར་འདོན་བྱེད་རྒྱུ་ཡོད་དམ།

ཨ་རིག་དགེ་མཐོང་།

སྤྱིར་བཏང་བོད་ཡིག་ལ་དུང་བ་དང་བོད་སྐད་ལ་འབད་ན་ངའི་སེམས་ངོགས་ན་མི་དེ་ནི་གྲོགས་པོ་ཡག་ཤོས་ཤིག་གི་ཚད་ནས་བཞག་ཡོད། ད་དུང་བོད་ཡིག་དག་མ་འབྲི་བ་དང་བོད་རང་གི་སྐད་ཡིག་ཐོག་ནས་བཟོས་བའི་དྲ་རྒྱ་ཁག་ཏུ་སྐོར་ཉུལ་བྱེད་མཁན་ཚོ་ལ་བོད་པ་ཞིག་གི་ངོས་ཐད་ནས་དུང་ཞེན་ལོས་ཡོད། དེ་འདྲའི་དུང་ཞེན་ནི་ཕྱོགས་ཞེན་ཡིན་མིན་ངས་མི་ཤེས་པའི་དྲི་བ་ཞིག་རེད། གསལ་བཤད་ཅིག་ལ། ངས་དེ་རིང་འདིར་གླེང་རྒྱུ་ནི་རྣོ་སྦྲེང་གི་དཔེ་དེབ་དེའི་སྐོར་ལས་ཁ་བྱང་དང་ཁོའི་བསམ་བློའི་ཆ་དགག་འདོད་པ་ལབ་ན་མི་འོས་ཀྱང་བསམ་འཆར་འབྲི་འདོད་ནི་ཡིན། ད་དུང་དེང་རབས་པར་རློམ་མཁན་གྱི་བོད་ཀྱི་ན་གཞོན་སྐྱལ་སྟོང་འགའ་ལ་བརྡ་ཞིག་ཞོར་ནས་བརྒྱབས་པ་ལས། ཁོང་ནི་ལེགས་པའི་ཕྱོགས་ནས་བརྩི་རྒྱུ་མེད་པའི་རྩོམ་པ་པོ་ཞིག་ནི་མ་ཡིན་ནོ། ། དེ་རིང་སྐྱོན་གྱི་སྐོར་ནས་གླེང་རྒྱུ་དང་། དེ་ཡང་བཟོད་སྒོམ་དང་གུ་ཡངས་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་གི་ཕན་ཚུན་ལ་བགྲོ་གླེང་ལྟ་བུ་བྱེད་པ་ལས། ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་ཅིག་མིན། ངས་འབྲི་བཞིན་པ་འདིའི་ནང་དུ་མཁས་དབང་མང་བོ་ཞིག་གི་བཀའ་གསུང་བསྡུས་ཡོད་པ་ལས། གསར་དུ་བདག་སེམས་ལ་ལེགས་བཤད་གསར་བ་ཞིག་སྐྱེས་པ་ནི་ག་ལ་ཡིན། རྣོ་སྦྲེང་གིས་ཀློག་པ་པོ་དང་རྩོམ་པ་པོའི་བར་དུ་ཁ་བརྡ་བྱེད་རྒྱུའི་དུས་ཚོད་ཅིག་སྤྲད་པ་ནི་ཕྱོགས་གཅིག་ནས་དངོས་གནས་དེང་སང་གི་འགྲོ་སྟངས་རང་རེད། དེ་ནི་ངེས་པར་དགོས་པའི་བྱ་བ་ལེགས་པོ་ཞིག་དང་། ཕྱོགས་གཅིག་ནས་ཁ་མཐུན་འགའ་རེ་འཚོགས་ནས་ཕན་ཚུན་ལ་ངོ་བསྟོད་ཀྱི་ལེའུ་སྐྱུར་མོ་ཞིག་བསྐྲུན་པ་རེད། གསར་བསྒྲགས་དེ་ཞོགས་ལྗང་གི་ཟིན་བྲིས་སུ་སྤེལ་འདུག་ན་ཡང་། སྐབས་དེར་ཁོ་བོ་ཟླ་གཅིག་རིང་འཇང་དགུན་ཆོས་སུ་འགྲོ་དགོས་བྱུང་བས་དུས་ལྟར་མ་མཐོང་། དེ་མིན་འཕྲིན་ལམ་ནས་དྲི་བ་འགའ་དྲིས་ན་ལན་ཏན་ཏན་ཡོད་སྲིད། དེ་རིང་བར་དུ་དྲ་ལམ་ནས་དེབ་དེ་ཆ་ཚང་ཞིག་ཀློག་རྒྱུའི་གོ་སྐབས་ལ་སྒུག་ཀྱང་དེ་འདྲའི་རེ་བ་ནི་སྟོང་ཟད་དུ་གྱུར། འོན་ཀྱང་། རྩོམ་དེབ་ཀྱི་ཁ་བྱང་ཙམ་ལས་ཀློག་འདོད་སྐྱེས། དེ་ནི་ང་རང་ཆུང་དུས་ནས་དགོན་སྡེའི་ཆོས་སྒོར་ཞུགས་ཤིང་ནང་བསྟན་གྱི་མཚན་ཉིད་སྐོར་ལ་ཆེད་སྦྱོང་བྱས་པའི་བག་ཆགས་ཡིན་རྒྱུ་རེད། ལྷག་པར་བོད་གཞིས་བྱེས་གཉིས་སུ་འཇང་དགུན་ཆོས་ལ་སོང་དུས་ཚད་མའི་སྐོར་གླེང་། སྐབས་དེར་ཕྱོགས་སྔ་མའི་གཙོ་བོ་གཅིག་ནི་རྒྱང་འཕེན་པ་རེད། མིང་དེ་ནི་གོ་མྱོང་ཞིག་དང་མིང་དྲན་པ་ཙམ་གྱིས་ཕྱི་རོལ་བའོ་སྙམ་པའི་བློ་སྐྱེས་ངེས་རེད། རྣོ་སྦྲེང་ནི་གྲྭ་ལོག་ཞིག་ཡིན་རབས་གོ་མྱོང་ལས་ད་རེས་ཁོང་གིས་དཔྱད་རྩོམ་ཡག་པོ་ཞིག་བྲིས་ཡོད་པ་འདྲ་དྲན། འོན་ཀྱང་། ཁོང་གི་རྩོམ་གྲོགས་འགའ་རེས་དཔེ་དེབ་ངོ་སྤྲོད་ལས་དེ་འདྲ་མིན་པ་ཧ་གོ་ནས་ཁོ་ལ་དྲི་བའི་ཚུལ་གྱི་གཏམ་འགའ་གླེང་བར་སྤྲོ། ཐོག་མར་ཉིད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ལས་རྒྱང་འཕེན་པའི་སྐོར་ཤེས་ཨེ་ཡོད་སྙམ་པའི་དོགས་པ་བྱུང་། དོགས་པ་དེའི་ཐད་ནས་འདྲི་རྒྱུ་ཞིག་ལ། གཅིག རྒྱང་འཕེན་པ་ལབ་ན་མང་བོ་ཞིག་ཡོད་པས་སུ་ཞིག་གི་ལྟ་བ་དང་སྤྱོད་པ་གཙོ་བོ་དང་སྙིང་སྟོབས་གཙིགས་སུ་བཟུང་ཡོད། གཉིས། རྒྱང་འཕེན་པའི་སྙིང་སྟོབས་ལབ་ན་ཅི་འདྲ་ཞིག་ལ་འདོད། ལྟ་བ་ལ་འདོད་ཀྱིན་ཡོད་ན་དེའི་ཁ་གཏད་ཀྱི་ལྟ་བ་དེ་ཚོ་ཤེས་སམ། སྒྲུབ་ཕྱོགས་མ་ཤེས་པར་དགག་ཕྱོགས་ཤེས་མི་ནུས་པས་ལབ་ཡིན། གལ་སྲིད་རྒྱང་འཕེན་པའི་ལྟ་གྲུབ་དང་སྙིང་སྟོབས་དེ་ཤེས་ཤིང་ཡིད་ཆེས་ནི་ཞིག་ཡིན་ན་སྟོན་པའི་ལྟ་གྲུབ་དང་རྗེས་འཇུག་པ་ཚོ་ཁ་ཕྱིན་ཅི་ལོག་ཅིག་ཏུ་རང་བཞིན་གྱིས་བལྟ་དགོས། དེ་ལྟར་འདོད་ན་གནས་ཚུལ་ཁ་ཁ་རེད།

