རྒྱང་འཕེན་པའི་སྙིང་སྟོབས་བཀླགས་པའི་མྱོང་ཚོར།

གཉུག

དཀོན་མཆོག་ཅེས་པ་འདིའི་གོ་དོན་ལ་ཚི་དྲེག་ཆགས་པ་འམ་གོ་བ་ནོག་ནོག་ཡིན་པའི་བོད་པ་གཞོན་རབས་ཅིག་གི་གཡམ་རྒྱུག་རྐྱང་བ་དང་རང་ཉིད་ཆེ་བར་བཟོ་བའི་རྨང་གཞིའི་བསམ་བློའི་སྒྲོམ་གཞི་ཆག་རོ་ཞིག་སྟེ་“རྒྱང་འཕེན་པའི་སྙིང་སྟོབས”ཞེས་པའི་དེབ་ཅིག་ལག་སོན་བྱུང་བ་དང་དེ་ག་བམ་ཀློག་ཐེངས་གཅིག་བྱས་པའི་མྱོང་ཚོར་འགའ་ཐད་གར་ཡི་གེ་འགའི་གཟུགས་སུ་དཔེ་ཀློག་གི་དོན་འབྲས་སུ་ཕབས་ཙ་ན། རྒྱུན་པར་ངོས་རང་དཔེ་ཁང་དང་དྲ་ལམ་དག་དུ་ཉུལ་བར་སྤྲོ་བོ་ཙམ་ཆགས་ཡོད་པའི་ཕྱིར་ན་དེ་རིང་ཡང་དེ་ལས་མ་འདས། ཉིན་འགའི་སྔོན་ལ་དྲ་ལམ་དག་ནས་མི་རབས་གསར་བའི་དྲ་དེབ་གཉིས་ཀྱི་རྩོམ་སྒྲིག་པ་རྣོ་སྦྲེང་ལགས་ཀྱིས་དེ་འདྲེའི་བྲིས་དེབ་ཅིག་ཕུད་ཡོད་པར་སྐད་པས་དེ་རིང་དངོས་སུ་མཐོང་དུས་གནམ་ལ་འབྱར་བའི་རིན་གོང་དེར་མ་བལྟས་པར་ཉོས་ཡོང་བ་ཡིན། གནམ་དུ་བདོག་པའི་རིན་གོང་འདི་ཁོ་བོར་མཚོན་ན་ཅི་འདྲའི་དཀའ་ལས་ཆེ་བ་ཞིག་རེད་འང་། དཔེ་དེབ་ཀྱི་རིན་གོང་མཐོན་པོར་བྱེད་པ་ནི་དེབ་འཕུད་མཁན་གྱི་བདག་པོ་དག་ལ་འགོས་པའི་མ་རྩ་རང་ལུགས་ཀྱི་དྲི་མ་ཞིག་རེད་ཅེས་ངས་སྔོན་ནས་གླེང་གི་ཡོད། རྒྱུ་མཚན་ང་ཚོའི་སེམས་ནང་དུ་གསལ་ཁྲིག་སེ་ཡིན་ཏེ། དོན་དངོས་ཐོག་རྒྱུ་སྤུས་འདི་ལྟ་བུའི་དཔེ་དེབ་ཅིིག་ལ་མ་དངུལ་ག་འདྲ་འགྲོ་ཡི་ཡོད་པ་དེ་རེད། འགན་ཁྲི་འགན་ཁྲི་ཞེས་བརྗོད་བརྗོད་ནས་དོན་དངོས་ཀྱི་འགན་ཁྲི་ཞིག་དང་རྒྱང་ཡིབ་མཛད་པའི་རྣམ་པའང་མ་རེད་དམ། ཡིན་ཡང་ཟུར་ངོས་གཞན་ཞིག་ནས་བལྟས་ན་དཔེ་དེབ་ཀྱི་རིན་གོང་འདི་འདང་རྒྱག་རྒྱུ་མེད་པ་ཞིག་ཀྱང་མ་རེད། འོ་ང་ཉོག་སོང་ཟིག་ད་དངོས་གཞིར་འབབ་རྩིས་བྱས་ན། རྣོ་སྦྲེང་ནི་ན་གཞོན་གསར་བའི་དྲ་དེབ་གཉིས་ཀྱི་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་ལས་རིགས་སུ་གོམ་པ་སྤོ་བཞིན་པའི་ན་གཞོན་ཞིག་རེད། ལྷག་དོན་ཁོ་ནི་སྐྱ་བོ་ནས་གྲྭ་བ་གྲྭ་བ་ནས་སྐྱ་བོ་བཅས་སུ་རིམ་འགྱུར་བྱུང་བ་ཞིག་ཡིན་རྐྱེན་ཁོས་བྲིས་རྩོམ་རིགས་ལ་ཅུང་གནས་ལུགས་སམ་བསམ་བློ་གཏོང་ཡུལ་འདུག་རྒྱུ་རེད་སྙམ་པ་ནི་ང་རང་ལ་ཡོད་མྱོང་བའི་སེམས་ཚོར་རགས་ཙམ་ཞིག་ཡིན། ང་ནི་ལྟོས་འཇོག་གིས་བཤད་ན་ལས་རིགས་དུ་མ་ཞིག་ཏུ་འོབ་འཛུལ་བྱེད་མྱོང་ཞིང་རྟེན་འབྲེལ་དང་རྒྱུ་འབྲས་སོགས་ལ་དད་པ་ཡོད་པའི་བོད་ཀྱི“ན་གཞོན་གསར་བ”ཞིག་ཡིན་པ་དང་། དེའི་ཆ་ནས་དེ་རིང་ཡང་བྲིས་རྩོམ་འདིར་མིག་ཟུང་ཙམ་ཕྱོགས་པའང་ཡིན་སྲིད་རྒྱུ་རེད། རྩོམ་ཡིག་སྤྱིའི་ངོས་ནས་ཕར་བལྟས་ཚོད་ལ་ནུབ་ཕྱོགས་པའི་རིག་པ་སྨྲ་བ་འགའི་སེམས་པའི་ཟབ་སར་གྱི་རྩོམ་ཡིག་དག་གིས་བསླངས་བ་འདྲ་འདུག་ལ “དཀོན་མཆོག་ཤི་སོང་བ་རེད”ཅེས་པའི་ནུབ་ཕྱོགས་རིག་གསར་རྩོམ་ཡིག་གྲགས་ཆེན་བཅས་ཀྱིས་བདག་རྐྱེན་བྱས་པ་ནི་གོར་མ་ཆག དེབ་ཆུང་དེའི་སྐར་ཆགས་དག་རགས་རིམ་ཞིག་བཀླགས་རྗེས་དངོས་གཞིའི་རྩོམ་གཞུང་དུ་འགྲོ་དུས། ཐོག་མར“རྒྱང་འཕེན་པའི་སྙིང་སྟོབས”ཟེར་བའི་རྩོམ་ཚན་དེའི་མཚན་བྱང་དང་“དུས་ད་ལྟ་ཁོ་བོས་རྒྱང་འཕེན་པ་དཀར་འདོན་བྱ་རྒྱུ་ཡིན”ཞེས་པའི་ཚིག་ཐག་ཆོད་པོའི་ངག་དུམ་ཞིག་མིག་འདུན་དུ་བསྟར་ཡོང་ལ་རིམ་གྱིས་དངོས་གཞིའི་འདོད་པ་ཀ་མད་ཀྱི་རོལ་མོར་བརྒྱུས་པ་དག་མིག་ལམ་དུ་སྣང་ཡོང་། ཤོག་གྲངས་བརྒྱད་ཙམ་གྱིས་ཐོག་མའི་རྩོམ་ཡིག་གཉི་ག་འཐུས་བར་བྱས་འདུག་ལ། འདི་གཉིས་སུ་ཁོ་བོས་ཞིབ་མོའི་རིག་པ་དང་དྲང་བོའི་བློ་མིག་གིས་འཐག་གྱུར་ན་དཔྱད་པའི་ཟོལ་མེད་ལ་དེ་བས་ཀྱང་གང་ཞིག་དགག་སྒྲུབ་ཀྱི་གནས་གཏན་ནས་མཐོང་རྒྱུ་མི་འདུག ཡིན་དེ“རྒྱང་འཕེན་པའི་སྙིང་སྟོབས”སླར་གསོ་དགོས་ཚུལ་དང་ད་ལྟ་ཁོས་ཁོ་ཅག་དཀར་འདོན་བྱེད་རྒྱུ་ཡིན་རབ་དང་དེ་དག་གི་མགོར་སེར་མོ་བས་ཞྭ་མོ་བསྐོན་ཡོད་རབ་དེ་དག་གཡུག་དགོས་རབ་སོགས་ནས་དཀོན་མཆོག་ཟེར་བ་ཞིག་ཡེ་ནས་མེད་དེ་མེད་ཐག་ཆོད་རེད་ཅེས་ལ་སོགས་པའི་ཚིག་གྲུབ་ནང་འགལ་ཅན་འགའ་མ་གཏོགས། གཞལ་བྱ་གཉིས་ཕྱིར་གྱི་ཚད་མ་གཉིས་དེའི་རིག་པའི་རྣོ་ཁ་ནས་བདེན་པའི་འོད་ཐིག་ཅིག་འཚོལ་དཔྱོད་དང་རྟོག་གེ་སྡེ་དྲུག་གི་མས་མཐའི་རྒྱང་འཕེན་པའི་གཞལ་བྱ་གཅིག་དང་ཚད་མ་གཅིག་གི་རིག་གཞུང་ལ་སྣོན་པ་དང་རོགས་འདེགས་བྱེད་ཐུབ་མེད་ནོ། བྱེད་ཤེས་མེད་ནོ། རིག་པ་སོར་གནས་ཀྱི་སྐྱེས་བུ་ཞིག་ཡིན་ན་རྟོགས་སླ་བོ་རེད་འང་། འདི་ནས་དམངས་ཁྲོད་དུ་གྲགས་པའི་གཏམ་དཔེ་ཞིག་ངའི་ཡིད་ངོས་སུ་ལྷང་ངེར་དྲན་ཡོང་ལ་དེ་ནི“བསྟོད་མི་ཤེས་ནི་ཟིག་གིས་བསྟོད་རག་འ། སྨད་མི་ཤེས་ནི་ཟིག་གིས་སྨད་ནས་དགའ”ཞེས་པ་དེ་རེད། ད་དུང་ཁོས་ཐུབ་བསྟན་པས་སྐྱེ་བ་སྔ་ཕྱིའི་སྒྲུབ་བྱེད་དུ“མ་མཐོང་ཕྱིར་ན་མེད་པ་མིན”གྱི་རིག་པ་དང་“དུ་བའི་རྟགས་ལ་བརྟེན་ནས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ” པའི་རིག་པ་དང་ཐ་སྙད་ཀྱི་རིག་འཕྲུལ་བསྡུས་གྲྭའི་རིག་འཕྲུལ་བཅས་ཀྱིས་སྒྲུབ་གི་ཡོད་རབ་ཙམ་ལས་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་གྱི་སྒྲུབ་བྱེད་རྔུལ་ཆུའི་ཏིག་པ་ལྟ་བུ་རྣམས་མ་ཤེས་པས་ཡིན་ནམ་གཞན་དུ་བསྐྱུར་ཏེ་སྒྲུབ་བྱེད་ཡང་དག་གི་ཟུར་བཅད་ལུང་ཚིག་འགའ་ཅི་ཞིག་ཤེས་མདོག་གི་ལྟ་ཡིས་བཀོད་འདུག གཞན་ལུགས་ཀྱི་སྒྲུབ་བྱེད་འགོད་ན་ཡང་དག་གམ་མ་གཏུབ་པའི་སྒོ་ནས་འགོད་ན་ལེགས་པོ་རེད་མ་གཏོགས། འགོ་ནས་གཅིག་བཏོག་མཇུག་ནས་གཅིག་བཅད་དེ་གླེང་ན་མགོ་གཡོག་མགོ་སྐོར་གྱི་ལས་ཤིག་གམ་མཁས་རྟགས་སྟོན་ས་ནས་གླེན་རྟགས་མངོན་དུ་བྱས་པ་རང་མ་ཡིན་ནམ། དགོས་པ་མི་སྣང་བ་ཞིག་ལ་ཐུབ་བསྟན་པས་འདི་ཟེར་གྱི་ཡོད་ནི་རེད་ཅེས་ཏེ་ཚིག་གྲུབ་འགའ་རང་བཟོ་དང་ཟེར་སྒྲོས་ལོག་སྦྱོར་གྱི་བགྱི་བ་ལྷུར་དུ་བླངས་ནས་རང་གི་རིགས་མཐུན་དག་ལ་བཤད་ཁུལ་འདྲ་བོ་དེ་རེད། ནང་བསྟན་གཞུང་ལུགས་ཀྱི་རྨང་གཞིའི་ཤེས་བྱ་རགས་ཙམ་ཡང་བརྟན་ཆགས་སུ་མེད་པའི་ཁོའི་རིགས་མཐུན་དག་གིས། སྐབས་འདིར“རེད་ཡ་དེ་རེད་ཅེས” བདེན་ཁ་སྦྱིན་ནི་རེད། འདིའི་མིང་ལ་ངས“ལོག་པའི་རིགས་མཐུན་གྱི་མཐུན་ཐབས་སྨྲ་བ”ཟེར་གྱི་ཡོད། དོན་དངོས་ཐོག་འདི་ནི་སེམས་གསོ་བྱེད་པ་ཙམ་དང་ཉི་མ་འཁྱོང་ཐབས་ཙམ་ལས་གཏན་ཚིག་གི་སྦྱོར་བ་དང་བསྲེགས་བཅད་བརྡར་གསུམ་གྱི་བགྱི་བ་ཅི་ཡང་མེད་པར་ལོག་པའི་མུན་འོབ་དེར་ཕྱོགས་གཅིག་ཏུ་འདུས་ཚུལ་རང་རེད་ཅེས་ཁོ་བོས་སྨྲ། གཞན“རྗེས་དཔག་གི་ཚད་མའི་ཐ་སྙད་ཙམ་ཡང་མི་འདོད་ན་ཡང་རྗེས་དཔག་གི་རིག་པ་མི་འདོད་པའི་ངེས་པ་མེད”ཅེས་རང་གིས་རང་ལ་འཁོར་ལོ་འདྲེན་མོ་ཞིག་བཟོས་འདུག་པ་དང་།“མི་མངོན་པའི་དབྱིངས་ཤིག་དང་ཁ་བཏགས་གྲངས་མེད་ཀྱི་ཕུག་ན་འུ་ཚོ་སྐྱོབ་མཁན་ཏེ་དཀོན་མཆོག་ཟེར་བ་ཞིག་ཡེ་ནས་མེད་དེ་མེད་ཐག་ཆོད་ཡིན”ཞེས་མཐའ་བཅད་ཀྱི་སྐད་ཆ་ཞིག་དང་རྩོམ་ཡིག་གོང་མར“སྐྱེ་བ་སྔ་ཕྱི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་”ཞེས་ཏེ་སོམ་ཉི་དང་ཐེ་ཚོམ་གྱི་གཡའ་མ་དག་པའི་སྐད་དུམ་ཞིག་དང་“ང་ལ་མཚོན་ན་ལྐོག་ཏུ་གྱུར་ཞིང་”ཞེས་སོགས་ནང་ཕན་ཚུན་དབར་འགལ་བའི་འཁོར་ལོ་རྒྱུན་མར་འཁོར་འདུག་པ་མང་དུ་སྣང་ཡང་ཡི་གེ་རྫོབ་ཏུ་དོགས་ནས་འདིར་མ་བྲིས་སོ།། ལར་གཅིག་གཅིག་གཉིས་གཉིས་བྱས་ནས་ཁོའི་ལྟ་ཚུལ་དང་ངའི་འདོད་པ་སོགས་གླེང་གི་ཡང་མེད། རྒྱུ་མཚན་དགོས་པ་མེད་པས་སོ།། སྐྱེ་བ་སྔ་ཕྱི་ཡོད་ན་དཀོན་མཆོག་རང་ཤུགས་ཀྱིས་ཡོད་པར་གྲུབ་དགོས་ཏེ་དངོས་པོའི་ཆོས་ཉིད་དམ་བདེན་པའིེ་མཚན་ཉིད་དེས་གྲུབ་པར་བྱས་ཡོད། གཅིག་ཏུ་ཁེས་ངེས་པར་ལེན་འགྱུར་གྱི་མཚན་ཉིད་ཀྱི་རྣམ་བཞག་དེས་གྲུབ་པར་བྱས་ཡོད་འང་། སྐྱེ་བ་སྔ་ཕྱི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་ན་དཀོན་མཆོག་ཀྱང་དེ་བཞིན་དུ་ཡིན་དགོས། དགོས་ཏེ་རྒྱུ་མཚན་གཏན་ཚིག་གིས་སོར་འཇུག་བྱས་ཡོད། གཞན་ལྐོག་གྱུར་ཡིན་ན་དེ་ཡོད་དགོས་པ་ཡང་ཆོས་ཉིད་ཀྱི་བདེན་པ་རེད། འདི་ནི་མཚན་ཉིད་རིག་པའི་ལམ་ནས་རྩོད་མེད་དུ་སོང་བ་ཞིག་ཀྱང་ཡིན།“དཀོན་མཆོག་སྟོང་བ་ཉིད་དོ”ཞེས་ཁས་ལེན་དོན་སྟེང་ནས་ཤོར་བའི་སྡོམ་ཚིག་གི་འགུལ་རིས་ཤིག་བཟོ་སྒྲུབ་གནང་ཡོད་པ་དང་། དེས་རང་གི་ཐུབ་བསྟན་ཤེས་རྟོགས་གསལ་བོ་རྗེན་པོར་ངེད་ཅག་གི་མིག་ལམ་དུ་བསྟར་ཡོད་དོ།། དཀོན་མཆོག་ནི་སྟོང་བ་ཉིད་དོ་ཞེས་པ་དེ་ཅི་འདྲའི་ངའི་སེམས་ལ་འགྲིག་འགྲིག་འཕྲོད་འཕྲོད་ཅིག་རེད་འང་། ད་འཐུས་བར་བྱ། ཉག་ཉོག་འདི་དག་ཀྱང་རྩོམ་ཡིག་དེ་གཉིས་ཁོ་ན་ལས་འཕྲོས་པ་མ་གཏོགས་གཞན་དག་དང་འབྲེལ་བ་མེད་དོ།། འགྲེལ་བརྗོད། རྩོམ་ཡིག་འདི་ནི་ཁོ་བོ་རང་གི་དཔེ་ཀློག་ཟིན་བྲིས་སམ་རང་གི་ལྟ་སྟངས་ཤིག་ཡིན་པ་ལས་གཞན་དགག་སྒྲུབ་གང་གི་ཁུངས་སུ་ཡང་མི་འདུ། “རྒྱང་འཕེན་པའི་སྙིང་སྟོབས”དང་“ང་ལ་དཀོན་མཆོག་མི་དགོས”ཞེས་པའི་བྲིས་རྩོམ་འདི་གཉིས་ལ་དངོས་གནས་དྲང་གནས་ཀྱིས་དགག་སྒྲུབ་ཅི་ཡང་མི་དགོས་པ་འདྲ་སྟེ་དགོས་པའི་རྒྱུ་མཚན་གཏན་ནས་མེད་པ་ཞིག་ཏུ་གུས་པས་སྙམ་མོ།། ཞེས་གཉུག་ཏུ་འབོད་པས་རང་ཤག་ནས་ཤར་མར་བྲིས་སོ།།

2011 1 17ཉིན།

The Way to Find a Terrorific Halloween Costume This Season
PORNO How to Donate Clothing in Michigan

What Makes Good Sheer Lingerie Models
Bridesmaid Dresses When you wear your tshirt and it looks like this

Do You Hate Paying High Taxes
VIDEOS PORNO which is similar to what Joe's is running

What to Wear With Leggings
Download Free Games again always be careful with too tight

Turn on the misting fans to fight the heat
Kostenlose Pornos von how to decorate while you are hefty tiny

How To Build Retaining Walls With Natural Stone
Pornofilme If you aren't sample size and you aren't Beyonce or Nicole Kidman

Shopping List on the Bag of 8 Classic
PORNO XXX Back in the old days

Types of Fashion Trends For Women Clothing Styles
Free Porno Wife The side effect is the brand dilution
བསྟོད།6

抱歉,评论已关闭!