ཁོ་བོས་ཁྱེད་ཀྱི་མི་གཞི་ལ་མཐོང་ཆུང་དང་དམའ་འབབ་བྱེད་འདོད་ནི་མིན་ཡང་། ཉིད་ཀྱིས་སྔ་ཕྱིར་བྲིས་པའི་རྩོམ་ཡིག་ཀློག་ན་ནང་ཆོས་ཕྱོགས་ནས་ང་ལས་སྐྱོ་བ་ཧ་གོ་གི དེ་འདྲ་ཞིག་གིས་ཚད་མཐོ་པའི་ལྟ་གྲུབ་ཅིག་གླེང་རྒྱུ་ལབ་ན་དངོས་གནས་དགོད་སྤྲོ་པའི་གཏམ་རང་རེད། དེ་ཚོ་རྟོགས་ཡོད་ན་ཉིད་ཀྱིས་བོད་མི་ཚོ་ལ་གསེག་འདྲུ་བ་ཙམ་ལས་ལྟ་གྲུབ་ཀྱི་སྒོར་ནས་མི་གླེང་དོན་ཅི ། དེ་ཚོ་མི་ཤེས་པར་རྒྱང་འཕེན་པ་ཟེར་བའི་སྐོར་ལོག་ལྟ་ལོག་ཅིག་ཡོད་པས་དེའི་ལྟ་བ་དང་སྙིང་སྟོབས་ལབ་ན།

དུས་སྙིགས་མའི་བོད་ཀྱི་ན་གཞོན་ནང་ཆོས་ལ་ཐོས་ལོ་ཙམ་ལས་མེད་ཀྱང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་མེད་རབས་ཟེར་ནི་ཚོ་དང་། ལྷག་པར་རྒྱ་རྒན་ཁག་ཅིག་དང་་མགོ་སེར་འགའ་རེའི་དཔེ་དེབ་ནི་ལེགས་བཤད་བླ་ན་མེད་པའོ་སྙམ་མཁན་དག་དགའ་རུ་འཇོག་འདོད་ནི་ཨེ་ཡིན། དེ་ཡིན་ན་དེ་ནི་གནས་ཚུལ་གཞན་ཞིག་གི་ངོས་ནས་བལྟ་རྒྱུ་ལས་ཁྱེད་ལ་ལེ་འདེད་ས་མེད།

གསུམ་པ། རྒྱང་འཕེན་པ་ཐེར་འདོན་བྱེད་འདོད་ཡོད་ན་དེའི་ལྟ་གྲུབ་ཕྱོགས་ནས་སྟོན་རྒྱུ་ལས་ཁ་ནས་རྒྱང་འཕེན་པ་ཐེར་འདོན་བྱས་པ་ཡིན། བོད་ཀྱི་མེས་པོ་གོང་མ་འགའ་རེ་དང་རྒྱ་གར་གྱི་བསམ་བློ་པ་ཁག་ཅིག་གིས་ནོར་འཁྲུལ་རེད་ཅེས་གནམ་ལྡིང་ས་ལྡིང་བྱས། རང་ཉིད་དང་བློ་ཁ་མཐུན་པའི་མྱི་སྐོར་ཞིག་སྐད་བཏང་ནས་ཆང་འཐུང་ཟ་མ་གང་ཞིམ་ཞིམ་ཟོས་ན་ཡང་རྒྱང་འཕེན་པ་ཐེར་འདོན་བྱེད་ག་ལ་ཐུབ། འོན་ཀྱང་དངོས་གནས་ཐེར་འདོན་བྱེད་བསམ་ན་རྒྱང་འཕེན་པའི་གྲུབ་མཐའ་ཁག་ཀློག་པ་དང་དེའི་དོན་དཔྱད། དེ་ནས་དེ་དང་གྲུབ་མཐའ་མི་མཐུན་པའི་ནང་བ་ཚོ་ལུང་རིགས་གང་རུང་ལས་དགག་ན་དེ་ནི་དོན་གྱི་ཐེར་འདོན་བྱས་པ་དང་དཀར་འདོན་བྱས་པ་རེད། བོད་ཀྱི་ན་གཞོན་ཁག་ཅིག་ལྷུན་དུ་འཛོམས་ནས་རྣོ་སྦྲེང་གིས་རྒྱང་འཕེན་པ་དཀར་འདོན་བྱས་པ་བཟང་གི་ཞེས་ཁྲི་ཕྲག་ལབ་ཀྱང་རང་ཉིད་ཚོ་མགོ་བསྐོར་ཞིག་ལས་ཅི་ཡང་མིན་ནོ། །རྗེས་སུ་ཁྱེད་ཀྱིས་རྒྱང་འཕེན་པ་ཐེར་འདོན་དང་དཀར་འདོན་བྱེད་ན། ངས་ཁྱེད་ལ་རྒྱང་འཕེན་པའི་སྐོར་གྱི་གནས་ཚུལ་རགས་བསྡུས་ཤིག་ས་བོན་གྱི་ཚུལ་དུ་ངོ་སྤྲོད་བྱེད། དེ་མིན་ཁ་ནས་འབྲུག་སྐད་འདྲ་ཞིག་གྲགས་ནས་ཁོག་ནས་དབུགས་ཆད་ལ་ཁད་བྱས་དུས་ཁྱེད་ངོ་མི་ཚ་ན་ཡང་ང་ངོ་ཚ་གི ན་གཞོན་གཡམ་རྒྱུགས་ལ་དགའ་ནི་ཚོས་ཉོན་དང་ངས་རྒྱང་འཕེན་པའི་སྐོར་བཤད། དེ་མིན་རྣོ་སྦྲེང་གིས་རྒྱང་འཕེན་པའི་སྙིང་སྟོབས་ཟེར་བའི་དེབ་ཀྱི་ཁ་བྱང་ཙམ་ལས་ཁྱེད་རང་ཚོའི་སེམས་སུ་རྒྱང་འཕེན་པའི་དོན་སྤྱི་ཙམ་ཡང་ཤར་ནི་མ་རེད། དེ་ལས་ངས་ཁྱེད་ཚོ་ལ་སྔོན་བྱོན་མཁས་དབང་ཁག་གི་བཀའ་གསུང་ལ་གཞི་བཅོལ་ཏེ་མདོར་བསྡུས་ཤིག་ཕན་སེམས་ཀྱི་ཀུན་སློང་བཟང་བོའི་སྟེང་ནས་བཤད།

ཡིད་གཟབ་ནན་གྱི་སྒོ་ནས་ཉན་མི་འདོད་ཀྱང་འུར་རྒྱག་འདོད་ན་མི་ཉན་རང་ཉན་དུ་འགྱུར་ངེས་པའི་ངའི་སྐད་ཆ་ནི་འདི་ལྟར།
རྒྱང་འཕེན་པའི་མིང་གི་སྐོར་གླེང་བ། རྒྱང་འཕེན་པའི་མིང་ལ་ཡོངས་གྲགས་སུ་དྲུག་ཡོད་པ་ལས། དང་པོ། ཚུར་རོལ་མཛེས་པ་བ། གཉིས་པ། ཆད་པར་སྨྲ་བ། གསུམ་པ།ལྷ་ཡི་བླ་མ། བཞི་བ། རྒྱང་འཕེན་པ། ལྔ་བ། མེད་པར་སྨྲ་བ། དྲུག་པ། རང་བཞིན་མེད་པར་སྨྲ་བ། གོང་སྨོས་ཀྱི་མིང་དྲུག་ལ་གཏམ་རྒྱུད་སྙན་མོ་དྲུག་ཡོད་ཀྱང་འདི་ནས་མི་གླེང་བར་གཤམ་ནས་སྐབས་བབ་དང་བསྟུན་ཏེ་གླེང་གི་ཡིན། དེ་ནས་རྒྱང་འཕེན་པ་དང་རྒྱང་པན་པ་ཞེས་པའི་མིང་གཉིས་བོད་ཀྱི་མཁས་པ་ཚོས་གསུངས་འདུག་ཀྱང་གཙོ་རྒྱུགས་ཆེ་བ་རྒྱང་འཕེན་པ་ཡིན་པས། མིང་དེ་འདོགས་པའི་རྒྱུ་མཚན་ནམ་སྒྲ་བཤད་ནི། བསྡུས་ན་འདི་ལྟར། རིགས་མཐུན་པའི་རྒྱུ་ལས་འབྲས་བུ་རིགས་མཐུན་འབྱུང་བ་དང་མི་མཐུན་པ་ལས་མི་འབྱུང་བའི་ལྟ་བ་ཡང་དག་དེ་རྒྱང་རིང་དུ་དོར་བའམ་འཕེན་པ་དང་། ལས་རྒྱུ་འབྲས་གཏན་ནས་མི་འདོད་པས་བཏགས་པའོ། །

སྤྱིར་བཏང་མུ་སྟེགས་པའི་གྲུབ་མཐའ་ལ་གཉིས་སུ་དྲང་ངེས་པ་ལས། གཅིག་ནི་ཆད་པར་སྨྲ་བའམ་རྒྱང་འཕེན་པའི་གྲུབ་མཐའ་ཡིན། གཞན་ནི་རྟག་པར་སྨྲ་བ་ལ་ཟེར་། དེ་ཡང་བརྒྱད་དུ་དྲང་ངེས་པའམ་འདུ། བརྒྱད་ནི། གྲངས་ཅན་པ། ཚངས་པ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་བཅས་བརྒྱད་དོ།། འདི་དག་དེ་རིང་གི་གླེང་བྱ་མིན་ནོ།། མིང་འདོགས་སྟངས་འདི་དང་ཐ་སྙད་སྦྱོར་སྟངས་འདི་ནི་ནང་བའི་གྲུབ་མཐའི་ཕྱོགས་ནས་བཏགས་པ་ཡིན་ཏེ། རྟག་མཐའ་དང་ཆད་མཐའ་ཟེར་བ་དེས་མཚོན་ཐུབ། མིང་འདི་ཚོ་འདོགས་མཁན་ནི་སྟོན་པ་དང་དེའི་རྗེས་འཇུག་པ་ཡིན་པར་གདོན་མི་ཟ། འོན་ཀྱང་བོད་ཀྱི་ཨ་ལགས་དུང་དཀར་སོགས་ཀྱིས་ནང་བ་ཚོས་མུ་སྟེགས་པའི་བྱེ་བྲག་རྒྱང་འཕེན་སོགས་ལ་དམའ་འབེབ་བྱས་ནས་བཏགས་པ་རེད་ཅེས་གསུང་འབུམ་ནང་དུ་འཁོད་འདུག དམའ་འབབ་རེད་ཟེར་བ་ནི་རྣམ་རྟོག་ཅིག་ལས་ནང་པ་ཞིག་གི་ངོས་ཐད་ནས་ཐ་སྙད་འཚམ་པོ་འདི་ལས་ལྷག་ཅིག་མ་རྙེད་པ་ཁོ་ཐག་རེད། དམའ་འབབ་ཡིན་མིན་ནི་གཙོ་བོ་མ་རེད། གལ་སྲིད་གཅིག་ཐེངས་ན་ཡིན་ཡང་སྲིད། ད་ནི་བོད་ཀྱི་ན་གཞོན་རྒྱང་འཕེན་པ་ཞེས་པའི་མིང་གོ་ནས་ཁོ་ཐེར་འདོན་བྱེད་རྒྱུ་ཡིན་ཟེར་ནས་འུར་རྒྱག་མཁན་དག་གིས་མཚན་གསར་བ་ཞིག་བཏགས་ཏེ་དཀར་འདོན་བྱས་ན། ང་ཚོས་ཀྱང་ལུང་རིགས་ཀྱིས་གནོད་པ་མེད་ཚེ་ཨུ་ཚུགས་བརྒྱབས་ནས་མི་འདུག་པར་ཁས་ལེན་རྐྱང་ཡིན། འུ་ཚོའི་སྟོན་པ་དང་དེའི་རྗེས་འཇུག་དག་གིས་ད་བར་དུ་ཐ་སྙད་འདི་ལས་མུ་སྟེགས་པ་རྒྱང་འཕེན་པ་སོགས་ལ་འདོགས་རྒྱུ་མ་རྙེད་དོ།། རྒྱང་འཕེན་བ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་རྣམ་རྟོག་གི་དབང་དུ་བྱས་པ། གསང་ཚིག་གི་དབང་དུ་བྱས་པ། ཆད་ལྟའི་དབང་དུ་བྱས་པ། གཞན་ལྟ་བའི་ཁྱད་པར་ལ་བཏགས་པའི་བཅུ་གཅིག་སོགས་མང་དུ་བཤད་ཚུལ་ཡོད་ཀྱང་དེ་ནི་རྒྱང་འཕེན་པ་དངོས་མ་ཡིན་པས་དེའི་ཐད་དུ་ངལ་བ་བྱེད་དོན་མ་མཆིས་སོ། ། ངོ་བོའི་སྒོ་ནས་གཉིས་སུ་འདོད་ལ། དེའི་སྟེང་ནས་གླེང་ན་འོས་འཚམས་རེད། རྒྱང་འཕེན་པ་ལ་སྐྱེ་བ་སྔ་ཕྱི་འདོད་ཀྱང་ལས་རྒྱུ་འབྲས་མི་འདོད་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ནས་གཏན་ནས་མི་འདོད་པ་གཉིས་ཡོད། ཁྱེད་ཅག་བོད་ཀྱི་ན་གཞོན་ནང་ཆོས་ཀྱི་གོ་རྟོགས་མེད་ཀྱང་ནང་ཆོས་ཀྱི་ཐ་སྙད་བེད་སྤྱོད་གཏོང་འདོད་པ་དང་དེའི་ཁ་མཐུན་གྲྭ་བ་ཁག་ཅིག་གིས་རྒྱང་འཕེན་པ་སོགས་དཀར་འདོན་བྱེད་རྒྱུ་དང་། གང་ཟག་གི་བདག་ཡོད་རབས། ལས་རྒྱུ་འབྲས་སོགས་ཁས་བླངས་པས་མི་རིགས་འདི་རྒུད་ནས་དོང་ཞབས་སུ་ལྷུང་སོང་བ་དང་། བླ་སྤྲུལ་དང་གྲྭ་བཙུན་མང་བས་བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་བརླག་ཚུལ། ལར་དེ་ཚོ་མེད་ན་ཏག་ཏག་མི་རིགས་འདི་ཡར་རྒྱས་དང་མི་མང་གི་རེ་འདོད་ངོ་མ་འགྲུབ་ས་རེད་སྙམ་མཁན་ཚོ་ལ་འདྲི་རྒྱུ་ཞིག་ཡོད། ཁྱེད་ཅག་གིས་རྒྱང་འཕེན་པ་དཀར་འདོན་བྱེད་ན་རྒྱང་འཕེན་པ་ཞེས་པའི་མིང་དེ་ཙམ་ལ་དཀར་འདོན་བྱེད་རིན་ཡོད་རྒྱུ་མ་རེད་བསམ། གལ་སྲིད་ཡོད་པའི་དབང་དུ་བཏང་ན། མིང་ཙམ་ལ་སྐྱོན་མེད་དེ། མིང་ལ་མཁས་དབང་ལབ་པ་ཙམ་གྱིས་མཁས་དབང་ཡིན་མི་དགོས་པ་དང་། མིང་ལ་སངས་རྒྱས་ཟེར་བ་ཙམ་གྱིས་སངས་རྒྱས་ཡིན་མི་དགོས་པ་གསལ་བོ་དང་། ད་དུང་བོད་ཀྱི་ན་གཞོན་ཀླད་གསར་ཚོ་ལབ་ན་ཀླད་གསར་ཡིན་མི་དགོས་ལ། བོད་ཀྱི་བླ་རྒན་ཀླད་རྙིང་ཚོ་ལབ་པ་ཙམ་གྱིས་ཀླད་རྙིང་དུ་མི་འགྱུར་བ་ནི་མངོན་སུམ་ཚད་གྲུབ་ཡིན་པས་དཔྱད་རྒྱུ་ཞིག་ཅང་མེད། དེས་ན་དྲ་གྲོགས་རྣོ་སྦྲེང་གིས་བརྩམས་པའི་རྒྱང་འཕེན་པའི་སྙིང་སྟོབས་ཟེར་བ་འདིས་དཀར་འདོན་བྱེད་ཚུལ་དེ་ལྟ་བའི་ཆ་ནས་ཡིན་པ་མཐའ་གཞན་བགག་པས་ཤེས་ནུས། ལྟ་བའི་ཆ་ནས་མིང་འདོགས་སྟངས་སྐབས་འདིར་བསྐྱར་གླེང་ཞིག་བྱེད་དགོས་བྱུང་། འཕགས་བོད་ཀྱི་མཁས་དབང་དང་དམངས་ཁྲོད་ཀྱི་ངག་རྒྱུན་དང་བསྟན་བཅོས་དག་ལ་མཇལ་སྐབས་འདི་འདྲ་ཞིག་གོ་མྱོང་། ཕྱི་རོལ་བ། ཆོས་འདི་བ་མ་ཡིན་པ། གཞན་སྡེ། མུ་སྟེགས་པ། དེ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། ། འདི་དག་རེ་རེ་ལ་སྒྲ་བཤད་བདེ་མོ་རེ་མཆིས་ཀྱང་གླེང་ན་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། དེའི་ལྡོག་ཕྱོགས་མིང་དེའི་འོག་ནས་དེ་ག་རང་འབྲེལ་ཏེ་ནང་བའི་ཐ་སྙད་འཇོག ལྟ་བའི་ཆ་ནས། ཕྱི་རོལ་བ་ལ་གཉིས་སུ་འདུ། དེ་ཡང་ཆད་པར་སྨྲ་བ་དང་རྟག་པར་སྨྲ་བའི་ལྟ་བའོ། །ཡིན་ནའང་། ཁྱེད་ཅག་གིས་དཀར་འདོན་བྱེད་སའམ་ལྟ་བ་ལེགས་ཤོས་སུ་མཐོང་སྟེ། ཡི་རངས་དང་ཡིད་ཆེས་དང་དགའ་མོས་འོག་ནས་ཁོའི་རླབས་ཆེ་བའི་ལྟ་བའམ་སྙིང་སྟོབས་ཟེར་བ་ནི། མུ་སྟེགས་པའི་བྱེ་བྲག་གམ་ནང་གསེས་རྒྱང་འཕེན་པའི་བསམ་བློ་རེད། དེའི་ལྟ་བ་དཀར་འདོན་བྱས་དུས་དེ་ལ་ནག་ཉེས་འཛུགས་མཁན་ནམ་དེའི་ཁ་གཏད་ལ་ཉེས་ཆད་ཅིག་ཏན་ཏན་དགོས་པ་རེད། རྒྱུ་མཚན་དེས་ན། བདག་ཅན་གི་སྟོན་པ་དང་ཁོང་གི་རྗེས་འཇུག་ཁག་ཅིག་ལ་རང་བཞིན་གྱི་ཉེས་ཆད་ཅིག་འབབ་པའི་དེ་གང་ཡིན་དྲིས་པ་ཡིན། ཉེས་ཆད་ལབ་ན་ཤོག་སྒོར་མང་བོ་ཞིག་སྟེར་དགོས་པ་དང་མུན་ནག་ལྟའི་བཙོན་ཁང་ཞིག་ཏུ་ངོས་འཛིན་མི་བྱའོ། །སྔོན་མེད་ལེགས་བཤད་གསར་བ་ཞིག་བརྩམས་ནས་བདེན་དྲང་དང་གནས་ལུགས་ཀྱི་སྒོ་ནས་མི་ཡུལ་ལ་སྟོན་དགོས། དེ་མིན་ཁ་གཡང་སྒྲོག་ནས་ཉེས་ཆད་གཅོད་སྲོལ་ཞིག་ད་སྔ་ཡན་ཆད་མཐོང་མྱོང་དང་ཐོས་མྱོང་མེད། འོན་ཀྱང་ཁོ་བོས་མ་མཐོང་བ་ཙམ་གྱིས་མེད་མི་དགོས་ཀྱང་དེ་ལྟ་བུ་ཞིག་ཡོད་དུ་མཆིས་ན་ཡང་རིན་ཐང་མེད་དོ། ། རྒྱང་འཕེན་པའི་ལྟ་བ་གླེང་བ་ལ། རྒྱང་འཕེན་པའི་ལྟ་བ་གོང་དུ་མདོར་བསྡུས་ནས་བཤད་པས་འདིར་བསྐྱར་ཟློས་ལ་ངལ་བ་མི་བྱ་བར་དཀར་འདོན་བྱེད་དགོས་སའམ་ཁོའི་སྙིང་སྟོབས་སམ་ལྟ་བའི་འབྱུང་ཁུངས་གླེང་།

ལྷ་ཡི་བླ་མ་ཞེས་པ་དང་རྒྱང་འཕེན་པ་ཞེས་པ་གཉིས་མིང་ཁ་ཁ་ལས་དོན་གཅིག་གོ ལྷ་ཡི་བླ་མ་ཞེས་པའི་མིང་དེ་ནི་སློབ་དཔོན་གྱི་མིང་ཆ་ནས་བཏགས་པ་དང་། སྔོན་དྲང་སྲོང་ལྷ་ཡི་བླ་མ་ཟེར་བ་དེས་སྐྱེ་བ་སྔ་ཕྱི་མེད་ཅེས་སྲོལ་བཏོད་པ་དང་དེའི་རྗེས་འབྲང་ནི་རྒྱང་འཕེན་པའམ་ལྷ་ཡི་བླ་མ་ཡིན་ནོ། ། དེ་ལྟར་སྲོལ་བཏོད་དགོས་དོན་རང་གཅིག་བུའི་མ་རབས་ཐ་ཤུལ་གྱི་ལས་ཀ་ཞིག་གི་ཕྱིར་ཏུ་མ་གཏོགས་མཐའ་ན་སེམས་ཅན་བརྒྱ་ཕྲག་ཅིག་གི་ཆེད་དུ་མིན།དེའི་ཕ་ཤི་རྗེས་རང་གི་ཨ་མ་དང་བཟའ་ཚང་བྱས་ནས་བསྡད་པར་གཞན་གྱིས་དེ་ནི་ཉེས་པ་ཆེ་བ་དང་སྡིག་པའི་གཞི་མ་ཡིན་པར་བཤད་པ་ལ། ཁོས་དེ་ལྟར་མིན་པར་རྟོག་གེའི་བསྟན་བཅོས་གང་མང་བརྩམས་པ་དང་ཐབས་འདྲ་མིན་སྤྱད་ནས་སྐྱེ་བ་སྔ་ཕྱི་གཏན་མེད་དུ་བསྒྲགས། བཤད་ཚུལ་འདི་ནི་ཨ་ལགས་དུང་དཀར་སོགས་ཀྱི་འདོད་པ་ཡིན་ཡང་ཚིག་ཅི་བཞིན་མིན་པར་བློ་ངོར་ཡོད་པ་ཡིག་ཐོག་ཏུ་བྲིས་ནི་ཡིན། བཤད་ཚུལ་གཞན་ཞིག་ལ། དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཞིག་བྱུང་སྟེ། དེས་རང་གི་བུ་མོ་ལ་འདོད་པ་སྤྱོད་པའི་ཕྱིར་སྐྱེ་བ་སྔ་ཕྱི་མེད་པར་སྨྲས་ཏེ་དགེ་བ་ལ་ཕན་ཡོན་དང་། སྡིག་པ་ལ་ཉེས་དམིགས་མེད་པར་སྟོན་པའི་གཞུང་མང་བོ་བརྩམས། དེའི་རྗེས་འབྲང་ལ་མུ་སྟེགས་རྒྱང་འཕེན་པ་བྱ་བའི་ཤིན་ཏུ་ཐ་ཆད་དེ་བྱུང་ངོ་། འགྲེལ་ཚུལ་གང་གི་དབང་དུ་བྱས་ཀྱང་ཡག་པོ་ཞིག་མེད་པ་དེ་རེད། བཤད་ཚུལ་གཉིས་པ་ནི། ཐུའུ་བཀྭན་སོགས་ཡིན། དེས་ན་དེ་དཀར་འདོན་བྱེད་པར་སྤྲོ་བའི་བོད་ཀྱི་ན་གཞོན་ཚོ་སྙིང་སྟོབས་ཆེ་བ་ལ། ཕྱོགས་གཞན་ཞིག་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ལུང་རིགས་ཀྱིས་གནོད་པ་མ་མཐོང་བའི་ནང་བའི་ལྟ་གྲུབ་ལ། བོད་ཀྱིས་ན་གཞོན་འགའ་རེས་རྒྱང་འཕེན་པའི་སྙིང་སྟོབས་ཟེར་ནས་ཅི་ཙམ་སྒྲོག་ཀྱང་མི་གནོད་པ་ངས་ཧ་གོ་ཡོད། འོན་ཀྱང་། ཕྲན་བོད་པ་ཞིག་ཡིན་པ་དང་ལྷག་པར་གྲྭ་སའི་གྲྭ་བ་ཞིག་ཡིན་པའི་ངོས་ཐད་ནས་སེམས་ཁྲལ་གཅིག་སྐྱེས་པ་ནི། དེང་སང་གི་གྲྭ་ལོག་འགའ་རེ་དང་སློབ་ཆེན་སློབ་མ་ཡིན་ཟེར་བའི་ཀླད་སྟོང་ཁག་ཅིག་གིས་རྒྱང་འཕེན་པ་སོགས་འཇིག་རྟེན་ན་ཐ་ཆད་དུ་གྲགས་པ་དག་གི་བྱ་སྤྱོད་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་པ་འདིས། མ་འོངས་པ་ན་སྟོན་པའི་ལྟ་གྲུབ་དང་བསྟན་པའི་སྙིང་དོན་ལ་མི་གནོད་ཀྱང་། བོད་ཀྱི་མེས་པོ་གོང་མ་ཚོའི་ཡ་རབས་སྤྱོད་བཟང་དེ་བརླག་རྒྱུ་གདོན་མི་ཟའོ།། དཔེར་ན། གོང་དུ་རྒྱང་འཕེན་པའི་སློབ་དཔོན་དེས་བྱ་སྤྱོད་ངན་པ་དེ་བོད་ཀྱི་ན་གཞོན་ཀླད་གསར་ཡིན་ཟེར་མཁན་འགའ་རེས་ཏན་ཏན་དར་ཁྱབ་གཏོང་ངེས་རེད། དེས་ན། དཔྱོད་པའི་མིག་ཟུང་ལྡན་པའི་བོད་རིགས་སྤུན་ཟླ་ཚོ་དང་ལྷག་པར་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་བུ་ཚོ་ལ། ཁོ་བོས་ལམ་སྟོན་ནམ་འུ་ཚང་གི་མེས་པོ་གོང་མ་དག་དང་སྔོན་བྱོན་མཁས་དབང་ཚོས་ཐ་ཤུལ་བའི་བྱ་སྤྱོད་ངན་པ་འདིའི་རིགས་ལ་དགག་བྱ་ནན་མོ་གནང་ཡོད་པས་ཡིག་གཟབ་རོགས་ཞེས་འབོད་སྐུལ་གྱི་ཚུལ་དུ་བྲིས་པ་ཡིན། ཞོར་ནས་བོད་ཀྱི་ན་གཞོན་རྒྱང་འཕེན་པ་སོགས་ཀྱི་ལྟ་བ་ལ་དུང་བ་ཟབ་ཀྱང་ལྟ་བ་ཟ་རྒྱུ་ཞིག་དང་ལྡག་རྒྱུ་ཞིག་ཡིན་མིན་མི་ཤེས་ནི་ཚོ་ལ། ལག་ཟུང་ཐལ་མོ་སྦྱར་ནས་འཇིག་རྟེན་འདིར་མི་འདྲ་བ་ཞིག་ཡོད་ན་དེའི་རྗེས་སུ་འབྲང་རྒྱུ་ཡིན་རབས་མི་ཟེར་རྒྱུ་དང་། མ་འོངས་པ་ན་ཁྱེད་ཅག་གི་ཨ་མ་དང་སྲིང་མོ་སོགས་ཆུང་མ་བླངས་ན་འགྲིག་རབས་ཀྱི་བསྒྲགས་གཏམ་མ་སྤེལ་མ་འབྲི་རོགས། ད་དུང་ཉིན་ཞིག་ལ་ཁྱེད་ཚོས་བདག་ཅག་གི་སྟོན་པ་ཤཱཀྱཱ་ཐུབ་པའི་སྐུ་སྤུན་ལྷའི་བྱིན་ཐེར་འདོན་ནམ་དཀར་འདོན་བྱེད་རྒྱུ་ཟེར་བའི་སྲོལ་འདྲ་བོ་མཐོང་བས།

ཁོ་བོས་སྔོན་ནས་བརྡ་ཞིག་བརྒྱབས་ཏེ་སྐད་ཆ་དེའི་རིགས་ལ་ཡིད་གཏད་དང་ཆ་འཇོག་གང་ཡང་མེད་དེ། སྔོན་བྱོན་མཁས་པ་དང་ལོ་ངོ་སྟོང་ཕྲག་དུ་མར་སོང་ཡང་ལོ་རྒྱུས་ཀྱི་ཡིག་ཚང་ན་འོད་དུ་འཚེར་བའི་ལེགས་བཤད་དག་གིས་དེ་ལོག་ལམ་དུ་བསྟན་ཞེས་སྨྲས་པ་ཡིན། དེར་མ་ཟད་དེང་གི་དུས་སུ་ནུབ་ཕྱོགས་མགོ་སེར་དང་ཤར་ཕྱོགས་རྒྱ་རིགས་མགོ་ནག་ཁག་ཅིག་གིས་ནང་བསྟན་གཞུང་ལུགས་ཀྱི་སྙིང་བཅུད་བསམ་སྟེ་རང་སྲོག་ཚུན་ཆད་འཕངས་མེད་དུ་གཏོང་བཞིན་པའི་དོན་ལ་བསམ་བཞིགས་ཐོངས། དེང་སང་འཛམ་གླིང་གི་རྒྱལ་ཁབ་སྔོན་ཐོན་ནང་གི་ཤེས་ཡོན་པ་དང་རྒྱུ་ཆེན་ཚོས། རླངས་འཁོར་གཏོང་རྒྱུ་དང་གནམ་གྲུའི་ནང་དུ་བསྡད་རྒྱུ། མེ་འཁོར་ནང་དུ་འགྲོ་རྒྱུ་སོགས་ལ་སུན་སྣང་སྐྱེས་ཏེ་འཕྲུལ་རྟའམ་ལྕགས་རྟ་བཞོན་པ་དང་སྦག་སྦག་འཁོར་ལོ་བཏང་བ་བཅས་རེད། ད་དུང་གྲོང་ཁྱེར་ནས་མི་འདུག་པར་གྲོང་གསེབ་ཏུ་སོང་སྟེ་ལྷང་འཇགས་ཀྱི་འཚོ་བ་རོལ་བའི་དུས་སུ་སླེབས་ཡོད། དྲ་རྒྱའི་ནང་གི་ཟིན་བྲིས་མ་དགོས་དྲ་རྒྱའི་ནང་གི་འཇིག་རྟེན་ཡོད་ཚད་ལ་ངེས་པ་རྙེད་ཡོད་པའི་ཚོད་རེད། ལྷག་པར་རྒྱུ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་མེད་ཀྱང་སེམས་ཀྱི་དཀའ་ངལ་སེལ་ཐབས་སུ་ནང་བསྟན་ཆོས་ལུགས་ལ་འབད་བཞིན་པའི་སྒང་རེད། ནང་བསྟན་ཆོས་ལུགས་དར་ཁྱབ་ཆེ་བ་ནི་དེང་གི་དུས་སུ་འཛམ་གླིང་ན་བོད་རེད་ལབ་ན་མི་ཆོག་རྒྱུ་མེད་པའི་སྲོལ་རེད། ལྷག་པར་བོད་ཀྱི་གདན་ས་ཁག་གཙོས་རིས་མེད་ཀྱི་དགོན་སྡེ་དག་རེད། དེ་འདྲའི་ཤར་ནུབ་ཀྱི་མི་རིགས་གཞན་དག་འགུགས་བྱེད་ཀྱི་ལྕགས་ཀྱུ་ལྟ་བུའི་ནང་ཆོས་རིན་པོ་ཆེ་ནི། ད་ལྟའི་དུས་སུ་དགོན་སྡེ་ཁག་གཙོས་མི་རབས་རྒན་པ་ཁག་ཅིག་གི་ལག་ཏུ་ཡོད། དེ་ལྟར་ལབ་ན་་གཞོན་སྐྱེས་ནང་ན་ཁྱོན་ནས་མི་འདུག་ཅེས་པའི་གོ་དོན་ནི་མ་ཡིན་ནོ། །འོན་ཀྱང་མི་རབས་གསར་བ་ཡིན་ཟེར་ནས་འདི་ཚོ་བརླག་རྒྱུ་ལབ་ན་དགོད་རྒྱུ་གཏིང་ནས་ཡོང་གི ནང་ཆོས་ཀྱི་ཁྱད་ཆོས་དེ་དག་ནི་ཁྱེད་ཚོའི་བློ་ངོར་མི་འཕྲོད་ཀྱང་འདི་ནི་དོན་དངོས་ཀྱི་བདེན་པ་ཡིན་པས་གླེང་དགོས་པ་རེད། དེ་འདྲ་ཞིག་གི་སྐབས་སུ་བོད་ཀྱི་ན་གཞོན་ཀླད་གསར་ཡིན་པར་ཁས་འཆེ་བའི་སྐྱ་སེར་འགའ་རེས་རྒྱང་འཕེན་པ་དཀར་འདོན་བྱེད་རྒྱུ་ཟེར་ནས་བགྲོ་གླེང་འཚོགས་པ་དང་། དྲ་རྒྱའི་ནང་དུ་འུར་རྒྱག་པ་སོགས་བྱས་ན་འགྲོ་སྟངས་མེད་པའི་རྟགས་ཤིག་དང་། ལྷག་པར་ཁྱེད་ཚོའི་ཁ་མིག་ཡར་ལྟ་བྱེད་སའི་ནུབ་ཕྱོགས་པ་ཚོ་དང་གོ་ལྡོག་བྱུང་བ་རེད། མཚམས་འདི་ནས་གསལ་བཤད་ཅིག་ལ། ཁོ་བོས་བོད་ཀྱི་སྲོལ་རྒྱུན་ཡོད་ཚད་སྲོག་ལྟར་འཛིན་དགོས་པ་དང་ཡ་མཚན་ཡིན་ཞེས་སྨྲ་འདོད་མེད་དེ་དུས་རྒྱུན་དེའི་རིགས་ལ་སྐྱོན་བརྗོད་བྱས་བས་སོ། ། གཞན་ན་གཞོན་ཚོས་སློབ་སྦྱོང་བྱས་པ་ཡོད་ཚད་ནོར་བ་དང་སློབ་གྲྭར་སོང་བ་འཆུགས་པ་དང་ནང་ཆོས་ཁས་ལེན་དགོས་སོགས་ཀྱི་ལྟ་ཚུལ་ནི་བདག་ལ་གཏན་ནས་མེད་དོ། །

ངས་དེ་རིང་བསམ་འཆར་འདི་བྲིས་ནས་མཇུག་རྫོགས་ལ་ཉེ་དུས་ཡང་བསྐྱར་སྡོམ་ནས་རྡོ་འབུམ་དྲ་ཚིགས་སོགས་སུ་བལྟས་ཀྱང་དེབ་ཧྲིལ་བོ་རྙེད་སོན་མ་བྱུང་། རྗེས་སུ་དེབ་ཧྲིལ་བོ་ཀློག་ན་བསམ་འཆར་མང་བོ་ཡོད་ན་ཐང་། དེ་རིང་གི་འདི་ནི་དེབ་ཀྱི་ཁ་བྱང་དང་ཁོའི་བསམ་བློའི་ཆ་དགག་པ་ལས་དེབ་ཀྱི་ནང་དོན་ཧྲིལ་བོ་དགག་པ་མིན། ངས་ཉིན་ཁ་ཤས་རིང་བསྡད་ན་བོད་ཀྱི་ཟིན་བྲིས་པ་ཚོས་དཔྱད་གཏམ་རེ་བཟང་ངན་ལ་མི་ལྟོས་པར་འབྲི་རྒྱུ་རེད་བསམ་ནས་སྒུག འོན་ཀྱང་། ཐོག་མའི་ཐོག་མདའ་དང་མྱི་ཆེན་གཉིས་ཀྱི་དེ་མ་གཏོགས་ཞོགས་ལྗང་གིས་རང་གི་ཟིན་བྲིས་སུ༼དགོད་བྲོ་བར་བྱེད་པ་ཞིག་དང་ཡ་མཚར་བར་བྱེད་པ་ཞིག་ལ།སུ་དང་གང་ལ་ཡང་དྲི་བ་འདྲི་རྒྱུ་མེད་པར་རྟེན་འབྲེལ་ཁ་ཡག་མ་རེ་འཁྱེར་འོང་འདི་རེད།རེ་བ་ཡིན་ན། རྣམ་པ་ཚོར་གྲོགས་པོ་ཁོང་ལ་འདྲི་འདོད་པའི་སྐད་ཆ་ཅི་ཞིག་ཡོད་པ་ཐད་ཀར་ཞོག་དང་ལན་གདབ་རྒྱུ་རེད།༽་ཅེས་པ་ལྟར་ཁ་གཡང་མ་གཏོགས་མེད་པས་གནས་སྐབས་ཁོ་བོས་དེབ་ཀྱི་ཁ་བྱང་དང་ཁོའི་བསམ་བློའི་ཆ་ལ་གླེང་སློང་བ་ཡིན། དེ་ནི་ང་ལན་སོང་ནི་མིན་པར་ཡུལ་དུས་ཀྱི་བསྐལ་བ་དང་དྲ་གྲོགས་གཞན་དག་གིས་མ་འཇོན་པས་ཡིན། མྱི་ཆེན་གྱིས་བྲིས་པའི་དཔྱད་གཏམ་མདོར་བསྡུས་དེ་དོན་སྙིང་ཡོད་ཁུ། ཀུ་རེ་དང་ལྷན་དུ་ལེགས་ཉེས་ཟུང་འབྲེལ་གླེང་འདུག ཐོག་མདའི་སྐད་ཆ་དང་ཚིག་སྦྱོར་སོགས་ལེགས་ཤིང་སྙན་མོ་འདུག ཐོག་མ་ནས་མཐའ་མ་བར་དུ་ངོ་དགའ་སྦྲེལ་ལད་བྱས་མེད་པར་དེབ་ནང་དུ་ནོར་འཁྲུལ་ཡོད་རབས་དང་ཁྱེད་ཀྱི་བསམ་བློའི་ཆ་ལེགས་སོ་བཟང་ངོ་ཞེས་བྲིས་འདུག གང་ལྟར་མྱི་ཆེན་དང་ཐོག་མདའ་གང་ཡིན་ཡང་ཁོ་བོའི་དྲ་གྲོགས་རྙིང་བ་ཕན་ཚུན་རྒྱུས་ཡོད་འདྲ་བོ་ཡིན། ངའི་ཟིན་བྲིས་ཤིག་ཏུ་དྲ་གྲོགས་དགུ་བོ་གང་ན་ཡོད་ཅེསཔའི་ནང་དུ་ལྟོས་དང་ང་ཚོའི་བརྩེ་བ་ཧ་གོ་ཡོང་། ཡིན་ནའང་། ཐོག་མདའི་དཔྱད་གཏམ་ནང་དུ་༼ཇོ་བོ་ས་རེད། མཇལ་བ་མྱི་རེད༽་ཅེས་པའི་དོན་ལ་དཔྱད་ནས་རྣོ་སྦྲེང་གིས་རྒྱང་འཕེན་ཐེར་འདོན་ནམ་དཀར་འདོན་བྱས་འདུག དེ་མིན་དེབ་ཧྲིལ་བོའི་ནང་དུ་རྒྱང་འཕེན་པ་ཟེར་དགོས་ནི་མ་རེད་ཅེས་པ་གྲོགས་པོས་གོ་བ་མ་ལོན་པ་རང་རེད། དེ་ནི་རྒྱང་འཕེན་པའི་སྙིང་སྟོབས་དང་འབྲེལ་བ་ཁྱོན་ནས་མེད་པའི་གཏམ་དཔེ་ཞིག་རེད།བསམ་ཚུལ་འདི་ནི་བཟང་ས་ཐོག་མདའ་ལ་ཕུལ་ཡིན།

ཨ་ཁུ་མྱི་ཆེན་གྱིས་༼སྤྱིར་ངའི་བསམ་པའི་དྲན་ཚོད་དང་མཐུན་པ་དང་མི་མཐུན་པ་ཙམ་གྱིས་ནི་ན་གཞོན་འདིའི་རྩོམ་ཡིག་གི་རིན་ཐང་སུས་ཀྱང་གཞལ་མི་ཐུབ་མོད། འོན་ཀྱང་རྩོམ་ཡིག་ལ་དཔྱད་བརྗོད་དང་ལྟ་ཚུལ་འདོན་པ་ནི་དཔེ་དེབ་ཀློག་མཁན་ཞིག་གི་ངོས་ནས་བལྟས་ན་འོས་སུ་ཆེ་བར་མཐོང་སྟེ་རྒྱང་འཕེན་པའི་སྙིང་སྟོབས་ལ་ཆེ་བཀུར་གྱིས་ད་ནི་རྒྱང་འཕེན་པ་དཀར་འདོན་གྱི་དུས་རབས་ལ་སླེབས་སོང་ཞེས་པའི་གནམ་གྱིས་མི་ཁེབས་པའི་ཁ་ཕོ་སྒྲོག་པའི་ཨུ་ཚུགས་མཐར་སྐྱེལ་དེའི་ཕག་ནས་ཆེས་རྣོ་ངར་གྱི་རིགས་ཚུལ་ཅི་ཡང་མ་མཐོང་བས་སྐྱོ་བ་དང་སུན་སྣང་གིས་གཙེས་དུས། གློ་བུར་དུ་ང་ལ་དཀོན་མཆོག་མི་དགོས་ཞེས་པའི་ཐན་སྐད་དེས་ཡེར་གྱིས་མཐར་ཆགས་སུ་ཀློག་དགོས་བྱུང་སོང་། ཧོབ་ཀྱིས་བལྟས་ན་ང་ཚོའི་རྨོངས་འཐོམས་པའི་བློ་ངོར་མི་འཚམ་ཞིང་མི་མཛའ་བའི་མྱི་སྐད་རྣལ་མ་ཞིག་འདི་ལྟར་བསྒྲགས་འདུག འུ་ཚོ་མི་རེ་རེ་ནི་དཀོན་མཆོག་རེ་རེ་ཡིན། འུ་ཚོས་འུ་ཚོ་རང་རང་ལ་ཡིད་ཆེས་བྱས་པས་ཆོག དད་པ་བྱས་པས་ཆོག མི་མངོན་པའི་དབྱིངས་ཤིག་དང་ཁ་བཏགས་གྲངས་མེད་ཀྱི་ཕུག་ན་འུ་ཚོ་སྐྱོབ་མཁན་ཏེ་དཀོན་མཆོག་ཟེར་བ་ཞིག་ཡེ་ནས་མེད་དེ་མེད་ཐག་ཆོད་ཡིན། ཞེས་ན་གཞོན་འདིས་བོད་མྱི་སྤྱི་བོ་གནམ་བསྟན་ཡོངས་ལ་ང་རྒྱལ་ཆེན་པོས་གསེག་འདྲུ་བྱས་འདུག༽་དང་། ༼ ན་གཞོན་འདི་ལའང་དེང་རབས་ཀྱི་གཞོན་སྐྱེས་མང་ཆེ་བ་ལྟར་ཆོས་ལུགས་རིག་གནས་ཀྱི་ནང་རྫོངས་ཞིབ་ཀྱིས་མ་མཇལ་བའི་ཞད་གང་སར་ཐོན་ཡོད། ཁག་ཀྱང་མེད་དེ། ཆེད་སྦྱོང་མ་ཡིན་པའི་ལོ་ངོ་རེ་ཟུང་གི་གླེགས་ཐག་བཀྲོལ་བ་དེས་ཅི་ཡང་མི་ནུས་ཤིང་མི་འཇོན་པ་ནི་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་རྨ་མེད་སྐྱོན་བྲལ་དེ་ཡིན་ནོ་ཞེས་ཁོ་བོས་ཀུ་རེ་དང་འབྲེལ་ཏེ་སྨྲ་བར་འདོད་དོ། །
ངས་འདི་ལྟར་གླེང་ཡོང་དུས་ཧོབ་ལྟ་བྱེད་མཁན་དག་གིས་ངེད་ཀྱང་རྒྱང་འཕེན་པའི་སྙིང་སྟོབས་གླེང་མཁན་དག་གི་གྲས་སུ་འཚང་བར་འདོད་ན་ཐང་མོད། དེ་ལ་གསལ་ཁ་ཅི་ཡང་འབྱེད་འདོད་མེད་པར་མ་ཟད། ན་གཞོན་འདིས་བྲིས་པའི་སྤྱི་ཚོགས་རིག་གནས་དགོས་མཁོའི་ཐད་ཀྱི་རེ་འབོད་ཀྱི་གླུ་སྐད་དག་ལ་སེམས་གཏིང་ནས་དགའ་བསུ་དང་ཆེ་མཐོང་ཡོད་ལ།༽་མྱི་ཆེན་གྱི་ཚིག་འདི་དག་ནི་ད་ཐེངས་ཀྱི་ངའི་ཟིན་བྲིས་འདི་འབྲི་དུས་རམ་འདེམས་ལྟ་བུའིཡིག་ཆ་ཡིན་པས་འདིར་དྲངས་པ་ཡིན།

ཞོགས་ལྗང་གི་ཟིན་བྲིས་ ༼ རྣོ་སྦྲེང་གིས་ཁྱོད་ཚོའི་དྲི་བར་སྒུག་འདུག༽་ཅེེས་པ་ལ་གཞིག་ནས་ཀྱང་འབྲི་འདོད་བྱུང་བ་ཡིན།

མདོར་ན། མྱི་ཐོག་ཞོགས་གསུམ་གྱི་ཟིན་བྲིས་ནི། ད་ཐེངས་ཀྱི་ཟིན་བྲིས་འདི་འབྲི་དུས་ཟུར་ལྟ་བྱེད་ས་ཡིན། སྤྱིར་བཏང་ཁོ་བོ་ནི་ནང་ཆོས་ཆེད་སྦྱངས་ལྟ་བུ་བྱས་པ་ལས་ཐ་སྙད་རིག་གནས་དང་བརྡ་འཕྲིན་འཕྲུལ་ཆས་ལ་བྱང་ཆ་མེད་པས།་ནོར་འཆུགས་གང་མང་ཡོད་པར་གདོན་མི་ཟ། རྒྱུ་མཚན་དེས་ན། དགོངས་འཆར་ལྷུག་བརྗོད་གནང་ཚེ་དགོངས་དག་ཞུ་རྒྱུ་ནི་སྒོར་མོ་གཅིག་སྟེར་རྒྱུའི་འདུ་ཤེས་ལས་མེད། ངས་འདི་ལྟར་འབྲི་དོན་ནི་མི་རིགས་ཤིག་གི་བདེ་སྡུག་བསམ་ཁུལ་དང་རང་ཉིད་་གྲྭ་བ་ཞིག་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་སུ་ནང་ཆོས་ཀྱི་མཚན་ཉིད་རྐྱང་བ་ལ་འབད་པའི་གདན་སའི་གྲྭ་བ་ཞིག་གི་འགན་འཁྲི་བསམ་པ་ལས། རྣོ་སྦྲེང་ཡར་ལ་ལངས་རྒྱུ་མེད་པ་བཟོ་བསམ་པ་དང་ཁོ་འབུར་འཇོམས་བྱེད་འདོད་ནི་མིན་ནོ།། འདི་ལྟར་གླེང་ན་རང་གཞན་གཉིས་ལ་ཕན་ས་རེ་ཏན་ཏན་ཡོད་རེད་སྙམ་པའི་ཀུན་སློང་བཟང་བོ་ཅན་ནི། སྙན་ངག་ལ་དུང་ཞེན་ལས་མེད་པ་དང་ནང་ཆོས་ཀྱི་ཐད་ནས་ཅུང་ཙམ་སྣང་བ་མཐོ་བའི་ཨ་རིག་དགེ་མཐོང་ངོ་།

How to Become a Fashion Buyer
VIDEO PORNO XXX Named after

A New Name for Embroidery Designer Wear
Prom Dresses May you choose what you want

How to Land a Fashion Internship
PORNO My surgical report reads just fine

General Description of Research Work
Free Games This is a shame

How to Actually Close a Short Sale
Kostenlose Pornos von Use medical tape or shave first

Abercrombie And Fitch Outlet Shelves Trendy Products
free xxx No one tells a Viking what to do

line of watches on sale
Tube XXX creation and inspiration

LV Robusto 1 Compartiment Nomade Leather Bag
Darmowe Porno incorrect to tomboys
བསྟོད།5

抱歉,评论已关闭!